མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་རྣམ་གསུམ་ཕྱོཊ་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་བོད་མིའི་སྒྲིག་འཛུཊ་ཀྱི་ཕྱི་དྲིལ་དང་བདེ་སྲུང་། ཆོས་རིག་བཀའ་བློན་བཅས་ཀྱིས་ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ ༡༠ ནང་སྐུའི་འཁྲུངས་སྐར་དུས་ཆེན་ལ་མཉམ་ཞུཊ་གནང་རྒྱུ་རེད།

 དབུས་བོད་མིའི་སྒྲིག་འཛུཊ་བཀའ་ཤག་གི་བཀོད་ཁྱབ་ལྟར། ད་ལོར་༸གོང་ས་མཆོག་བོད་ལུཊ་ཀྱི་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་ཚོས། ༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོཊ་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་དང་། དབྱིན་ཡུལ་གྲཊ་ཅན་ཊེམ་པིལ་ཊེན་ཆེ་བསྟོད་གཟེངས་རྟཊ་དགྱེས་བཞེས་མཛད་པར་དགའ་སྟོན་རྟེན་འབྲེལ་མཚོན་ཆེད། འདི་ལོའི་སྐུའི་འཁྲུངས་སྐར་སྐབས་ལོ་སྔོན་མ་དང་མ་འདྲ་བར་དུས་དྲན་གཟབ་རྒྱས་ཤིག་སྲུང་གཙི་ཞུ་འཆར་ཡོད་པ་ལྟར། ཐེངས་འདིའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ། བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཐའེ་ཝན་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་སུ་སྐུའི་འཁྲུངས་སྐར་ལ་མཉམ་ཞུཊ་དང་། གྲོས་ཚོཊ་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བར་མཇལ་འཕྲད་དང་། བདེ་སྲུང་བཀའ་བློན་འབྲོམ་ཆུང་དངོས་གྲུབ་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་དང་ཧྥ་རན་སི། ཧོ་ལན་ཊི། སི་ཕན་བཅས་སུ་འཁྲུངས་སྐར་ལ་མཉམ་ཞུཊ་དང་གྲོས་ཚོཊ་འཐུས་མིར་མཇལ་འཕྲད། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་སིད་སིོ་དང་ཨི་ཊ་ལི། འཇར་མན། ཨོ་སི་ཊི་རི་ཡ་བཅས་སུ་འཁྲུངས་སྐར་ལ་མཉམ་ཞུཊ་དང་། གྲོས་ཚོཊ་འཐུས་མི་དང་གནད་ཡོད་མི་སྣར་མཇལ་འཕྲད་བཅས་གནང་རྒྱུ་ཡིན་འདུག

ཐེངས་འདིའི་བཀའ་བློན་རྣམ་པ་གསུམ་གྱི་ཕྱོགས་སྐྱོད་སྐབས་ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་མང་ཚོགས་ལ་དམིགས་བསལ་གཏམ་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 16

  1. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    གནས་འདི་ལྟ་བུ་ཞིག་ནས་སྐད་ཆ་གང་ཞིག་བཤད་ན་ཡང་འགན་ཁུར་དང་དཔྱོད་ཤེས་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེན་རེད།
    མི་རིགས་ཀྱི་རྩ་དོན་ཆེད་དུ་གཅེས་སྲོག་ཕུལ་ཞིང་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་དག་གི་བཀའ་དྲིན་དང་མཛད་རྗེས་འགོ་བཀའ་བློན་ནས་འོག་མི་སེལ་བར་སུས་ཀྱང་བརྗེད་མེད་ལ་བརྗེད་ཀྱང་མི་རུང་བ་ཞིག་རེད།
    ཁོང་ཚོའི་རེ་བཞག་དང་མངོན་འདོད། ཁ་ཆེམས་དག་ནི་ཤུལ་ལུས་བོད་མི་རྒན་དར་གཞོན་གསུམ་གྱིས་བདེན་མཐའ་མ་གསལ་བར་དུ་ཉི་མ་རེ་རེ་བཞིན་རྒྱུན་སྐྱོང་བྱ་དགོས་པ་ལས། ཉི་མ་དང་ཟླ་བའམ། ཡང་ན་ལོ་གཅིག་གཉིས་ཀྱི་དུས་ཙམ་མ་རེད། དེས་སྟབས་ཀྱིས་ཁོང་ཚོར་རྗེས་དྲན་དང་མྱ་ངན་ཞུ་ལོས་ཀྱང་དགོས། མ་ཟད་འཁྲུངས་སྐར་ཉིན་ཡང་ཞུས་ན་ཅེས་མི་ཆོག
    འོན་ཀྱང་བཀའ་དྲན་ལ་བསམ་ཤེས་དང་། བླ་སློབ་ཀྱི་དམ་ཚིགས། སྐྱེས་མཆོག་ལ་གུས་བཀུར། མི་རིགས་ཀྱི་ཤ་ཞེན་བཅས་བསམ་བློ་རྣལ་མ་ཞིག་ཡོད་མཁན་ཞིག་ཡིན་ཚེ། ༸གོང་ས་མཆོག་ལྟ་བུའི་སྐྱེས་མཆོག་ཤིག་ང་ཚོ་བོད་ཀྱི་རིགས་རུས་སུ་འཁྲུངས་ཤིང་། རང་ཉིད་ཀྱི་མི་རིགས་དང་འགྲོ་བ་སྤྱིའི་བདེ་སྡུག་ཆེད་དུ་ཆུང་བྱིས་པ་ནས་ད་ལྟའི་དགུང་ལོ་བདུན་ཅུ་དོན་བརྒྱད་པར་དུ་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པའི་ས་སྟེང་གོ་ལ་འདིའི་རླབས་པོ་ཆེའི་མི་སྣ་འདི་ལྟ་བུའི་འཁྲུངས་སྐར་གྱི་དུས་སྟོན་ལ་དགའ་སྤྲོའི་རྣམ་པ་མི་སྤེལ་ན། མི་རིགས་དེ་ཕྱི་ཐག་མེད་པ་དང་གུས་བཀུར་མེད་ཅིང་ལེགས་ཉེས་ཀྱི་དབྱེ་འབྱེད་མི་ཤེས་མཁན་གྱི་མི་རིགས་ཤིག་ཏུ་གྱུར་བ་མ་ཡིན་ནམ། ༼ ངས་གོང་དུ་བཤད་པ་དེ་ཡང་བླ་མ་དང་ཆོས་ཀྱི་འདུ་ཤེས་ཡོད་མེད་ཐུན་མོངས་ཀྱི་དབང་དུ་བྱས་པ་ཡིན། ༽དེས་ན་དེ་ལྟ་བུའི་དུས་དྲན་ནི་ཟླ་བ་བཅུ་གཉིས་སམ་ལོ་གཅིག་གི་ནང་ལ་ལན་གཅིག་ཙམ་རེད།
    མ་ཟད་ཁྱེད་ཅག་མཆན་འདེབས་པ་འགའ་རེས་སེམས་ཤུགས་ཆེ་མདོག་གིས་མོས་མཐུན་མེད་པ་དང་ངོ་རྒོལ་ཡོད་པའི་དགྲ་དགའ་གཉན་སྡུག་གི་སྐད་ཆའི་ཁ་གཡར་སའི་འདས་ཟིན་པའི་དཔག་བོ་ཕོ་མོ་དག་ནི་༸མགོན་པོ་གང་ལ་དད་གུས་དང་བླ་སློབ་ཀྱི་དམ་ཚིགས་འགྱུར་མེད་མངའ་བས་དུས་སྟོན་འདི་ལྟ་བུ་ཞིག་རོལ་རྒྱུ་ཡོད་པ། མི་རིགས་འདི་དང་ཡུལ་ཁམས་འདིའི་གཟི་བརྗིད་ཞིག་ཏུ་བརྩི་བར་གདོན་མི་ཟའོ།

    Reply
  2. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    གྲོགས་པ་དག་ལ་ཞུ་རྒྱུར༎
    སྐུའི་འཁྲུངས་སྐར་དུས་ཆེན་ཐོག་དགའ་སྟོན་རྟེན་འབྲེལ་སྐོར་རྩོད་པ་དང་རྙོག་གཏམ་དེ་འདྲ་སྤེལ་དགོས་དོན་མི་འདུག་།
    རྣམ་པ་ལྷན་རྒྱས་ལ་བོད་དོན་ལ་དུང་སེམས་དང་ལ་རྒྱ།་འགན་ཁུར་གྱི་བསམ་བློ་རེ་ཡོད་ན། མཁས་དབང་འཇམ་དབྱངས་ནོར་བུའི་བཀའ་ལན་རྣམས་དང་ཁོང་གི་ཆབ་སྲིད་ལྟ་ཚུལ་ལ་གཞི་བཅོལ་ནས་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་མཐོང་། གང་ལགས་ཞུ་ན་ཁོང་ནི་རང་བཙན་འཐབ་རྩོད་པ་ཞིག་དང་བོད་མིའི་ནང་
    ནས་མཁས་པ་ཞིག་ཀྱང་རེད། བགྲོ་གླེང་གནང་དགོས་ས་དེར་མི་གནང་བར་མི་དགོས་ས་དེར་འཆལ་གཏམ་འདྲ་བྲིས་དུས་ཚོད་དོན་མེད་དུས་བཏང་ནས་དགོས་པ་ཡེ་ནས་མ་མཐོང༌༎

    Reply
  3. ནད་པ says:
    ལོ་ 13 སྔོན།

    ༸ བོད་མིའི་བླ་ན་མེད་པའི་སྤྱི་ནོར་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྐར་སྲུང་རྩི་ཟབ་རྒྱས་ཞུ་དགོས་པ་དེ་ནི་གལ་ཆེན་པོ་ཞིག་རེད། ཡིན་ནའང་སྤྱི་ལོ་བརྒྱད་ནས་བཟུང་ད་བར་སྔ་ཕྱིར་རྒྱལ་གཅེས་དཔའ་བོ་དཔའ་མོ་༤༢ ཙམ་གྱིས་བོད་མི་རིགས་དང་། རྒྱལ་ཁབ། རང་དབང་། ཐོབ་ཐང་ལྷག་པར་དུ་༸ གོང་ས་མཆོག་བོད་དུ་ཕྱིར་ལོག་ཐུབ་པའི་སླད་དུ་རང་དབང་འཐར་རྩོད་ཁྲོད་རང་གི་གཅེས་པའི་ལུས་སྲོག་ཀྱང་དོར་ཡོད།

    འདི་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་སྐུའི་འཁྲུངས་སྐར་ཉིན་སྔར་སྲོལ་གྱི་ཆོས་ལུགས་བྱེད་སྒོ་དང་། བསང་གསོལ། རླུང་རྟ། ཚེ་སྒྲུབ། སྨོན་ལམ་སོགས་ངེས་པར་གཞི་རྒྱ་ཆེ་བ་ཞིག་གནང་དགོས་ངེས་རེད།

    ཡིན་ནའང་འདི་ནས་གླུ་གཞས་དང་། ཟློས་གར། ཞབས་བྲོ་སོགས་སྤྲོ་སྐྱིད་ཀྱི་རྣམ་པ་སོགས་བྱ་རྒྱུ་ཡིན་ན་དེར་ངེས་པར་བསམ་བློ་ཞིག་གཏོང་དགོས། གང་ཡིན་ཟེར་ན་གཞས་དང་ཞབས་བྲོ་སོགས་སྤྲོ་སྐྱིད་གཏོང་བ་དང་རྒྱལ་ཁ་ཐོབ་པའི་གནས་སྟངས་འོག་འཛམ་གླིང་གང་སར་བྱས་དང་བྱེད་བཞིན་ཡོད།

    བྱས་ཙང་བོད་ཀྱི་གཏམ་དཔེ་ལྟར། གྲོང་པའི་བ་ཕྱུགས་ཤི་ཡང་། མྱ་ངན་ཞག་གསུམ་ཟེར་ལྟར་རྒྱལ་གཅེས་དཔའ་བོའི་ཚེ་སྲོག་མེ་ལ་སྒྲོན་པ་དེར་ངེས་པར་མྱ་ངན་ཞུ་དགོས་ལ་མྱ་ངན་གྱི་བྱེད་སྒོ་སྤེལ་ཐུབ་པ་དགོས།

    Reply
  4. གླག་སྨྱོན། says:
    ལོ་ 13 སྔོན།

    མི་རིགས་ཀྱི་དོན་དུ་སྤུན་ཟླ་མང་པོས་ཚེ་སྲོག་གི་འགྲོ་གྲོན་གཏོང་བཞིན་པའི་སྒང་འདིར་སྤྲོ་སྐྱིད་ཀྱི་དགྱེས་སྟོན་དེ་ཙམ་མ་བྱས་ན་ཅུང་ཡག་པོ་མཐོང་སོང་།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    མི་རྒོད་ཁྱོད་ཀྱིས་སྐད་ཆ་ཤོད་སྟངས་ལ་གཞིགས་ན། ནང་མི་ཕལ་ཆེར་རིམ་ནད་ཀྱིས་གྲོངས་ཀྱང་། ད་དུང་ཕ་ཡི་སྐྱེས་སྐར་ལ་དགའ་སྟོན་གྱི་གཞས་སྣ་ཁྲབ་སྟེ་སྡོད་མཁན་ཞིག་རེད་འདུག གཅིག་བྱས་ན་འདི་ཡང་དེང་རབས་ཀྱི་ལྟ་བ་དང་། ཡར་ཐོན། མཐོང་རྒྱ་ཆེ་དྲགས་པའི་རྣམ་པ་གསར་པ་ཞིག་ཡིན་གྱི་རེད།།
    སྤྱིར་ང་ཚོ་བོད་མི་ས་ཡ་དྲུག་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་མགོན་༸རྒྱལ་དབང་མཆོག་གི་འཁྲུངས་སྐར་ལ་བཀའ་དྲིན་རྗེས་དྲན་གྱི་སྲུང་གཙི་ཞུ་དགོས་ངེས་རེད། འོན་ཀྱང་ད་ཆ་བོད་ཕྱི་ནང་གཉིས་ཀར་ཛ་དྲག་གི་གནས་སྟངས་འདི་འདྲའི་སྐབས་སུ་ཆོས་ཕྱོགས་ཀྱི་དགྱེས་སྟོན་བྱེད་པ་ལས། གཞས་སྣ་སོགས་ཁྲབ་ནས་རྣམ་གཡེང་གི་གཞན་དབང་དུ་གྱུར་ན་རན་པོ་མི་འདུག་སྙམ།།

    Reply
  6. སྐར་མདའ། says:
    ལོ་ 13 སྔོན།

    བཀའ་ཤག་གི་བཀོད་ཁྱབ་དེ་ཁྱད་མཚར་ཞིག་ཏུ་མཐོང་སོང་། ལྷག་པར་དུ་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མར་རྩིས་སྤྲོད་གནང་བ་དེར་དགའ་སྟོན་བྱ་དགོས་ལུགས་བསྒྲགས་འདུག་པ་དེ་རེད། བཀོད་ཁྱབ་འདི་འདྲ་ལ་བལྟས་ཡོང་དུས་བཀའ་ཤག་ལ་བོད་དོན་ཐད་ལས་འགན་དམིགས་བསལ་བ་ཞིག་མི་འདུག་སྙམ།

    Reply
  7. མི་རྒོད། says:
    ལོ་ 13 སྔོན།

    ད་མི་ཀླད་ཆུང་ལ་གསལ་བཤད་བྱས་ན་ཅི་ཕན། རྒྱུ་མཚན་གཉིས་རང་རེད།
    གཅིག་རྗེས་ལུས་པ།
    གཉིས་ལྟ་བ་རྨོངས་པ། ཅང་དགོས་པ་མ་མཆིས་སོ།།།
    དེ་ལས་མི་འདི་ཚོ་ནང་ཆོས་གོ་རྟོགས་ཟབ་སར་རྣ་བ་འབྱོར་བ་ཤོག། ད་ཚེ་འདི་ཁྲོན་པ་ནང་ཚུད་ཟིན་པ་རེད། ད་ཚེ་ཕྱི་མ་དེ་ལས་་་་་་་་

    Reply
  8. ལུང་རྟོགས། says:
    ལོ་ 13 སྔོན།

    བསྟན་འཛིན་ལགས་ཁྱེད་ཀྱིས་ཀྱང་བསམ་ནས་བཤད་ན་བཟང་། བོད་ནང་གི་དཔའ་བོ་དཔའ་མོ་ཚོས་གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོགས། གོང་ས་མཆོག་བོད་ལ་ཕེབ་དགོས་ཤེས་རང་ལུས་མེར་བསྲེགས་བཏང་བ་དེ་ནས། ཁོང་ཚོས་གོང་ས་མཆོག་ལ་བཅང་བའི་དེད་སེམས་དེ་མཐོང་ཐུབ། དེས་ན་ཁོང་གི་འཁྲུངས་སྐར་སྲུང་རྩི་ཟབ་རྒྱས་ཇི་ཙམ་ཞུས་ན། བོད་ནང་གི་བོད་མི་འདས་གསོན་གཉིས་ཀ་དགའ་སྤྲོ་ལས་གང་ཡང་མེད་པ་གསལ་པོ་རེད། བོད་ནང་གི་བོད་མི་ཚོ་ནི་ཁ་ཞེ་གཉིས་མེད་ལས་ང་ཚོ་བཞིན་དུ། ཁ་ནས་གོོང་ས་མཆོག་ལབ་བཞིན་ཁོག་ནས་གཞན་ཞིག་བསམ་མཁན་དེ་འདྲ་མ་རེད། ང་བླུན་པོ་ཡིན་དུ་ཆུག་ཁྱེད་ཀྱང་བཤད་སྟངས་ལ་བལྟས་ན་མཁས་པ་ཞིག་ཅང་ཡིན་ཚོད་མ་རེད།

    Reply
  9. བསྟན་འཛིན། says:
    ལོ་ 13 སྔོན།

    ལུང་རྟོགས་སོགས་ཀྱིས་ཉོན་དང་།

    བོད་ནང་གི་དཔའ་བོ་དཔའ་མོ་ ༤༢ གྱིས།   ༧གོང་ས་མཆོག་གི་སྐུ་ཚེ་བརྟན་པར་ཤོག    ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་བཞིན་གཅེས་པའི་ཚེ་སྲོག་མེར་བཏང་བ་རེད།   དེར་བརྟེན་ཕྱི་ཕྱོགས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཁ་གཡར་ཏེ་དགའ་སྟོན་བྱས་ན།   བོད་ནང་གི་བོད་མི་ཤི་གསོན་གཉིས་ཀའི་སེམས་ཚོར་ཅི་འདྲ་ཡིན་ཤེས་དགོས།   
    སོ་སོས་ཚོགས་བསགས་བྱེད་འདོད་ན་ག་དུས་ཡིན་ན་བྱེད་ཆོག་ནི་རེད།   གཞུང་འབྲེལ་གྱི་དགའ་སྟོན་བྱེད་དགོས་ནི་མ་རེད།   ངོ་མ་ཤེས་རྟོགས་གང་ཡང་མེད་པའི་བླུན་པོ་རང་རེད།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    མི་རྒོད་ཅེས་པའི་བྱབ་ཆུང་ཁྱོད་ཉོན་ཨ། ཁྱོད་ལ་ཆབ་སྲིད་ཀྱི་གོ་རྟོགས་ལྟ་ཅི། ཐ་ན་བོད་སྐད་དང་བོད་ཡིག་ཀྱང་ཤེས་ཀྱི་མི་འདུག ཡང་བསྐྱར་ཁྱོད་ཀྱིས་བཤད་པར་ལྟོས་དང་། གོང་དུ་ཉེ་དུས་བོད་ནས་སླེབས་ཏེ་རྨོངས་ཉིད་ལས་གྲོལ་བ་ཞིག་རེད། ཅེས་དང་། མཇུག་ཏུ་ཁོས་ཁྲོན་པ་མ་གཏོགས་རྒྱ་མཚོ་མཐོང་བའི་རྟགས་ཡེ་ནས་མིན་འདུག ཅེས་བཀོད་པ་དེར་སྡུག་མིག་ཆེ་ཙམ་གདོངས། མ་ཟད་འོག་གི་ཚིག་རྙོག་དེར་གནས་ལུགས་རྒྱུ་མཚན་ཅི་ཞིག་འདུག ད་དུང་ཡང་ཞེན་ཁོག་གི་གཞན་དབང་དུ་འགྱུར་ན་ཉིན་ཞིག་མཇུག་འབྲས་ངན་པ་ཅི་ཡོང་ཤེས་པར་གྱིས་ཤིག

    Reply
  11. ལུང་རྟོགས། says:
    ལོ་ 13 སྔོན།

    གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩི་ཞུ་རྒྱུ་ནི་དགའ་དགའ་སྤྲོ་སྤྲོ་ཙམ་མིན་པར། ཚོགས་བསགས་སྒྲིབ་སྦྱང་ཡང་ཡིན་པ་མ་ཟད། བོད་དོན་ལས་འགུལ་ཡང་ཡིན་ཞེས་བཤད་ཆོག དེས་ན་སྐུའི་འཁྲུངས་སྐར་སྲུང་རྩི་གྲ་རྒྱས་པོ་བྱེད་དགོས་ངེས་རེད། གོང་ས་མཆོག་ནས་སྲིད་དབང་རྩིས་སྤྲོད་གནང་དགོས་པའི་དགོས་པ་དང་རྒྱུ་མཚན། བཀའ་སློབ་ཟབ་ཅིང་རྒྱས་པ་ཡང་ནས་ཡང་དུ་གནང་སོང་རུང་། བོད་པ་འདི་ཚོ་ད་དུང་གོ་རྟོགས་གཏན་ནས་སེད་རྒྱུ་མེད་པ་ཅི་ཡིན་ནམ། ངོ་མ་ང་ནི་བོད་པ་ཚོའི་རྨོང་ཞེན་འདིས་ཡི་ཐང་ཆད་སོང་།

    Reply
  12. མི་རྒོད། says:
    ལོ་ 13 སྔོན།

    ཤེས་དཀར་བློ་བཟང་ཞེས་པ་འདི་བོད་ནང་རྟ་དང་ ར་ལུག་ ཞིང་ལས་ ཁྱིམ་ལས་སོགས་གཉེར་ནས་ཉེ་དུས་བཙན་བྱོལ་དུ་སླེབས་ཏེ་རྨོང་གཉིད་ལས་གྲོལ་བ་ཞིག་རེད་ཤག། གང་ཡིན་ཟེར་ན་ཁོས་ཁྲོན་པ་མ་གཏོགས་རྒྱ་མཚོ་མཐོང་བའི་རྟགས་ཡེ་ནས་མིན་འདུག།
    ད་རེ་དབུས་བོད་མིའི་སྒྲིག་འཛུཊ་བཀའ་ཤག་གིས་འདི་ལྟར་གནང་དགོས་དོན་འཛམ་གླིང་ཡར་ལྡན་ཅན་ལ་མིག་མཐོ་སར་བལྟ་ཚེ་རང་གི་ངང་གི་རྟོགས་ཐུབ། ང་ནི་བོད་པ་གཅིག་ཡིན་པས་ཆ་ནས་རང་གི་གོང་ན་གདམས་པའི་དབུ་ཁྲིད་ཀྱིས་ཕྱག་ལས་དུས་རབས་དང་མཐུན་པ་ཞིག་གནང་ཚེ་དེ་ལ་དགའ་བསུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ༧གོང་ས་མཆོག་གིས་ཐུགས་སྙིང་རྗེ་ཆེན་པོས་བོད་འབངས་ཡོངས་ལ་བཀྲིན་བླ་ལྷག་ཏུ་ཆེ་བཞེས་མཛད་པ་ཀུན་གྱི་མཁྱེན་གསལ་ལས་འདི་ལྟ་བུའི་ཀླད་ཆུང་གིས་གོ་ལོག་བྱེད་མི་སྲིད། དེར་བརྟེན་གོ་ལོག་གིས་ཚིག་འགྲེལ་རིགས་མ་སྤེལ་ན་བཟང་བ་མངོན། བོད་བདེན་པ་ཉིད་ད་ལྟ་རང་རྒྱལ་གྱུར་ཅིག། བཀའ་ཁྲིད་བློ་སེང་རྒྱལ་གྱུར་ཅིག། ཀླད་ཆུང་འདྲ་འབུའི་ཤེས་ཚད་འཕེལ་བ་ཤོག།།

    Reply
  13. བསྟན་འཛིན། says:
    ལོ་ 13 སྔོན།

    ང་ལ་ཡང་མོས་མཐུན་རྩ་བ་ནས་མེད།  བོད་ཕྱི་ནང་གཉིས་ཀྱིས་༧གོང་ས་མཆོག་གིས་བོད་ཀྱི་སྲིད་འགན་མ་བཞེས་པས་སེམས་ཁྲལ་ཚད་མེད་བྱེད་བཞིན་ཡོད་སྟབས།   བཙན་བྱོལ་གཞུང་གིས་སྐུའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་བྱེད་དགོས་ཟེར་བ་འོས་འཚམས་ཞིག་མ་རེད།   
    བཙན་བྱོལ་གཞུང་གཅིག་པོར་མཚོན་ན་ཡིན་རྒྱུ་རེད།   གཏམ་དཔེར།   ཨ་ཕ་ཤི་ནས་དབང་ཆ་ཐོབ་ཟེར་བ་དང་གཅིག་མཚུངས་རེད།   ང་ཚོ་བོད་མི་ས་ཡ་དྲུག་ལ་མཚོན་ན་དགའ་སྟོན་རྟེན་འབྲེལ་བྱེད་རྒྱུའི་ཚབ་ལ་མྱ་ངན་ཞུ་དགོས།   རྒྱུ་མཚན།   ༡༽༧གོང་ས་མཆོག་གིས་བོད་ཀྱི་སྲིད་འགན་མ་བཞེས་པས་བོད་མི་རྣམས་མགོན་མེད་སྐྱབས་མེད་དུ་གྱུར་ཡོད།      ༢༽བོད་མི་དཔའ་རྒོད་ ༤༢ གྱིས་༧གོང་ས་མཆོག་གི་ཆེད་དུ་གསོན་བསྲེགས་མཛད་པ་རེད།   ༣༽རྒྱ་ནག་སྲིད་གཞུང་གིས་བོད་མི་དཔའ་རྒོད་གང་མང་མངོན་ལྐོག་གཉིས་ནས་དམར་གསོད་བྱས་པ་མ་ཟད།   བོད་མི་སྟོང་ཕྲག་མང་པོར་དྲག་པོས་གཅར་རྡུང་དང་བཙོན་འཇུག་བྱས་ཡོད།   ༤༽བོད་ནང་ལ་མཚོན་ན་བརྒྱད་ཅུའི་རྒན་རྒོན་གྱི་ལག་རྟེན་ཆགས་ཡོད།   བྱིས་པ་ནུ་འཐུང་དྭ་ཕྲུག་ཏུ་ལུས་ཡོད།   ཉི་ཤུའི་གཞོན་ནུ་མ་ཡུགས་སར་ལུས་ཡོད།   བོད་ས་ཡོངས་རྫོགས་རྒྱ་ནག་དྲག་པོས་དམག་གིས་བཀང་སྟེ།   ཕོ་སྐྱེས་ཐམས་ཅད་དམར་གསོད་དང་།   བུད་མེད་ཐམས་ཅད་ལ་བཙན་གཡེམ།   སྐྱེ་དངོས་ཡོད་ཚད་གཅོད་བྲེག    རྒྱུ་དངོས་ཡོད་ཚད་བཙན་འཕྲོག་བྱེད་བཞིན་པའི་སྐབས་འདིར།   ༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཁ་གཡར་ནས་དགའ་སྟོན་རྟེན་འབྲེལ་བྱས་ན་འོས་འཚམ་ཞིག་རེད་དམ།     དེ་བས་དེ་རིང་ནས་བཟུང་མི་ལོ་དགུའི་རིང་ངམ།   ཡང་ན་བོད་ལ་རང་དབང་མ་ཐོབ་པར་མྱ་ངན་ཞུ་རྒྱུ་ཡིན་ཟེར་བ་གནས་ལུགས་དང་མཐུན་པ་ཞིག་རེད།
    ངོ་མ་བཤད་ན།   བོད་གཞུང་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཁ་གཡར་བ་ཙམ་རེད་མ་གཏོགས།   དོན་ལ་༧གོང་ས་མཆོག་གི་སྐུ་ཡོད་ཚད་ཐོབ་པའི་དགའ་སྟོན་རེད།   ངོ་མ་མི་འདི་ཚོར་ངོ་ཚ་ཟེར་བ་ཞིག་དང་།   རྒྱུ་འབྲས་ཟེར་བ་ཞིག་མི་འདུག་ཡ།    གོ་ན་སུན་གི   མཐོང་ན་ཉོབ་ཀི    བསམ་ན་སྙིང་ན་གི   ད་ཇི་ལྟར་བྱེད་དགོས་སམ།   

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོཊ་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་བར་དགའ་སྟོན་རྟེན་འབྲེལ་མཚོན་ཆེད་འཁྲུངས་སྐར་གཟབ་རྒྱས་སྲུང་གཙི་ཞུ་རྒྱུ། ཞེས་པར་མོས་མཐུན་རྩ་བ་ནས་མེད། གང་ཡིན་ཞེས་ན། ཚིག་འདི་དག་གིས་ད་ལྟ་བར་དུ་༸གོང་ས་མཆོག་གིས་དབང་ཆ་སྒེར་བཟུང་བྱས་ཏེ་མང་ཚོགས་ལ་མ་གནང་བ་ལྟབུ་མཚོན་གྱི་འདུག འདི་འདྲ་རྩ་བ་ནས་མ་རེད། ང་ཚོས་མ་འཇོན་པ་རེད་མ་གཏོགས་༸གོང་ས་མཆོག་གིས་སྔ་མོ་ནས་དམངས་གཙོ་གནང་ཚར་བ་རེད། མ་ཟད་ང་ཚོ་བོད་མི་མང་དག་ཅིག་གིས་མགོན་པོ་མཆོག་གིས་ཡང་བསྐྱར་དབུ་ཁྲིད་གནང་རོགས་ཞེས་ལན་མང་ཞུས་ཀྱང་། ཁོང་གིས་ཞལ་བཞེས་མ་གནང་སྟབས། བྱ་དེའི་ནམ་ཚོད་བོང་བུས་ཟིན་དགོས་པ་འདི་ཆགས་པ་མ་ཡིན་ནམ།།

    Reply
  15. འཁྱམ་པོ། says:
    ལོ་ 13 སྔོན།

    རེད་ཡ་ སྤུན་ཟླ་བཞི་བཅུ་ཙམ་གྱིས་གོང་ས་མཆོག་ཞེས་འབོད་བཞིན་འདས་སོང་ དེ་ཡང་རང་ལུས་དམར་མོའི་མེ་ལ་སྒྲོན་ནས་ཕེབས་སོང་ དོ་མི་མཉམས་པའི་འཇིག་རྟེན་འདི་ནས་འཁྲུངས་སྐར་རྒྱས་པ་འདྲ་བཏང་ དཔོན་རིགས་རྣམས་དུས་ཆེན་རྟེན་འབྲེལ་ཆེད་ཕྱི་རྒྱལ་དུ་ཆམ་ཆམ་འདྲ་ཕེབས་ དེ་འདྲ་མི་ལ་རུང་ཡང་ལྷ་ལ་རུང་སམ་ བུ་ཕྲུག་འདས་པའི་ཕ་མ་སྐྱེ་སྐར་རྒྱས་པ་བཏང་བའི་འདོད་པ་རེ་ཡོད་དམ

    Reply
  16. བསྟན་འཇམ། says:
    ལོ་ 13 སྔོན།

    བོད་ནང་ནས་རང་ལུས་མེར་བསྲེགས་གཏོང་ནས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་རྩ་དོན་མཐར་ཐུག་དེ་རྩོད་ཀི་ཡོད།
    བཙན་བྱོལ་སྒྲིག་འཛུགས་ཀྱི་༧་གོང་ས་མཆོག་གི་འཁྲུངས་སྐར་ཟབ་རྒྱས་གཏོང་བ་དེ་མགོན་པོ་གང་ལ་དད་པ་ཡོད་མདོག་གི་ལས་ཀ་མེད་པའི་ལས་ཀ་རེད། ད་ནི་སྒྲིག་འཛུགས་འདི་ལ་རེ་བ་ཞིག་མེད་པ་རྟོགས་ཇེ་གསལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese