མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་མཆོག་ལ་དྭགས་སུ་ཕེབས།༼པར༽

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་དྭགས་ཁུལ་དུ་འཚམས་གཟིགས་སྐོར་སྐྱོད་གནང་གི་ཡོད་པའི་འདྲ་པར་ཁག་ཅིག་འདིར་བདམས་བཀོད་བྱས་ཡོད།

པར་བོད་གཞུང་དྲ་ཚིགས་ལས་འདིར་བདམས་བཀོད་བྱས།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 34

  1. བསྟན་འཛིན་འཕགས་པ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚང་མས་ཐུགས་བསམ་བཞེས་ནས་
    ཕྱོགས་རེས་ཐེན་འཁྱེར་གྱི་གཏམ་གླེང་གནང་བའི་དུས་ལ་ནམ་ཡང་བབ་མེད་པ་ཤེས་གལ་ཆེ།
    གཞིས་བཞུགས་སྤུན་ཟླ་ཚོའི་རང་སྲོགས་ཡིན་ཆེད་བོད་བསྟན་སྲིད་དོན་དུ་གཏོང་བའི་དུས་འདི་ལ་དེ་བས་དཀྲུག་ཤིག་རིགས་ལ་མགོ་འཁོར་ནས་སྡོད་ག་ལ་རུང་།

    Reply
  2. ཐོ་རངས། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་ང་ཚོས་ཀེ་ཏ་ཀས་བཤད་པ་དེ་དངོས་ཡོད་དང་ཐུན་མིན་ལྟ་དགོས་པ་ལས་ཁོ་སུ་ཡིན་མིན་དང་ཁོ་ག་ནས་ཡིིན་མིན་ལྟ་བརྒྱུ་དེ་གལ་ཆེན་པོ་མ་རེད།

    ཡ་ང་ཞིང་ཡི་སྐྱོ་ དགོས་པ་ཞིག་ལ་སྔར་ནས་ད་བར་ ང་ཚོའི་སྤྱི་ཚོགས་ཀྱི་གཞན་ཆ་ཆེ་ཤོས་དེ་ནི་རང་དང་ལྟ་དཔྱོད་མི་ཐུན་ན་མི་དེ་ནགས་པོ་ཟོ་ཐབ་བྱས་ཏེ་མི་སྣ་འགས་གནས་ལུགས་ཅི་ཡང་མེད་ན་ཡང་ཡོད་པའི་ཚུལ་ བཟོས་ཏེ་༸གོང་ས་མཆོག་ལ་ཁ་གཡར་ནས་རང་དང་ལྟ་ཚུལ་མི་མཐུན་པ་ཀུན་རྩ་མེད་བཟོས་དང་བཟོ་བཞིན་ཡོད།

    དཔེར་ན་སློབ་ དཔོན་ཆེ་མོ་མིང་དོན་མཚུངས་པའི་མཁས་དབང་ཟླ་བ་ནོར་བུ་སོགས་རང་མི་རིགས་ལ་དངས་གཙང་ལྷད་མེད་ལྷག་བསམ་ཡོད་མཁན་དག་རང་མི་རིགས་དང་ཁ་བྲལ་བཏང་ཡོད། ལས་ངན་དེའི་རིགས་ད་དུང་ཡང་མཇུག་རྫོགས་མི་འདུག ངོ་མ་བསམ་བཞིན་བསམ་བཞིན་མིག་ཆུ་ཡང་ཤོར།

    ད་ལྟ་བློ་སེང་གི་བཀའ་ཁྲིའི་སྔོན་འགྲོ་ཏམ་དེ་ཁ་ཤད་དོན་ལ་མི་གནས་པའི་བདེན་ཏམ་བརྗོད་ཁན་དག་ལ་རྒྱ་མིའི་རྒྱུག་ཁྱི་མིང་བཏགས་ཏང་ལ་ལྟས་ན་ད་དུང་ཡང་ང་ཚོའི་སྤྱི་ཚོག་འདི་རྨོངས་གཉིས་ལས་བསད་མེད་པ་གསལ་པོ་བཏོན་གྱི་འདུག
    དམངས་གཙོའི་སྤྱི་ཚོག་ནང་སྲིད་འཛིན་ཞིག་ལ་འགྲིག་མིན་གྱི་ཏམ་ཤད་བརྗོད་དབང་ཡོད་ན་འདིར་དེ་ལྟར་མི་ཕྱོགས་པའི་རྒྱུ་ཚན་ཅི་ཡིན་ནམ།

    Reply
  3. ལུང་རྟོགས། says:
    ལོ་ 13 སྔོན།

    ཀེ་ཏ་ཀ་ཞེས་པ་འདི་ཤར་ཕྱོགས་ཁུག་རྟ་ཡིན་ངེས་རེད་འདུག ད་ནང་ཤར་ཁུག་གིས་རྩོམ་འཆལ་འདི་ཁ་བརྡ་དྲྭ་བའི་སྟེང་ལ་བཀོད་སོང་ཡང་། དྲ་གྲོགས་མང་པོས་སྐྱོན་བརྗོད་ཤུགས་ཆེར་བྱས་པ་ལ་བརྟེན་ནས་ཕྱིར་བསྡུ་བྱེད་དགོས་བྱུང་སོང་། ཧཧཧཧཧ

    Reply
  4. ཀེ་ཏ་ཀ says:
    ལོ་ 13 སྔོན།

    དྲ་གྲོགས་ཚང་མས་བསམ་ཚུལ་སྣ་ཚོགས་འདི་འདྲ་འདོན་གྱི་རེད་བསམ་མ་བྱུང། བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག ང་ལ་དྲི་བ་བཏང་བ་ཁག་ལན་འདེབས་བྱ་རྒྱུ་ཡིན།

    1བློ་སེང་ལ་སྐྱོན་བརྗོད་བྱས་ན་བོད་མི་རིགས་ཕན་ཐོགས་གང་ཡོད་དམ།???
    ལན། བཀའ་ཁྲི་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱས་ན་ཕན་ཐོག་གི་མ་རེད། གཞི་རྩ་ཡོད་ཅིང་དཔྱད་གཞི་ཡོད་པའི་ལམ་ནས་སྐྱོན་བརྗོད་བྱས་ན་བོད་མི་རིགས་མང་གཙོ་ཡང་དག་པའི་ཕྱོགས་སུ་འགྲོ་ཐུབ་པ་དང། དེ་ལོངས་སུ་སྤྱོད་ཐུབ་པའི་ཕན་ཐོག་འབྱུང་གི་རེད། གཞི་མེད་སྐྱོན་བརྗོད་ཡོད་ན། རྣག་ཐོག་ཁབ་གཙགས་ཀྱིས་ངེད་ལ་ཐེར་འདོན་བྱ་རོགས།

    2བློ་སེང་ལ་སྐྱོན་བརྗོད་བྱས་ན་བོད་ཀྱི་ཆིག་སྒྲིལ་ལ་ཕན་ནམ???
    ལན། བཀའ་ཁྲི་མཆོག་བོད་ཀྱི་ཆིག་སྒྲིལ་གྱི་མཚོན་དོན་མ་རེད། བོད་ཀྱི་བཀའ་བློན་ཁྲི་པ་རེད། བཀའ་བློན་ཁྲི་པའི་ལས་དོན་ཐོག་ཡིག་རྩལ་གཏོང་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང། དེ་ལས་སྐུ་དབང་ཆེ་བ་གཅིག་བོད་རྒྱ་ཆེའི་མི་མང་རེད། ང་བོད་མི་མང་གི་ཆ་ཤས་ཤིག་རེད། ངེད་ལ་བཀའ་ཁྲི་མཆོག་གི་བྱས་རྗེས་བཟང་བསྟོད་དང་སྐྱོན་ཆར་ཐེར་འདོན་བྱེད་པའི་འོས་འགན་ཡོད་པ་རེད། ངས་བརྩི་བཀུར་ལྡན་པའི་ཐོག་སྐྱོན་བརྗོད་བྱས་ན་བོད་ཀྱི་ཆིག་སྒྲིལ་ལའང་ཕན་གྱི་རེད།

    3བློ་སེང་ལ་སྐྱོན་བརྗོད་བྱས་ན་གཞིས་ལུས་བོད་མི་ཚོ་དགའ་འམ?
    ལན། གཞིས་ལུས་བོད་མི་ཚོ་དགའ་མིན་བཀའ་ཁྲི་མཆོག་གི་ལས་དོན་གནང་ཕྱོགས་ནས་ཡོང་དགོས་པ་རེད། སྐྱོན་བརྗོད་དམ་ཕྱོགས་འགལ་ཚོགས་པ་ཡོད་ན་བཀའ་ཁྲི་མཆོག་གིས་གཟབ་གཟབ་གནང་གི་རེད། གཟབ་གཟབ་ཏན་ཏན་ཏིག་ཏིག་གིས་ཕྱག་ལས་གནང་ན་གཞིས་ལུས་བོད་མི་ཚོ་དགའ་ཡི་རེད། བཀའ་ཁྲི་སངས་རྒྱས་དང་མཁས་པ་མིན་སྟབས་སྐྱོན་བརྗོད་མ་བྱས་པ་དང་ནག་འདེད་མ་བྱས་པར་བཞག་ན། བོད་གཞིས་ལུས་མི་མང་གི་གནས་སྟངས་ད་དུང་ཇེ་ཞེན་དུ་འགྲོ་རྒྱུ་རེད། དཔེར་ན། རང་སྲེག་བསྟུན་མར་བྱུང་ཡང་བོད་རྒྱ་འབྲེལ་མོལ་གཅིག་ཀྱང་གནང་མ་ཐུབ་པ་དེས་མཚོན་ཐུབ།
    4བློ་སེང་ལ་སྐྱོན་བརྗོད་བྱས་ན་རང་སྲོག་མཆོད་མེ་ཕུལ་མཁན་ཚོའི་ཞལ་ཆེམས་དང་མཐུན་ནམ???
    ལན། དོན་དང་ལྡན་པའི་སྐྱོན་བརྗོད་བྱས་ན་ཁོང་ཚོའི་ཞལ་ཆེམས་དང་མཐུན། ཁོང་ཚོས་བཀའ་ཁྲི་མཆོག་མཆོད་ཁྲིར་བཤམས་རྒྱུའི་ཅ་ལག་ཅིག་ཏུ་ངོས་འཛིན་གནང་མེད། ལས་ཀ་བྱེད་སར་དམ་བཅའ་ཁས་ལེན་སྟོང་ཕྲག་ཕུལ་སྟེ་ཡོང་ན་སྐྱོན་བརྗོད་དང་བསྟོད་བསྔགས་གཉིས་ཀ་ཡོད་པ་ཆོས་ཉིད་རེད། དེ་བཀའ་ཁྲི་མཆོག་གིས་མཁྱེན་ངེས་རེད།

    5 བློ་སེང་ལ་སྐྱོན་བརྗོད་བྱས་ན་༸གོང་ས་མཆོག་ཐུགས་དགྱེས་སམ?
    ལན། ༧གོང་ས་མཆོག་གིས་ནམ་ཡང་མི་མང་ལ་འགན་ཁུར་དགོས། གཞུང་ལ་དྲི་བ་གཏོང་དགོས། གཉིད་ཁུག་ནས་འགན་མ་བླངས་པར་བསྡད་ན་མི་འོས་པ་ཡང་ཡང་གསུངས་ཡོད། ཁ་སང་བོད་རིགས་ཁ་ཆེ་ཚོར་གཞུང་གི་ལས་བྱེད་བྱེད་དུ་ཤོག་ཅེས་བཀའ་གནང་ཡོད། འོན་ཀྱང། ཆོལ་ཁ་དང་ཆོས་ལུགས་ཀྱི་ན་ཚས་སྐྱོན་བརྗོད་བྱས་ན་༧གོང་ས་མཆོག་ཐུགས་དགྱེས་ཀྱི་མ་རེད།

    ད་དུང་དྲི་བ་ཕེབས་ཞོག

    Reply
  5. རྒྱ་མཚོ། says:
    ལོ་ 13 སྔོན།

    ཀེ་ཏ་ཀ་ནི་ཤར་ཕྱོགས་ཁུག་རྟ་རེད། ཤར་ཕྱོགས་ཁུག་རྟ་ནི་ཀེ་ཏ་ཀ་རེད། མངོན་ལྐོག་གཉིས་ཀ་ནས་བཀའ་ཁྲི་ལ་ལ་ཉེས་མེད་ཉེས་འཛུགས སྒྲོ་འདོགས། རྫུན་སྒྲིག་རེ་བྱས་ནས། གཞུང་གི་ལས་གནས་ནས་གནས་དབྱུང་བཏང་བའི་འཁོན་ལན་སློག་གི་ཡོད་པ་རེད། འདི་ཚོར་ཡ་བྱེད་དགོས་དོན་མེད་པ་རེད། དགའ་ན་འདྲ་ མ་དགའ་ན་འདྲ། ད་ཆ་བཀའ་ཁྲི་བློ་བཟང་སེང་གེ་སེང་གེ་གནམ་མཆོང་གི་སྐབས་རེད། བོད་མི་ཁྲི་ཕྲག་མང་པོས་མགོ་བོས་འདེགས་བཞིན་པའི་མི་རེད།

    Reply
  6. འཁྲུངས་སྐར། says:
    ལོ་ 13 སྔོན།

    གཞི་བྱེས་གཉིས་ནས་གདམས་པའི་བཀའ་ཁྲི་མཆོག་ལ་གང་བྱུང་ཞུ་མི་ཉན་་་ གཅིག་ནི་གོང་ས་མཆོག་གི་ཁོང་བློ་བདེ་པོ ་ཡིན གསུང་གིས་འདུག་ག གཉིས་ནི་ང་ཡང་བློ་བདེ་པོ་འདུག གསུམ་ནི་བོད་ལ་ཡོད་པའི་མི་མང་པོ་ཞིག་གིས་བསྟོད་པ་གནང་གི་འདུག་ག

    Reply
  7. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    སྐུ་ངོ་བཀྲེས་མཐོང་གི་ཕྱོགས་གཏོགས་རྣམས་མཁས་པའི་དབང་པོ་བློ་བཟང་སེང་གེར་ཡེ་ནས་མི་དགའ་ནའང་བཀྲེས་མཐོང་ནི་ལ་ཁའི་ཉི་མ་སོང་ཙམ་འབྱུང་འགྱུར་མཐོ་དང་གོ་ས་སོགས་ལ་རེ་ཅི་ཡོད། དེ་སྔོན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་འོས་ཤོག་ཁྲི་ཚོ་གཅིག་དེ་ཡང་སྟོང་ཟད་ཙམ་ལས་གྱུར་མེད། ད་དུང་ཡང་ཁོང་ལ་ཞེན་པའི་མི་རྣམས་ཀྱང་བློ་སེང་ལ་ཇི་སྲིད་དུ་སྡང་ཡང་རང་ཉིད་སྙིང་རླུང་རྒྱུ་ལས་མ་གཏོགས་མ་མཐོང་ངོ་། དེས་ན་རྣམས་ཁྱེད་ཅག་བློ་རྣལ་དུ་འབབ་རྒྱུ་དེ་གལ་ཆེ་ཞིང་མ་འོངས་སྐུ་ངོ་བཀྲེས་མཐོང་ལ་རེ་བ་ཡེ་མ་བྱས།།

    Reply
  8. ཐོ་རངས། says:
    ལོ་ 13 སྔོན།

    དཔྱད་ཞིབ་ཚོར་ཐུགས་རྗེ་ཆེ་ཞུ།
    ཁྱི་རྒན་འགའ་རེས་རང་གི་དགའ་ཕྱོགས་དང་མི་མཐུན་པའི་མི་རྣམས་རྒྱ་མའི་མྱུལ་མ་དང་དོལ་ཚོགས་རེད་ཅེས་སྔ་མོ་ནས་ད་བར་བརྗོད་པ་རེད།

    ངོ་མ་བློ་སེང་གི་ལོ་ངོ་གཅིག་ཙམ་མིན་ལས་ཀ་ག་རི་བྱས་ཡོད་མེད་ང་ཚོས་ངེས་པར་ལྟ་དགོས།

    Reply
  9. ལུང་རྟོགས། says:
    ལོ་ 13 སྔོན།

    ཀེ་ཏ་ཀའི་སྐད་ཆ་ཕལ་ཆེ་བ་ནི་བཀའ་ཁྲིའི་འོས་བསྡུས་སྐབས་དང་བཀའ་ཁྲིའི་དམ་འབུལ་སྐབས་བཀྲེས་འཐོང་ཕྱོགས་གཏོག་ཚོས། རང་ཉིད་ལ་འོས་ཤོག་ཐོབ་ཆེད་དང་འོས་ཤོག་མ་ཐོབ་པའི་ཞེ་མཁོན་བཅང་སྟེ་མི་བདེན་རྫུན་སྒྲིག་བྱས་པ་དག་སྐྱར་བཟློས་ཙམ་ལས་ཅི་ཡང་མི་འདུག་པས་ལན་གྱི་ངལ་བ་བསྟེན་དོན་མི་འདུག། བཤད་དགོས་པ་ཞིག་ནི། “བསྟོད་རན་མེད་སར་བསྟོད་པ།། ༧གོང་ས་མཆོག་གིས་གནང་སོང།། འདོགས་རན་མེད་དུས་བཏགས་པ།།( བློ་སེང་ལ་མཁས་དབང་བཏགས་པ།) ཟམ་གདོང་བླ་མས་བཏགས་སོང།།”ཞེས་གོང་ས་མཆོག་ནས་བསྟོད་པ་བྱེད་མི་འོས་པ་ཞིག་ལ་བསྟོད་པ་བྱས་སོང་ཞེས་དང་། ཟམ་གདོང་རིན་པོ་ཆེས་མཁས་དབང་བཏགས་མི་འོས་པ་ཞིག་ལ་བཏགས་སོང་ཞེས། འདོར་ན་བོད་མི་རིགས་ཀྱི་ཡོད་ཚད་ལ་སྐྱག་པ་བསྐུ་ཡོང་གི་མི་འདུག་གམ། ཡང་”ཁོང་ལ་སྟོབས་དང་དབང་ཤེད་ག་ཚོད་ཡོད་ཀྱང། བོད་སྤྱི་ཚོགས་ལ་མགོ་ཁྲིད་བྱ་རྒྱུའི་ཐོག་མའི་བོད་མི་མང་དང་བོད་ཀྱི་ཤེས་ལྡན་པ་ཚོར་བརྩེ་དུང་གི་སྦྲེལ་ཐག་ཆད་ཡོད་པས། ལོ་ཁོར་མོ་ཡུག་གཅིག་ལ་བོད་པའི་སྤྱི་ཚོགས་ནང་ཁོང་ཉིད་བཤད་རྒྱུ་གཏམ་རྒྱུའི་ནང་ནས་ཐར་མེད”ཞེས་བཤད་འདུག་ཀྱང་བཀའ་ཁྲི་བློ་བཟང་སེང་གེ་མི་སེར་དཀྱུས་མའི་བུ་ཕྲུག་ཞིག་ཤེས་ཡོན་དང་འཇོན་ཐང་ལ་བརྟེན་ནས། བོད་མི་ཁྲི་ཕྲག་མང་པོས་འོས་ཤོག་བླུག་སྟེ་རྒྱལ་ཁ་ཐོབ་པ་ལས། སྟོབས་དང་དབང་ཤེད་ཀྱིས་བཀའ་ཁྲིས་རྐུབ་སྟེགས་སྟེང་སླེབས་མེད་པ་སུས་ཀྱང་ཤེས་གསལ་རེད། ད་དུང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་ཤོས་ནི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་སོགས་ཤེས་ཡོན་ཀྱི་སྡེ་ནས་བྱུང་ཡོད་པས། བོད་མི་མང་དང་བོད་ཀྱི་ཤེས་ལྡན་པ་ཚོར་བརྩེ་དུང་གི་སྦྲེལ་ཐག་ཆད་ཡོད་ཟེར་ན་སྨྱོན་པའི་སྐད་ཆ་མིན་ན་ཅི་ཡིན། ཁོང་ལ་སྐྱོན་བརྗོད་བྱེད་མཁན་ནི་ཁྱོད་དང་ཁྱོད་ལྟ་བུའི་མི་ངན་རེ་ཟུང་ལས། བོད་ཕྱི་ནང་གི་བོད་མི་ཕལ་མོ་ཆེས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི། དྲ་རྒྱ་འདིའི་ནང་ལ་ཁྱོད་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་བྱེད་མཁན་ཇི་ཙམ་འདུག་པ་འདི་དང་། བོད་ནང་ནས་སྲོག་གི་ཉེན་ཁར་མ་འཛེམ་པར་བཀའ་ཁྲི་ལ་བསྟོད་པའི་གླུ་དབྱངས་གཅིག་རྗེས་གཉིས་འཐུད་ཀྱིས་བླང་ཡོད་པ་འདིས་མཚོན་ནུས། རྒྱ་ནག་ལ་ཁ་བཏད་ཆོག་མིན་ནི་བཀའ་ཁྲི་གཅིག་པུ་ལ་རག་ལས་པ་ཞིག་མིན་པ། དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས། འཛམ་བུ་གླིང་གི་རྒྱབ་སྐྱོར། བོད་མི་མང་གི་སེམས་ཤུགས་དང་ལྷག་བསམ་སོགས་ཕྱོགས་མང་པོ་ལ་རག་ལས་པ་དཔྱོད་ལྡན་སུས་ཀྱང་ལོས་ཤེས། བཀའ་ཁྲི་ལ་བཙན་བྱོལ་བའི་མཐོ་རིམ་ཁྲོད་ནས་རྒྱབ་སྐྱོར་མེད་རབ་བཤད་ཀྱང་བདེན་སྤང་གང་ཡང་བསྟོན་རྒྱུ་མི་འདུག་ལ། རྒྱ་རི་རིན་པོ་ཆེས་དམིག་གསལ་སྐུ་ཚབ་ནས་དགོང་པ་ཞུ་དོན། རྒྱ་ནག་གཞུང་ནས་ཡ་ལན་གང་ཡང་མེད་རྐྱེན་དགོངས་པ་ཞུས་པ་ཡིན་ཞེས་གསུང་སོང་བས་ཁོང་གི་སྐད་ཆ་ལ་ཡིད་ཆེས་བྱེད་པ་ལས། ཁྱོད་ལྟ་བུའི་དངོས་མིང་ཙམ་ཡང་མེད་པའི་དྲ་འབུ་ཞིག་གི་སྐད་ཆ་ལ་སུས་ཡིད་ཆེས། བསྐལ་བཟང་རྒྱལ་མཚན་ཡོ་རོབ་དམིག་གསལ་སྐུ་ཚབ་ལ་བསྐོ་བཞག་བྱས་པ་འདིས་རྒྱ་རི་རིན་པོ་ཆེས་བཀའ་ཁྲི་ལ་རྒྱབ་སྐྱོར་མེད་པ་སྒྲུབ་ཁུལ་བྱས་འདུག་ཀྱང་། གལ་ཏེ་བསྐལ་བཟང་རྒྱལ་མཚན་གྱིས་རྒྱབ་སྐྱོར་ཡོད་པ་དང་རྒྱ་རི་རིན་པོ་ཆེས་རྒྱབ་སྐྱོར་མེད་པ་དེ་འདྲ་ཞིག་ཡིན་ན། བསྐལ་བཟང་རྒྱལ་མཚན་ནས་རྒྱ་རི་རིན་པོ་ཆེའི་མཉམ་དུ་དགོང་པ་ཞུ་དགོས་དོན་ཅི་ཡོད། བསྐལ་བཟང་རྒྱལ་མཚན་ནས་དགོང་པ་ཞུས་པ་དེ་བཀའ་ཁྲི་ལ་རྒྱབ་སྐྱོར་མེད་པས་ཡིན་ན་སླར་ཡང་ཡོ་རོབ་དམིག་གསལ་སྐུ་ཚབ་ལ་སླེབ་དོན་ཅི་ཡོད། མིན་ན་རྒྱ་རི་རིན་པོ་ཆེས་དགོང་པ་ཞུས་པ་དེས་རྒྱབ་སྐྱོར་མེད་པ་ཇི་ལྟར་མཚོན། ཁོང་སླར་ཡང་བསྐོ་བཞག་མ་བྱས་པས་སོ་ཞེ་ན་དེ་ནི་མ་ངེས་པ་སྟེ་ཁོང་ལས་གནས་གཞན་ལ་བསྐོ་བཞག་བྱ་རྒྱུའི་འཆར་གཞི་ཡོད་སྲིད་པ་རེད། འདི་ལྟར་བསམ་ན་ཁྱེད་རང་གི་སྒྲུབ་བྱེད་དེ་ནུས་མེད་ཡིན་པ་ཤེས་ཐུབ། ད་དུང་རྩོམ་འཆལ་འདི་དུས་བབ་དྲ་བའི་མདུན་ངོས་ཀྱི་བསམ་ཚུལ་འགོད་སར་འཇོག་དགོས་པའི་རེ་སྐུལ་བྱེད་པ་ནི་ངན་བྱས་ངོ་ལ་ཁྱེར་བ་ཞེས་པ་དེ་རེད། རྩོམ་འདི་འདྲ་ཞིག་མདུན་ངོས་ལ་བཞག་རྒྱུ་ཕར་ཞོག་མཆན་འབྲི་སར་བཀོད་པ་དེ་ཡང་ཡ་མཚན་རེད།

    Reply
  10. ཀེ་ཏ་ཀ says:
    ལོ་ 13 སྔོན།

    དེད་དཔོན་རང་འགོ་མ་ཐོན་པ་ལགས། མང་གཙོའི་སྤྱི་ཚོགས་ནང་མགོ་ཁྲིད་ལ་སྐྱོན་བརྗོད་བྱ་ན། འོས་བསྡུ་མ་སླེབས་པར་འཇོག་དགོས་པའི་གནས་བབ་ཅིག་འདུག་གམ།

    Reply
  11. དེད་དཔོན། says:
    ལོ་ 13 སྔོན།

    རྩོམ་སྒྲིག་པ་རྣམ་པ་ཚོར་ཞུ་རྒྱུར། ཁྱེད་ཚོས་༼༼མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན། ༽༽
    ཞེས་པའི་གཏམ་འཆར་ཞིག་འདིར་བཀོད་འདུག
    དགྲ་དགའ་གཉེན་སྡུག་གི་སྐད་ཆ་འདི་ཚོ་ལ་ཚོད་འཛིན་མ་བྱས་ན་གང་འདྲ་ཞིག་ལ་ཞིབ་བཤེར་བྱ་དགོས་སམ།
    ཀེ་ཏ་ཀ་ལ། ལབ་རྒྱུར་ ད་ནས་བཟུང་འདི་འདྲའི་སྐད་ཆ་མ་བཤད་རོགས་ཟེར་ནས་རེ་སྐུལ་ཡིན། བཀའ་ཁྲི་འདི་བཟང་ངན་གང་ཡིན་ཡང་། བཙན་བྱོལ་བོད་མི་ཁྲི་ཕྲག་ཁ་ཤས་ཀྱི་མོས་མཐུན་ཡོད་པའི་མི་ཞིག་རེད། བཀའ་ཁྲིར་སྐྱོན་མེད་པ་མིན་ཀྱང་སྐྱོན་བརྗོད་པའི་དུས་ཚོད་ད་ལྟ་མ་རེད། རྗེས་སོར་འོས་བསྡུ་འགྲན་བསྡུར་སྐབས་སུ་གོ་སྐབས་ཡོད་རེད།

    འདི་འདྲའི་སྐད་ཆ་ཚོར་དུས་བོད་པ་ཚང་གི་རང་མགོ་རང་གིས་བརྡུངས་པའི་ལོ་རྒྱུས་ཀྱི་ལེའུ་ནག་པོ་དང་། ལྷ་ལུང་དཔལ་རྡོར་གྱིས་བཙན་པོའི་རྒྱལ་རབས་བཀྲོངས་པའི་བྱས་ཉེས་ཐམས་ཅད་སེམས་སུ་འཁོར་གྱི་་འདུག་་་
    ཨ་ཁ་་་་་་་་་་་་་་་་་་་་གཞིས་ལུས་བོད་མི་ཚོ་སྙིང་རྗེ།་་་་་་་་་་

    Reply
  12. ཀེ་ཏ་ཀ says:
    ལོ་ 13 སྔོན།

    རྩོམ་སྒྲིག་པ་ལགས། ངའི་རྩོམ་དེ་མདུན་ངོས་བསམ་ཚུལ་ནང་འགོད་རོགས་ཞུ།

    Reply
  13. ཀེ་ཏ་ཀ says:
    ལོ་ 13 སྔོན།

    བཀའ་ཁྲི་བྱེ་མ་ལེབ།

    ཀེ་ཏ་ཀ
    བཀའ་ཁྲིས་ལས་ཁུར་ཞུས་ནས་ལོ་གཅིག་ཧྲིལ་བོ་འགོར་གྲབས་འདུག དངོས་གནས་མི་རྣམས་ཀྱིས་ཚོད་དཔག་དང་སྡོམ་ཚིག་བཀོད་པ་ལྟར། བློ་བཟང་སེང་གེས་ནུབ་ཕྱོགས་སྤྱི་ཚོགས་སུ་འབྲེལ་བ་བྱས་ན་མ་གཏོགས། གངས་ཅན་སྐྱིད་གཤོངས་ཀྱིས་མཚོན་པའི་བོད་མི་ཚོ་འཕྲིན་ལས་ཀྱི་གཤོག་ཟུང་འོག་བསྡུ་ཐུབ་ཀི་མ་རེད་ལ། ཆེན་པོ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་བོད་རིགས་མཐོ་རིམ་ནང་ཁུལ་དུ་ཁོང་ལ་རྒྱབ་སྐྱོར་མེད་པས་ཅི་ལྟར་ཡོང་ངམ་ཞེས་པ་འདི་རེད།

    དངོས་གནས་དེ་རིང་ཕྱིར་ལྟོས་བྱས་ན། སྡོམ་ཚིག་དེ་ནི་དོན་ལ་གནས་པ་ལྟ་བུ་ཞིག་འདུག་སྟེ། ཁོང་གིས་ནུབ་ཕྱོགས་བོད་དོན་རྒྱབ་སྐྱོར་བ་མང་པོར་འབྲེལ་ལམ་ཞུས་ཏེ། བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་དང་གྲོས་ཚོགས་འཐུས་མི། གནད་ཡོད་བཅས་ལ་མཇལ་འཕྲད་ཐེངས་མང་ཞུས་པ་རེད། ཡིན་ནའང། གངས་ཅན་སྐྱིད་གཤོངས་ཀྱིས་མཚོན་པའི་བོད་ཀྱི་རིག་གནས་དར་སའི་ཡུལ་དུ་ཁོང་ལ་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་སྐྱོང་རྒྱུ་ཡེ་ནས་མེད་པ་ལྟ་བུ་ཞིག་སྟེ། ཐ་ན་རྡ་སའི་དམངས་ཁྲོད་ངག་རྒྱུན་དུ། “མི་རྗེ་བཀའ་ཁྲི་ཐོབ་པར།། བོད་ཡིག་མེད་ན་ཆོག་གི། གལ་སྲིད་དགོས་གལ་བྱུང་ན།། ཐོབ་ནས་སྦྱངས་ཀྱང་ཆོག་གི། “ཞེས་དང། ཡང། “གཞིས་ཆགས་མགོ་སྦྲེལ་འབོབ་ལུག། འོས་ཤོག་ཐོབ་རྒྱུའི་དོན་རེད།། མགོ་སྦྲེལ་བྱ་རྒྱུའི་གསུང་དབྱངས ། སྦྲང་སྐད་ལས་ཀྱང་ཆུང་བ།”ཞེས་དར་ཡོད་པ་དང། དེ་བཞིན་ཤེས་ཡོན་པའི་སྡེ་ནས་ཀྱང། “བསྟོད་རན་མེད་སར་བསྟོད་པ།། ༧གོང་ས་མཆོག་གིས་གནང་སོང།། འདོགས་རན་མེད་དུས་བཏགས་པ།།( བློ་སེང་ལ་མཁས་དབང་བཏགས་པ།) ཟམ་གདོང་བླ་མས་བཏགས་སོང།།”ཞེས་སོགས་མང་དུ་འདུག་ལ།

    མདོར་ན་ཁོང་གི་དམ་འབུལ་དུས་ཚེས་ནས་བོད་ཀྱི་རིག་གནས་གོམས་སྲོལ་དང་འགལ་ཟླ་ཆགས་ཏེ་རྟེན་འབྲེལ་ཆུགས་ཡོད་པ་མ་ཟད། མཛད་སྒོའི་སྟེང་བོད་ཡིག་ཀློག་སྟངས་ཀྱིས་འཛམ་བུའི་གླིང་ལ་གོ་རྒྱུ་གཏམ་རྒྱུ་བླ་ན་མེད་པ་ཞིག་བཞག་པ་བཅས། སྲོང་བཙན་སྐབས་ནས་བོད་ལ་ཡི་གེ་དར་རྗེས། བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པའི་མགོ་ཁྲིད་ཅིག་ཐོན་པ་དང་པོ་ཡིན་ཞེས་ལོ་རྒྱུས་ལ་འཁང་ར་བྱེད་པ་དང། ཡང་རེ་ཤོས་ཀྱིས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཕོ་འགྱུར་གྱི་མགོ་ཁྲིད་རིམ་པའི་ཁྱད་ཡོན་ཐབས་སྐྱོ་བ་ལ་ཞེས་ཡང་ཡང་སྨྲས་སྟབས། གཏམ་དེ་༧གོང་ས་ཆེན་པོའི་སྙན་དུ་འཁྱོལ་རྗེས། དུས་ཡུ་སྔ་ཕྱི་གཉིས་ལ་༧གོང་ས་མཆོག་གིས་མི་མང་གི་སྡིངས་ཆའི་སྟེང་བོད་སྐད་ཡིག་ཐད་བློ་བཟང་སེང་གེ་ཡིག་རྩལ་ལེན་གྱི་ཡོད་ཅེས་མི་གསུངས་ཐབས་མེད་ཆགས་ཡོད། གནད་དོན་སྐད་ཡིག་རིག་གནས་ཀྱི་ཆ་འདི་ནས། ཁོང་ལ་སྟོབས་དང་དབང་ཤེད་ག་ཚོད་ཡོད་ཀྱང། བོད་སྤྱི་ཚོགས་ལ་མགོ་ཁྲིད་བྱ་རྒྱུའི་ཐོག་མའི་བོད་མི་མང་དང་བོད་ཀྱི་ཤེས་ལྡན་པ་ཚོར་བརྩེ་དུང་གི་སྦྲེལ་ཐག་ཆད་ཡོད་པས། ལོ་ཁོར་མོ་ཡུག་གཅིག་ལ་བོད་པའི་སྤྱི་ཚོགས་ནང་ཁོང་ཉིད་བཤད་རྒྱུ་གཏམ་རྒྱུའི་ནང་ནས་ཐར་མེད། འདི་ནི་བཀའ་ཁྲི་ཁོང་གིས་ནེའུ་ཡོག་ནས་ཕྱག་མཛོད་མདོ་སྔགས་ལ་ལན་འདེབས་བྱས་པའི་ནང་ཁོང་ལ་ཐུགས་ཚོར་དམིགས་བསལ་བྱུང་ཡོད་པ་ཧ་ཅང་གསལ་བོ་འདུག མ་འོངས་པར་དངོས་གནས་ཞིབ་འཇུག་ཅིག་བྱ་དགོས་ཤར་ཚེ། བློ་སེང་དང་བོད་ཀྱི་སྐད་ཡིག་རིག་གནས་བར་ལ་སྡོམ་ཚིག་ཅི་ཞིག་ཐེབས་མིན་བཤད་ཚོད་དཀའ་བ་རེད།

    གཞན་ཡང། སྡོམ་ཚིག་དེ་དང་འབྲེལ་ནས་གླེང་སློང་གཙོ་བོ་གསུམ་པ་འདི་རེད། རྒྱ་ནག་ལ་ཁ་གཏད་ཆོག་མིན་དང། བོད་རིགས་མཐོ་རིམ་མི་སྣའི་ནང་ཁོང་ལ་རྒྱབ་སྐྱོར་ཡོད་མེད་ཅེས་པ་ནི་རྟགས་གང་ལས་ཚོར་གྱི་འདུག་ལབ་ན། བློ་སེང་གི་བཀའ་བློན་ལས་རོགས་འདེམས་སྒུག་ནས། མ་བསྡད་པ་མང་པོ་ཞིག་དང། བཀའ་བློན་ལས་རོགས་སུ་མ་བཞག་ཐབས་མེད་ཡིན་པ་མང་དག་ཅིག་བཅས། མདོ་དོན་ཁོང་གི་བཀའ་བློན་ལས་རོགས་སུ་ཁས་བླངས་དང་མ་བླངས་པ་གཉིས་ཀྱི་ནང་དུ་ཁོང་ལ་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཡོད་མེད་ལབ་ཁག་པོ་ཡིན་པ་གཅིག་རེད།

    གཉིས་ནས་མཐོ་རིམ་མི་སྣའི་ནང་དུ། ཁོང་གིས་དང་པོར་ལས་ཁུར་ཞུ་སྐབས་ནས་གཏམ་གྲགས་རྫིག་ཉམས་དམིགས་བསལ་འདོན་མཁན་ཞིག་ཡིན་པ། ལས་ཉིན་དང་པོར་མ་ཞུགས་སྔོན་ནས་གསལ་བོར་ཆགས་སྟབས། རང་བཞིན་གྱིས་ཁོང་གིས་ཕུགས་མི་ཆོད་པར་སྡོམ་ཚིག་རྒྱག་མཁན་བྱུང་འདུག་ལ། དཔེར་ན། སྔོན་མ་མེད་པ། རྡ་ས་ནས་ལྡི་ལི་བར་དུ་གནམ་གྲུར་ཕེབས་རྐྱང། ལས་དོན་ཐོག་ཁས་ལན་དམ་བཅའ་མང་པོ་བྱེད་པ། ལས་ཀ་འཆར་སྣང་གི་ངོ་བོར་ཡོད་པ་ནས་ཁྱབ་བསྒྲགས་བྱེད་པ། ལས་དོན་གང་ཅིར་དངོས་ཡོད་ཐོག་ཞིབ་འཇུག་བྱས་ཏེ་མངོན་སུམ་ལ་བྱེད་རྒྱུ་ཡོད་མེད་ལྟ་བ་ལས། འུར་རྒྱབ་སྟེ་ལས་དོན་ལ་བར་ཆད་འབྱུང་ཉེན་གྱི་གནང་ཕྱོགས་ཐོག་ཕེབས་སོགས་མང་བས། དཔེ་མཚོན་རེ་གཉིས་ཤིག་ནི། སྐྱབས་བཅོལ་ལག་ཁྱེར་དང་བོད་སློབ་རྩིས་ལེན་གྱི་སྐོར་རེད། བོད་སློབ་རྩིས་ལེན་ཐད་ལས་འཆར་ཁྱེར་ཤོག་ཙམ་ལས་མཐའ་མའི་ཐག་གཅོད་བྱུང་མེད་ཀྱང་ཁྱབ་བསྒྲགས་བྱས་པ་རེད། དེར་གདེང་སྤོབས་ཡོད་ཀྱང། བཀའ་ཤག་སྐབས་གོང་མ་ནས་ལས་འཆར་འགོ་ཚུགས་ཟིན་རབ་གཤམ་འོག་ལས་བྱེད་ནས་སྨྲས་པ་དེར་འདོད་པ་མེད་པ། བཀའ་ཁྲིའི་གྲོས་ཚོགས་གསལ་བཤད་ལ་བལྟས་ན་གསལ་བོ་རེད། དེ་བཞིན་སྐྱབས་བཅོལ་ལག་ཁྱེར་སྐོར་རེད། བཀའ་ཁྲི་རང་གི་གསལ་བཤད་དུ་སྔོན་ནས་མགོ་ཚུགས་པའི་ལས་གཞི་ཞིག་ཡིན་ཚུལ་ཚིག་ཟུར་ཙམ་ཡང་མེད་པ་རེད། འདི་རྣམས་གངས་སྐྱིད་ར་བ་ནས་ཐོན་པའི་གླེང་མོལ་རེད། གངས་སྐྱིད་ར་བ་ན་གླེང་མི་ཚར་བའི་གནད་དོན་མང་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད།

    ད ། རྩ་དོན་རྒྱ་ནག་དང་འབྲེལ་བ་བྱ་ཕྱོགས་སྐོར་རེད། འདི་འདི་ལྟར་བཤད་ན་ཡག་གི རྒྱ་རི་བློ་གྲོས་མངོན་གསལ་དོད་པོས་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་ཕེབས་རྒྱུའི་འདུན་པ་ཡོད་མཁན་གྲས་རེད། བཀའ་ཁྲི་གསར་པར་སྔ་མའི་བྱས་པ་ཡར་རྒྱས་མ་ཐུབ་ཀྱང་ནག་བསུབ་མ་གཏོང་ཞེས་ཡོངས་གྲགས་ཀྱིས་ལབ་ཡོད། འདི་ནི་ཁོང་གིས་བློ་སེང་ལ་ལྟ་ཚུལ་གྱི་རྒྱབ་ལྗོངས་རེད། དེ་ནས་ལས་དོན་ནང་། ཁོང་གིས་དགོངས་པ་ཞུས་པ་རེད། དགོངས་པ་ཞུས་པ་དེའི་མདོར་རྩ་བློ་སེང་ལ་རྒྱབ་སྐྱོར་ཡོད་མེད་ཐད་མི་རྣམས་དོགས་པ་བྱུང་ཡོད། དེའི་ཆ་ནས་རང་སྲེག་ཚད་མཐོར་བྱུང་སྐབས། རྒྱ་ནག་གིས་འབྲེལ་མོལ་ལ་ཡ་མི་བྱེད་པ་དེའང་རྒྱ་རི་བློ་གྲོས་ཀྱི་ཤུགས་འདོན་སྟངས་ལའང་རག་ལས་ཡོད་པར་དཔྱད་པ་བྱེད་མཁན་ཡོད། དེ་ནི་དངོས་གནས་སྔ་མ་དག་དང་བསྡུར་ན་གཞི་འཛིན་ས་ཡོད་པ་ཞིག་རེད། གང་ལྟར་བཀའ་ཤག་གསར་པ་འབྲེལ་མོལ་གྱི་རིམ་པ་དང་འབྲེལ་མཐུད་པ་གཉིས་ཀྱི་རིམ་པ་ནས་ཕམ་ཟིན་པ་གསལ་བཟོ་གནང་ཡོད། གནད་དོན་འདི་རྒྱ་རི་བློ་སེང་ལ་རྒྱབ་སྐྱོར་མེད་པ་ལས་བྱུང་བ་མིན་ན། སྦིར་གྲགས་མེད་པའི་ཐོག་སྐལ་རྒྱམ་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་བྱས་འདུག་པ་དེས་ཅི་ཞིག་སྟོན་ནམ། དེས་ན། རྒྱ་རི་དང་བློ་སེང་བར་གྱི་དོགས་གཞི་འདི་གང་ནས་བྱུང་བ་རེད་དམ། དེའི་ཆ་ནས་བློ་སེང་ལ་དགའ་བའི་རྒྱ་ནག་དང་འབྲེལ་མོལ་བྱ་མཁན་གྱི་བོད་རིགས་གནད་ཡོད་ཀྱི་ཟམ་པ་ཞིག་ཆག་ཟིན་པ་རེད།
    རྒྱ་རི་བློ་གྲོས་ཀྱི་ད་ལྟའི་ནུས་ཤུགས་དང་དགུང་ནའི་བབས་ཀྱིས་ལས་དོན་བྱེད་མི་ཐུབ་པའི་གནས་སྟངས་མེད་པ་དེས། བློ་སེང་གི་བྱེད་ཕྱོགས་ཀྱིས་མཐོ་རིམ་མི་སྣའི་ཡིད་འགུག་ཐུབ་ཀྱི་མེད་པ་གསལ་ཞིང་གསལ་བར་མཚོན་ཡོད་མ་ཟད། དེ་ལས་ལྡོག་སྟེ་བཀའ་ཤག་གསར་པས་དོན་དངོས་ཐོག་རྒྱ་འབྲེལ་འཇོན་གྱི་མེད་ནའང། སྲིད་དོན་དཔྱད་བརྗོད་ནང་དེ་ནི་བློ་སེང་རང་ངོས་ལ་དོན་དངོས་རྒྱ་ནག་དང་འབྲེལ་མོལ་བྱ་འདོད་ཡོད་མེད་ལ་དོགས་པ་བྱུང་བཞིན་པ་དེ་རེད། དོགས་པ་དེ་ནི་རིགས་གཉིས་ནས་ཡོང་གི་ཡོད་པ་སྟེ། གཅིག་ནི། བློ་སེང་རང་ཉིད་ལ་ལོ་ལྔ་ཚན་ཕྱི་མའི་བཀའ་ཁྲིའི་འོས་ཤོག་ཐོབ་ཆེད། ཁོང་གིས་འབྲེལ་མོལ་མགྱོགས་པོར་མགོ་འཛུགས་མི་ཐུབ་ཅིང། བཙུགས་ནའང་ཕུགས་བརྟན་ངེས་པ་མེད་པས་ཁོང་ཉིད་རྩ་དོན་ལས་སྒེར་དོན་དོར་མཁན་ཞིག་མིན་པ་ད་བར་གྱི་ཁོང་གི་གཤིས་སྤྱོད་གཞི་ལ་བཞག་ན་ཤེས་ནུས་པས། འབྲེལ་མོལ་ནི་ཁོང་ལ་མཚོན་ག་ལེར་ཡིན་པ་ངོས་འཛིན་གནང་ཡོད། གཉིས་པ་ནི། བློ་སེང་ལ་བོད་ཀྱི་རིག་གནས་དང་ལོ་རྒྱུས། དེ་བཞིན་བོད་མིའི་སེམས་འདུན་བཅས་ཀྱི་ཤེས་བྱའི་རྒྱབ་ལྗོངས་མེད་པས། ཁོང་ལ་དབུ་མའི་ལམ་གྱི་ཤེས་ཚད་ཚད་ལོངས་པ་ཞིག་ཡོང་ཤེས་མེད་ཁར། ཁོང་ནུབ་ཕྱོགས་ནས་འཚར་ལོངས་བྱུང་བ་དང་ནུབ་ཕྱོགས་གཡོ་འཁྲུལ་སྲིད་དོན་ལ་དགའ་བོ་ཡོད་པ་འོས་བསྡུའི་སྐབས་མངོན་གསལ་ཆགས་ཡོད་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་སྲིད་དོན་གྱི་གཡོ་བྱུས་ཙམ་ལ་ངོས་འཛིན་བྱེད་སྲིད་པས། མདོ་དོན་ཁོང་གིས་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་རྙེད་ཡོད་མེད་ལ་དོགས་པ་བྱེད་པ་བཅས་རེད། བྱུང་བཞིན་པའི་གནས་ཚུལ་འདི་དག་ལ་བལྟས་ན། བཀའ་ཁྲི་མཆོག་ནི་དངོས་ཡོད་དང་ཆབ་སྲིད་གང་གི་ཕྱོགས་ནས་ཀྱང་བྱེ་མ་ལེབ་ཀྱི་གནས་བབ་སྟེང་བཞུགས་ཡོད་པ་གསལ་བོ་རེད།

    ཞོར་དུ་བཀའ་ཁྲི་བྱེ་མ་ལེབ་རེད་ཅེས་ངས་དུས་ཡུན་རིང་པོའི་བསམ་ཚུལ་ཞིག་དུས་བབ་དྲ་བའི་བསམ་ཚུལ་འདོན་སར་བྲིས་པས། མི་རེ་ཤོས་ཤིག་གིས་ངས་སྐུར་འདེབས་བྱེད་ཀྱི་འདུག་ཅེས་བཤད་སྟབས། ཕྱི་ནང་གི་ལས་དོན་གང་ཅིར་བྱེ་མ་ལེབ་ལྟ་བུར་འགྱུར་བཞིན་པ་གོང་དུ་ཉུང་ཙམ་སྤྲོས་པ་བཞིན། ཞིབ་འཇུག་དང་དབྱེ་ཞིབ་ཀྱི་གཏམ་ལ་ཉན་འདོད་ཡོད་ན་ངས་རིམ་པར་ཕུལ་ཆོག ངས་བྱེ་མ་ལེབ་ཟེར་དོན་སྡོམ་རྒྱབ་ནས་ཞུས་ན། བཀའ་ཁྲིས་ལག་ལེན་བསྟར་མི་དགོས་པའི་དམ་བཅའ་མང་པོ་ཕུལ་སྟེ་མི་རྣམས་ཀྱི་མིག་ལམ་དུ་རང་ཉིད་བྱེ་མ་ལེབ་ཀྱི་ཁ་དོག་ལྟར་སྙིང་རྗེ་བོ་བཟོ་བ། ལས་འཆར་ག་རེ་ཡིན་ཡང། ཨང་དང་པོ་ཁྱབ་བསྒྲགས་བྱེད་རྒྱུར་མཉེས་པོ་གནང་སྟེ་རྒྱ་བསྒྲགས་སྦིར་བསྒྲགས་ཀྱིས་བྱེ་མ་ལབ་ཀྱིས་ས་གཞི་ཁེབས་པ་དང་འདྲའང། ཡུད་ཙམ་ནས་གར་འཛུལ་མི་ཤེས་པ་རྗེས་ཤུལ་མེད་པའི་བྱེ་མ་ལེབ་དང་འདྲ། གང་ཕེབས་གར་འདུག་རྫིག་ཉམས་རབ་ཏུ་བཏོད་དེ་ཕེབས་རྒྱུ་དགའ་བ་ནི་བྱེ་མ་ལེབ་ཀྱི་མཆུ་ཏོ་རིང་པོ་གཉིས་དང་འདྲ་སྟེ། མངོན་གསལ་དོད་པོས་བླ་ཆེན་༧གོང་ས་མཆོག་དང་དགའ་ལྡན་ཁྲི་པ་སོགས་ཀྱི་འཁྲིས་ནས་མི་མང་ལ་ཞལ་རས་སྟོན་པར་དགའ་བ་དེས། བྱེ་མ་ལེབ་སྦྲང་མའི་རྒྱབ་ཏུ་ཡིབས་ནས་གཤོག་པ་བསྐྱངས་ཏེ་ཤ་སྦྲང་ལ་རྫིག་ཉམས་སྟོན་པ་འདྲ་བོ་འདུག་པས། གང་ན་མི་མང་ས་དང་ཁྱབ་བསྒྲགས་ཆེ་སར། བཀའ་བློན་གཞན་གྱི་ལས་དོན་ཡང་ཁོང་གིས་གནང་སྟེ་མདུན་དུ་ཐོན་རྒྱུར་དགའ་བས། མི་རྣམས་ཀྱིས་ཤོག་བུའི་སེང་གེ་ཞེས་བཏགས་འདུག་མོད། དེ་ཆབ་སྲིད་དང་འདྲེས་ཤུགས་ཆེ་སྟབས། ངས་དངོས་གནས་རང་བཞིན་བརྗོད་པ་སྟེ། བཀའ་ཁྲི་བྱེ་མ་ལེབ་ཅེས་བཏགས་པ་ཡིན། བྱེ་མ་ལེབ་འདྲ་བོ་མི་འདུག་གམ།

    Reply
  14. lobsang says:
    ལོ་ 13 སྔོན།

    ད་་ཐེངས་བཀའ་ཁྲིའི་ཕྱོགས་བསྐྱོད་སྐབས་༧སྐྱབས་མགོན་༧རིན་པོ་ཆེས་རིང་ནས་ཡིད་ལ་གནག་པའི་འདོད་པའི་དོན་འགྲུབ་སོང་གསུང་གི་འདུག་གམ།

    Reply
  15. ལུང་རྟོགས། says:
    ལོ་ 13 སྔོན།

    ཀེ་ཏ་ཀ་ཉོན་ཅིག ཁྱོད་ཀྱིས་བཀའ་ཁྲི་ལ་ཚིག་ངན་ཅི་བཤད་ཀྱང་ཁྱོད་རང་ཉིད་ཀྱི་སྐྱུག་བྲོ་བའི་ནང་འཚང་རྗེན་པར་བསྟན་པ་ཙམ་ལས། བོད་མི་མང་ཁྱོད་ལྟ་བུའི་སྐབས་འཚོལ་བ་དག་གི་གཡོ་འོག་ལ་ཚུད་མི་སྲིད། ད་དུང་ཁ་ནས་གོང་ས་མཆོག་ཞེས་གུས་མདོག་བསྟན་པ་ལས། དོན་ལ་གོང་ས་མཆོག་གིས་ཡིད་ཆེས་ཆེན་པོས་སྲིད་དབང་གཙིས་སྤྲོད་གནང་སའི་གཞུང་དང་གཞུང་གི་དབུ་ཁྲིད་ལ་གཞི་མེད་སྐྱོན་འདོག་ཁོ་ན་བྱས་པ་འདི་ནི་རྒྱུད་ནས་གོང་ས་མཆོག་ལ་ཡང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ངོ་ཚ་མེད་ཅིང་ཁ་ཁོག་མི་མཚུངས་པའི་བྱ་བ་འདི་འདྲ་ནི་མིའི་བྱེད་སྟང་ཡིན་ནམ། བསམ་བློ་ཐོངས། དྲ་གྲོགས་ཚོ་གཟིགས་དང་ཀེ་ཏ་ཀ་ཞེས་པ་འདི་ནི་སྲིན་བྱ་འུག་པ་དང་འདྲ་པོ་མི་འདུག་གམ། འུག་པས་མིའི་ཁྱིམ་སྟེང་ལ་བབ་ནས་ལྟས་ངན་གྱི་ཧཱུཾ་སྒྲ་སྒྲོག་པ་བཞིན་དུ། འདིས་དུས་བབ་དྲ་རྒྱ་ནང་ལ་དགྲ་དགའ་གཉེན་སྡུག་གི་ཐན་སྐད་ཀྱང་ཀྱང་སྒྲོག་བཞིན་འདུག འུག་པས་ཉིན་མོ་གབ་ནས་མཚན་མོ་གཞན་གྱིས་མི་འཐོང་བར་བྱས་ནས་ཕྱིར་ཐོན་ཏེ་སེམས་ཅན་གཞན་གྱི་སྲོག་འཕྲོག་པ་བཞིན་དུ། འདིས་མིང་རྫུན་གྱི་འོག་ལ་གབ་ནས་བོད་གཞིས་བྱེས་གཉིས་ཀྱི་རེ་བ་བཅོལ་ས་བཙན་བྱོལ་གཞུང་དང་བཀའ་ཁྲི་མཆོག་ལ་གཞི་མེད་སྐྱོན་འདོག་ཁོ་ན་བྱེད་ཀྱི་འདུག ད་དུང་མང་ན་ཡང་དུས་ཚོད་མི་འདུག་པས་གནས་སྐབས་དེ་ཙམ་བྱེད།

    Reply
  16. ཀེ་ཏ་ཀ says:
    ལོ་ 13 སྔོན།

    ངས་བཀའ་ཁྲིར་བྱེ་མ་ལེབ་ལབ་ནས་མི་མང་ཕོག་འདུག ཡིན་ནའང། ངས་བྱེ་མ་ལེབ་ཟེར་དོན། བཀའ་ཁྲིས་ལག་ལེན་བསྟར་མི་དགོས་པའི་དམ་བཅའ་མང་པོ་ཕུལ་སྟེ་མི་རྣམས་ཀྱི་སྙན་དུ་རང་ཉིད་བྱེ་མ་ལེབ་ཀྱི་ཁ་དོག་ལྟར་སྙིང་རྗེ་བོ་བཟོ་བ། ལས་འཆར་ག་རེ་ཡིན་ཡང། ཨང་དང་པོ་ཁྱབ་བསྒྲགས་བྱེད་རྒྱུར་མཉེས་པོ་གནང་སྟེ་རྒྱ་བསྒྲགས་སྦིར་བསྒྲགས་ཀྱིས་བྱེ་མ་ལབ་ཀྱིས་ས་གཞི་ཁེབས་པ་དང་འདྲའང། ཡུད་ཙམ་ནས་རྗེས་ཤུལ་མེད་པས་བྱེ་མ་ལེབ་དང་འདྲ། གང་ཕེབས་གར་འདུག་རྫིག་ཉམས་རབ་ཏུ་བཏོད་དེ་ཕེབས་རྒྱུ་དགའ་བ་ནི་བྱེ་མ་ལེབ་ཀྱི་མཆུ་ཏོ་རིང་པོ་གཉིས་དང་འདྲ་སྟེ། མངོན་གསལ་དོད་པོས་བླ་ཆེན་༧གོང་ས་མཆོག་དང་དགའ་ལྡན་ཁྲི་པ་སོགས་ཀྱི་འཁྲིས་ནས་མི་མང་ལ་ཞལ་རས་སྟོན་པར་དགའ་བ་དེས། བྱེ་མ་ལེབ་སྦྲང་མའི་རྒྱབ་ཏུ་ཡིབས་ནས་གཤོག་པ་རྐྱང་སྟེ་ཤ་སྦྲང་ལ་རྫིག་ཉམས་སྟོན་པ་འདྲ་བོ་འདུག་པས། གང་ན་མི་མང་ས་དང་ཁྱབ་བསྒྲགས་ཆེ་སར། བཀའ་བློན་གཞན་གྱི་ལས་དོན་ཡང་ཁོང་གིས་གནང་སྟེ་མདུན་དུ་ཐོན་རྒྱུར་དགའ་བས། མི་རྣམས་ཀྱིས་ཤོག་བུའི་སེང་གེ་ཞེས་བཏགས་འདུག་མོད། དེ་ཆབ་སྲིད་དང་འདྲེས་ཤུགས་ཆེ་སྟབས། ངས་དངོས་གནས་རང་བཞིན་བརྗོད་པ་སྟེ། བཀའ་ཁྲི་བྱེ་མ་ལེབ་ཅེས་བཏགས་པ་ཡིན། བྱེ་མ་ལེབ་འདྲ་བོ་པེ་རེད་གདའ། ཧཧཧ

    Reply
  17. དེད་དཔོན། says:
    ལོ་ 13 སྔོན།

    ཀེ་ཏ་ཀ་ལགས།
    དགྲ་དགའ་གཉེན་སྡུག་གི་སྐད་ཆ་མ་ཤོད། བཀའ་ཁྲི་མཆོག་གིས་མཚན་རྟགས་བསྐྱོན་ནས་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་སྐུ་པར་རེ་སྤྲད་དེ་བོད་ནང་དུ་འགྲེམས་སྤེལ་ཞུས་པ་ཁྱོད་སྣང་བ་འགྲོ་ཡོད་ས་མ་རེད། ད་ཁྱོད་རང་སེམས་ཕྲལ་དགོས་ས་མ་རེད།
    རྒྱ་ནག་གཞུང་གིས་བོད་ནང་བཀའ་བློན་ཁྲི་པ་མཆོག་གི་སྐུ་པར་དམ་བསྒྲགས་བྱས་དང་བྱེད་བཞིན་པ་རེད་འདུག ང་ཚོའི་ཕ་ཡུལ་ནས་བཀའ་ཁྲིའི་པར་འགྲེམ་བཤམ་བྱས་ན་ཁྲིམས་འགལ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཚར་འདུག ད་ནས་བཟུང་སུ་གཅིག་གིས་བཤམ་ཕོད་ཀྱི་ཡོད་ས་མ་རེད། ད་ཁྱོད་རང་བློ་བདེ་མོ་བྱོས་ལོ།

    Reply
  18. ལུང་རྟོགས། says:
    ལོ་ 13 སྔོན།

    ཀེ་ཏ་ཀ་དང་སྐར་མདའ་ཞེས་པ་འདི་གཉིས་ནི་ནམ་ཡིན་ཡང་། བཙན་བྱོལ་གཞུང་དང་དབུ་ཁྲིད་ལ་གཞི་མེད་སྐྱོན་བརྗོད་ཁོ་ན་བྱེད་མཁན་ཞིག་རེད་འདུག་པས། འདི་གཉིས་ལ་ངེས་པར་དོག་ཟོན་བྱེད་དགོས་པ་ཞིག་འདུག གོང་དུ་དྲ་གྲོགས་འགའ་རེས་ཡར་ཀླུང་ལྷ་རྗེ་ལ་རྒྱ་མིའི་སོ་པ་ཞེས་གསུང་འདུག་ཀྱང་། རྒྱ་མིའི་སོ་པ་ཡིན་ན་ངོ་མ་འདི་གཉིས་ཡིན་ཐག་ཆོད་རེད། བཀའ་ཁྲིས་བཀའ་ཤག་གི་སྲིད་ཇུས་གཞིར་བཟུང་བཀའ་བློན་རྣམས་པ་སྐུ་མདུན་གྱི་འཁྲུངས་སྐར་དང་བཏུན། བོད་པ་གནས་སྡོད་བྱེད་བཞིན་པའི་རྒྱལ་ཁབ་དང་ས་གནས་གང་སར་འཚམས་གཟིགས་སྐྱང་བཞིན་པ་ལྟར། ལ་དྭག་ཁུལ་གྱི་བོད་མི་ཉམ་ཆུང་ཚོར་གཟིགས་བསྐོར་གནང་བ་འདི་ནི་སྔག་བརྗོད་འོས་པ་ཞིག་ཡིན་ཡང་། ཁོ་ཚོས་སྤྲོ་འཆམ་ལ་སོང་རབས་བཤད་པ་འདི་ནི་རང་གི་ཕོར་པའི་ནང་རང་གིས་སྐྱག་པ་གཏོང་བ་དང་ཁྱད་པར་ཅི་ཡོད། བཀའ་ཁྲིས་བོད་ནང་ལ་སྐུ་པར་འགྲེམ་སྤེལ་བྱས་པ་བཤད་པ་འདི་ལ་བདེན་སྤངས་ཅི་ཡང་མི་འདུག་པས་སུ་ཡིད་ཆེས། གལ་སྲིད་བྱས་ཡོད་ཀྱང་མི་འོས་པ་ཅི་ཡང་མ་རེད། ཁོང་སྐུ་དངོས་བོད་ནང་ལ་ཕེབས་ཐུབ་ཀྱི་མེད་དུས། སྐུ་པར་གྱི་ལམ་ནས་བོད་ནང་གི་མི་མང་དང་འབྲེལ་བ་བྱུང་ན་དེ་ཡང་ལས་འགུལ་ཞིག་ཅི་ལ་མིན། ཁྱེད་གཉིས་ནས་བཀའ་ཁྲི་ལ་ཕྱེ་མ་ལེབ་ཞེས་བཏག་ན་ངས་ཁྱེད་རང་གཉིས་ལ་སྐད་ངན་ཀྱང་ཀྱང་སྒྲོག་མཁན་གྱི་ཁྭ་ཏ་ཞེས་པའི་མིང་འདི་བཏག་ན་འདོད།

    Reply
  19. སྐར་མདའ། says:
    ལོ་ 13 སྔོན།

    ཀེ་ཏ་ཀ་ལགས་ཀྱིས་བཤད་པ་དེ་བདེན་པ་རེད། བཀའ་ཁྲི་ཁོང་ནི་ག་དུས་ཡིན་ཡང་༧གོང་ས་མཆོག་གི་སྐུ་རྗེས་སུ་དེད་ནས་གོ་སྐབས་འཚོལ་མཁན་འདྲ་ཞིག་མཐོང་སོང་། ཁོང་ལ་བཀའ་ཤག་གི་རྟེན་གཞི་བྱེད་ས་རྡ་རམ་ས་ལ་རུ་ལས་དོན་བསྒྲུབ་རྒྱུ་ཡོད་ས་མ་རེད། ད་བར་དུ་དུས་ཚོད་མང་ཆེ་བ་ལྟ་སྐོར་དང་ཕྱོགས་སྐྱོད་ཀྱི་ཆེད་དུ་བཏང་སོང་། དངོས་གནས་བཤད་ན། ཕྱི་འབྲེལ་གྱི་ལས་དོན་མང་ཆེ་ཤོས་ནི་ཕྱི་འབྲེལ་བཀའ་བློན་གྱིས་བྱ་དགོས་པ་ཞིག་རེད། འདི་དག་ལ་བལྟས་ཡོང་དུས་དངོས་འབྲེལ་བཀའ་ཁྲི་ཕྱེ་མ་ལེབ་འདྲ་ཞིག་ཆགས་འདུག

    Reply
  20. གངས་ལྷ་མེ་ཏོག says:
    ལོ་ 13 སྔོན།

    ཡང་ཀེ་ཏ་ཀ་ཟེར་བ་འདི་སྐད་ཆ་བཤད་ལུགས་ལ་གཏས་ན་ཕྲགས་དོགས་ཤུགས་ཆེན་པོ་ཡོད་མཁན་ཞིག་རེད་འདུག བོད་ཀྱི་བཀའ་ཁྲི་མཚན་སྙན་དར་ཁྱབ་ཕྱིན་ན་ལེགས་པའི་ཆ་མ་རྟོགས་སྐྱོན་གང་ཡང་མེད། བོད་ཀྱི་བཀའ་ཁྲི་ཟེར་བ་དང་པོ་བོད་མིའི་རང་གི་མཁྱེན་དགོས་པ་བཤད་མི་དགོས། གལ་སྲིད་བོད་ཀྱི་བཀའ་ཁྲི་ཟེར་བ་གང་འདྲ་ཞིག་ཡིན་མིན་མཁྱེན་མ་དགོས་ན་མ་རྟོགས་འདྲ་པར་སོགས་དར་ཁྱབ་གཏང་ན་སྐྱོན་གང་ཡང་མ་མཆིས།

    Reply
  21. གངས་ལྷ་མེ་ཏོག says:
    ལོ་ 13 སྔོན།

    ཡར་ཀླུང་ལྷ་རྗེ་ཟེར་བ་འདི་རྒྱ་མིའི་སོ་པ་ཡིན་པའི་དོགས་གཞི་འདུག བོད་གཞུང་གི་མ་འོངས་པའི་བྱ་བ་ཅི་བྱས་ཁྱབ་བསྒྲགས་བྱེད་དགོས་ཀྱི་མ་རེད། བཀའ་ཁྲི་མཆོག་དྭགས་སུ་གང་གི་ཆེད་དུ་ཕེབས་མིན་ཁྱེད་ཀྱི་ཧ་མ་གོ་ཙམ་རྒྱ་མི་ལ་བཤད་ཡ་མ་རགས་པ་འདྲ།

    Reply
  22. ཀེ་ཏ་ཀ says:
    ལོ་ 13 སྔོན།

    བཀའ་ཁྲི་བྱེ་མ་ལེབ།

    ང་ཚོའི་བཀའ་ཁྲི་འདི་སྤྲོ་འཆམ་གཏོང་ཤེས་མཁན་ཞིག་དང། ༧གོང་ས་མཆོག་གི་ཟུར་དང་འཁྲིས་སུ་འཐམས་ནས་གར་ཡང་འཆམ་ཤེས་མཁན་ཞིག་རེད། ད་ལོའི་དུས་དབང་སྐབས་བཀའ་ཁྲི་དམ་པས་རང་གི་སྐུ་པར་སྐུ་སྟོད་ཅན་སྟོང་ཕྲག་འགའ་དཔར་སྟེ། སྟེང་དུ་མཚན་རྟགས་བསྐྱོན་ནས་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་སྐུ་པར ༢༠། ནས་། ༡༠༠། རེ་སྤྲད་དེ་བོད་ནང་དུ་འགྲེམས་སྤེལ་ཞུས་འདུག
    དེ་བཞིན། དེ་རིང་སང་ཉིན་ལ་དྭགས་གནམ་གཤིས་སྐྱིད་དུས། ༧གོང་ས་མཆོག་ཀྱང་ཕེབས་ཡོད་པའི་དུས་ཚོད་དང་བསྟུན་ནས་སྤྲོ་འཆམ་དང་གཞུང་འབྲེལ་ཕྱོགས་བསྐྱོད་གང་ཡིན་གསལ་ཁ་མེད་པ་ཞིག་ཏུ་བསྐྱོད་འདུག་པ་འདིས་ཀྱང། བྱེད་ལས་བྱེ་བྲག་པ་གཅིག་གིས་སྤྱི་སྟོན་པའི་ཚད་དུ་འདུག་པས། ཡིད་གཏིང་ནས་ཆད་པ་ཞིག་ནི་མི་ལ་ལྗིད་ཁོག་མེད་དུས་བཀའ་ཁྲི་ཆགས་སོང་ནའང་བྱེ་མ་ལེབ་ཀྱི་ཟློས་གར་འཁྲབ་དགོས་པ་འདི་ཅི་འདྲིའི་སྐྱོ་བ་ལ།། ང་ཚོས་བཀའ་ཁྲི་ལ་བཀའ་ཁྲི་བྱེ་མ་ལེབ་ཅེས་བཏགས་ན་ཏག་ཏག་མི་འདུག་གམ།། ཧཧཧཧ

    Reply
  23. དྲང་སྲོང་། says:
    ལོ་ 13 སྔོན།

    བཀའ་བློན་ཁྲི་པས་ད་དབར་བསྐོར་བསྐྱོད་ཁོ་ནས་བོད་མིའི་འགྲོ་དོན་བྱ་བཞིན་པ་དང་། དེ་དང་དེར་དཀའ་ངལ་ཡོད་ཚེ་ཁོང་གི་དམ་བཅའ་ལས་རང་མགོ་རང་ཐོན་དགོས་པ་གླེང་བ་དང་། དེར་ཡར་རྒྱས་ཕྱིན་ཡོད་ཚེ་དམ་བཅའ་གཉིས་པ་གསར་གཏོད་བྱུང་བ་གང་ལེགས་ཡིན་པའི་བསྟོད་པ་གནང་བ། ཡང་དེར་རྙོག་གླེང་རིགས་བྱུང་ཚེ་དམ་བཅའ་གསུམ་པ་ཆིག་སྒྲིལ་དགོས་པར་ལམ་སྟོན་པ་བྱེད་པ་བཅས་ནི་ད་དབར་ཁོང་ཕྱིར་བསྐྱོད་གནང་བའི་བསྒྲུབ་བྱ་ལྟ་བུ་རེད། རྗེས་སུ་ས་གནས་ཁང་དུ་སྐྱོན་ཆག་དང་བཀྲ་མི་ཤིས་པ་བྱུང་ཚེ་ཁོང་སླར་ཡང་ཕེབས་པའི་རེ་སྨོན་ཡོད།

    Reply
  24. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    ནམ་དུའང་ལས་མེད་ལྟ་བུའི་ཡར་ཀླུངས་ལྷ་རྗེ་ཁོང་ནི། རྒྱུ་མཚན་དང་གནས་ལུགས་ཡེ་ནས་མེད་པའི་མི་རྣམས་ལ་ཁ་རྡུང་འདྲ་བྱས་ཏེ་དྲ་ངོས་སུ་འཛུལ་བཞིན་འདུག དེ་ནི་ཁོང་སྒེར་ལ་མཚོན་ན་བསམ་ཤེས་ལྡན་པའི་གང་ཟག་ལྟ་བུ་ཞིག་ཏུ་རློམས་ཏེ། སྤྱི་ཚོགས་ཀྱི་གནས་ཚུལ་མཐའ་དག་ལ་མུན་ནག་འདའ་འཕེན་འདྲ་བྱས་ཏེ་ཁུག་ཀྱོག་ཅིག་ཏུ་བཞུགས་ཡོད་ཚོད་རེད། འོན་ཀྱང་དེ་ནི་མི་གཞན་གྱིས་བལྟས་ན་སྙིང་རྗེའི་ཡུལ་དུ་གྱུར་པ་ཞིག་ལས་བློ་འགུགས་པའི་ཁྱད་ཆོས་དང་ཡིད་འཕྲོག་པའི་ལེགས་བཤད་ག་ལ་ཡིན། མ་ཟད་བོད་ཀྱི་སྤྱི་ཚོགས་ལ་ཞིབ་འཇུག་དང་རྒྱུས་དངོས་ཡེ་ནས་མི་བྱེད་པར་སེམས་ནང་གང་དྲན་བཤད་དེ་བསྡད་ན་དེ་བས་ཅི་ཕན། སྤྱིར་དུས་རབས་ཉེར་གཅིག་པའི་སྐབས་འདིར་རྒྱུ་མཚན་གནས་ལུགས་སོགས་ཡོད་ན་སྐྱེ་བོ་གང་ཞིག་ལ་ཡང་སྐྱོན་བརྗོད་བྱེད་ཆོག་པ་རེད། དེ་ལས་ལྡོག་སྟེ་སྨྱོ་པ་འདྲ་བྱས་ཏེ་མི་ཡོད་ཚད་ལ་གནས་ལུགས་མེད་པའི་ཁ་འདྲ་བཏང་ན་ཀུན་གྱི་སུན་སྣང་གི་རྒྱུ་ལས་ཅི་ཡོད།

    Reply
  25. ཟླ་བ་དོན་འགྲུབ། says:
    ལོ་ 13 སྔོན།

    ཨ་ལ་ལ་འདི་ལྟར་བོད་ལ་སྐྱོད་དུས་ནམ་ཞིག་ཡིན་ནམ་་་་་་་་ངས་ཉི་མ་འདི་འདྲ་ཞིག་ལ་རེ་སྒུག་བྱས་ནས་ཡོད།

    Reply
  26. lobsang says:
    ལོ་ 13 སྔོན།

    ཡར་ཀླུང་ལྷ་རྗེའི་གསུང་ལ་རྒྱབ་སྐྱོར་ཡོད་དངོས་ཡོད་གནས་ཚུལ་རེད། གཞུང་དོན་ཕྱོགས་བསྐྱོད་ཡིན་ཚེ་གང་གི་ཆེད་དུ་ཕེབས་པ་ཡིན་མིན་སོགས་ཁ་གསལ་དགོས་པ་ལས། སྤྲོ་འཆམ་ལྟ་བུ་ལ་གོ་མི་སྲིད་པ་མིན་པས་ཕེབས་དོན་གསལ་བོ་བཟོས་ན་ལེགས། ས་ཆ་ཁུག་ཅོག་ལ་ཕེབས་པ་དེ་ཡང་ཡག་པོ་རེད་དེ་ཕེབས་ཡང་དགོས་པ་རེད་དགུང་ལོ་ཆུང་ཆུང་རེད། ༸སྐྱབས་མགོན་༸རིན་པོ་ཆེ་དགུང་ལོ་་77་ལ་ཕེབས་ཡོད་ན་ཡང་ད་དུང་བོད་བསྟན་སྲིད་ཆེད་ག་ཚོད་ཕེབས་ཀྱི་འདུག་བཀའ་ཁྲི་ལ་དྭགས་ཕེབས་པ་ལ་ཧ་ལས་རྒྱུ་གང་ཡང་མེད། ཕེབས་དགོས་པ་རེད་ཁོའི་ལས་འགན་ཡང་རེད། ལྷག་པར་དུ་ད་ལོ་བཀའ་ཁྲི་མཆོག་གིས་གཙོས་བཀའ་ཤག་གིས་རྒྱ་གར་གཞུང་དང་ཧི་མ་ཅར་མངའ་སྡེ་གཞུང་ལ་འབྲེལ་བ་བྱས་ནས་རྒྱ་གར་དུ་འབྱོར་ནས་ལོ་ཉི་ཤུ་ལོན་པ་དང་རྒྱ་གར་ནས་སྐྱེས་པ་རྣམས་ཀྱི་སྐྱབས་བཅོལ་ལག་འཁྱེར་ལོ་ལྔ་རེའི་མཚམས་ནས་སྦྱང་རྒྱུ་བྱེད་ཐུབ་པ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ད་དུང་ལྷག་པར་དུ་ཧི་མ་ཅར་མངའ་སྡེ་གཞུང་ལ་འབྲེལ་བ་བྱེད་རྒྱུ་གལ་ཆེ་སྙམ། རྡ་སར་གནས་པའི་ཚོགས་སྡེ་ཁག་མང་པོ་ཞིག་གི་ས་ཁང་སོགས་ལ་ཉོག་དྲ་ལྷག་བསྡད་ཡོད་པ་རེད། དེར་མ་ཟད་གངས་སྐྱིད་ཀྱི་གཙོས་རྡ་སར་སྡོད་མཁན་རྣམས་ལ་ཆུའི་དཀའ་ངལ་ཧ་ཅང་ཆེ་བས་དེ་ལ་ཧི་མ་ཅར་མངའ་སྡེ་གཞུང་ནས་དེ་ལ་གཞུང་གི་ངོས་ནས་ཐབས་ཤེས་འདྲ་མེད་དམ།

    Reply
  27. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྲིད་སྐྱོང་བོད་ནང་ཕེབས་རྒྱུའི་རྟེན་འབྲེལ་འགྲིགས་ཚར་འདུག ཧ་ཧ།

    Reply
  28. ཟླ་བ་དོན་འགྲུབ། says:
    ལོ་ 13 སྔོན།

    ཨ་ལ་ལ་འདི་ལྟར་བོད་ལ་བསྐྱོད་ཐུབ་ན་དགའ་བ་ལ་སྐྱིད་པ་ལ་
    འདི་འདྲའི་དུས་ཞིག་ལ་ངས་རེ་སྒུག་བྱེད་་

    Reply
  29. མངའ་རིས་ཕོ་ཉ། says:
    ལོ་ 13 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིའི་དམ་བཅའ་བཞེས་ནས་ཟླ་བ་བཅུ་གཅིག་ལྷག་ཙམ་མ་གཏོགས་འགྲོ་གི་མེད་དེའི་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འགན་འཁུར་བླ་ན་མེད་པའི་ཐོག་བོད་བསྟན་སྲིད་མི་རིགས་ཀྱི་རྩ་དོན་ཆེད་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལ་སོགས་ཕྱི་གླིང་ཡུལ་གྲུ་གང་སར་བོད་དོན་དྲིལ་བསྒྲགས་དང་ཆེ་མཐོ་བའི་དཔོན་རིགས་རྣམས་ལ་མཇལ་འཕྲད་བོད་དོན་ཐོག་རྒྱབ་སྐྱོར་བཙལ་དང་འཚོལ་བཞིན་ཡོད་པ་མ་ཟད་བོད་ཀྱི་རྒྱལ་ས་གཉིས་པ་འཕགས་ཡུལ་གཞིས་ཆགས་ཁག་ལ་སྐོར་སྐྱོད་དང་བཀའ་ཤག་གིས་ལྟ་གྲུབ་གསུམ་གྱི་ཐོག་གཏམ་བཤད་གནང་དང་གནང་བཞིན་པ་རེད།

    Reply
  30. རྣོ་ཁབ་ལེན། says:
    ལོ་ 13 སྔོན།

    ཡུལ་སྐོར་སྤྲོ་འཆམ་གྱི་རྣམ་པ་ཤུགས་ཆེན་པོ་འདུག། འོན་ཀྱང་མ་འགྲིག་པ་མི་འདུག།

    Reply
  31. ཚ་བ་སྒྲོན་མེ། says:
    ལོ་ 13 སྔོན།

    བཀའ་བློན་མཆོག་གི་མཛད་འཕྲིན་རྒྱས་བའི་སྨོན་གྲངས་མེད་ཞུ་

    Reply
  32. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་ཡར་ངོས་ཟླ་ལྟར་རྒྱས་པའི་སྨོན་འདུན།

    Reply
  33. བསྟན་འཛིན་འཕགས་པ། says:
    ལོ་ 13 སྔོན།

    བོད་ཀྱི་སྲིད་ཞུ་བ་མཁས་དབང་བློ་བཟང་སེང་གེ་མཆོག་གི་འཛམ་གླིང་ས་ཆ་ཆེ་ཆུང་ཡོད་མེད་ལ་མ་ལྟོས་པར་བོད་བསྟན་སྲིད་ཆེད་དུ་ཐུགས་འཁུར་བཞིས་ནས་ས་ཆ་ཁུག་ཅོག་ལ་དཱགས་ཡིན་ཆད་གཟིགས་སྐོར་གནང་ནས་གཅིག་སྒྲིལ་གྱི་ནུས་པ་སྟོན་པ་སྙིང་ནས་དགའ་བསུ་ཞུ་།

    Reply
  34. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    དེ་ལས་ཡུལ་མིའི་འཚོ་བའི་གནས་སྟངས་དང་། གང་གི་ཆེད་ཕེབས་དོན་བཀོད་ན་ལེགས། དེ་མིན་ན་སྤྲོ་ཆམ་ལྟ་བུ་ཆགས་ཉེན་འདུག། དེང་སྐབས་གནམ་ཤེས་ལེགས་པའི་སྐབས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese