མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིག་སྒྱུར་གྱི་ལས་ཀ་དེ་ཆུར་རྐྱལ་བ་དང་འདྲ་བོ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp


གཟའ་པ་སངས་ཉིན་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་ཡིག་སྒྱུར་བ་ཆུང་ཚེ་རིང་ལགས་ཀྱིས། ཡིག་སྒྱུར་སྐོར་གྱི་གཏམ་བཤད་གནང་
སྟེ། ཡིག་སྒྱུར་སྐབས་མི་རིགས་སོ་སོའི་རིག་གཞུང་གི་མཚོན་དོན་དང་ཁྱད་ཆོས་ལ་གོ་བ་ལེན་སྟངས་མ་ནོར་བའི་ཐོག་ནས་འབྲི་སྒྱུར་བྱ་གལ་ཆེ་སྐོར་བསྟན་སོང་།

ཕྱི་ཚེས་ ༡༣ ཉིན་རྒྱབ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་དང་ཡིག་སྒྱུར་པ་ཆུང་ཚེ་རིང་ལགས་ཀྱིས། དཔེ་མཛོད་ཁང་གི་སློབ་མ་དང་ལས་བྱེད་གཙོ་བོ་བྱས་ཏེ། གངས་སྐྱིད་ཁུལ་གྱི་དོན་གཉེར་ཅན་སྐོར་ཞིག་ལ་ཁོ་རང་སྒེར་གྱི་ཉམས་མྱོང་བརྒྱུད་ཡིག་སྒྱུར་གྱི་ཤེས་བྱ་དང་། ལོ་ཙཱའི་དགོས་དམིགས་སྐོར་ལ་གཏམ་བཤད་གནང་ཡོད།

སྐབས་དེར་ཁོང་གིས་ “ཡིག་སྒྱུར་བྱེད་སྟངས་སྐོར་ལ་ད་སྔ་གཞུང་ལུགས་རང་བཞིན་གྱི་དཔེ་དེབ་ཅིག་ཕལ་ཆེར་འཛམ་གླིང་ནང་མེད་པ་དང་། ང་རང་ཉིད་ཀྱིས་ཀྱང་ཡིག་སྒྱུར་གྱི་ལས་ཀ་ནི་ཆུར་རྐྱལ་བ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཆུར་མ་རྐྱལ་སྔོན་ལ་ཆུར་འདི་འདྲ་བྱེད་དེ་རྐྱལ་དགོས་རེད་དང་དེ་འདྲ་བྱེད་ནས་རྐྱལ་དགོས་རེད་ཅེས་བཤད་ཀྱང་ཆུར་རྐྱལ་མཁན་ལ་དངངས་སྐྲག་སློང་པ་ཙམ་ལས་ཕན་པ་ཆུང་པ་ཡིན། དེ་ལས་རང་ཉིད་ཆུ་ནང་འཛུལ་ཏེ་རྐྱལ་བརྒྱབ་པ་ཡིན་ན་རིམ་བཞིན་རྐང་ལག་གཡུག་པ་དང་དབུགས་གཏོང་ལེན་སོགས་ཤེས་འགྲོ་བ་ལྟར། ཆེ་ཆུང་ལ་མ་བལྟས་པར་ཡིག་སྒྱུར་ལ་འབད་བརྩོན་བྱེད་པ་ཡིན་ན་ཤེས་ཐུབ་པ་ཞིག་རེད་”ཅེས་བརྗོད་སོང་།

ཡང་ཁོང་གིས་ཚིག་འབྲུ་རེ་རེ་བཞིན་སྒྱུར་རྒྱུ་ལས་སྒྱུར་བྱའི་རྩོམ་ཡིག་གི་ཁྱད་ཆོས་མ་བརླག་པའི་སྒོ་ནས་རྩོམ་ཡིག་གི་བརྗོད་སྙིང་ཧྲིལ་བོ་བོད་ཡིག་ནང་འབྲི་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ། ཡིག་སྒྱུར་སྐབས་མི་རིགས་སོ་སོའི་རིག་གཞུང་གི་མཚོན་དོན་དང་ཁྱད་ཆོས་ལ་གོ་བ་ལེན་སྟངས་མ་འདྲ་བ་ཡོད་པ་ཤེས་རྟོགས་ཐུབ་པའི་སྒོ་ནས་འབྲི་སྒྱུར་བྱེད་དགོས་པའི་སྐོར་ལ། བོད་ཡིག་ནང་ཁྱི་དང་ཝ་མོ་སོགས་ནི་ཐ་ཤད་དང་རྡར་མའི་མཚོན་དོན་ཡིན་ཡང་དབྱིན་ཡིག་ནང་དྲིན་བཟོ་ཤེས་མཁན་དང་དཔའ་བོའི་མཚོན་ཐབས་སུ་འཇོག་པ། རྒྱ་ཡིག་ནང་སེམས་པ་དམར་པོ་ནི་བོད་ཡིག་ནང་སེམས་པ་དཀར་པོའམ་ལྷག་བསམ་དཀར་པོ་ཞེས་པའི་མཚོན་ཐབས་ཡིན་སྟབས་ཚིག་སྒྱུར་བྱས་ཏེ་བོད་ཡིག་ནང་སེམས་དམར་པོ་ཞེས་བྲིས་ཚེ་གོ་རྒྱུ་མེད་པ་ལྟ་བུ་ཡིན་པར་བརྗོད་སོང་།

དེ་བཞིན་ཁོང་གིས་ཡིག་སྒྱུར་གྱི་དགོས་པ་ནི་གཞན་རིག་ནང་འདྲེན་ཐོག་བོད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན་ཡང་། གང་བསྒྱུར་པ་དེར་གོ་རྒྱུ་མེད་པའམ་ཁ་གསལ་བཟོ་མ་ཐུབ་ཚེ་ཡིག་སྒྱུར་གྱི་དགོས་པ་འགྲུབ་ཐུབ་མེད་པ། འགྱུར་ཚད་ལྡན་གྱི་ཚད་གཞི་འཇོག་ས་ནི་མ་ཡིག་གི་ནང་དོན་ནོར་འཆུག་མེད་པར་མ་ཡིག་གི་ཁྱད་ཆོས་ཁག་ཉམས་མེད་སྟེང་། བོད་མི་སྤྱིས་བརྗོད་བདེ་བ་དང་རྟོགས་བདེ་བ་བཅས་ཡོང་ཐབས་བྱ་དགོས་པ། ཡིག་སྒྱུར་བའི་ཉུང་མཐའི་ཆ་རྐྱེན་ཐད་ནས་སྒྱུར་མཁན་ལ་མ་ཡིག་གི་ནང་དོན་གོ་ནུས་པའི་སྐད་ཡིག་གི་ཤེས་ཚད་སྟེང་། སྒྱུར་བྱེད་སྐད་ཡིག་ཚད་དང་ལྡན་པ། སྒྱུར་བྱའི་མ་རྩོམ་ལ་རྒྱུས་མངའ་ཟབ་པ་ཙམ་མ་ཟད་བརྩོན་འགྲུས་ཆེན་པོ་ཡོད་དགོས་པ་སོགས་ཀྱི་ཆ་རྐྱེན་ཚང་དགོས་ཚུལ། མ་ཡིག་ཀློག་ཚུལ་ནི་དང་པོ་རྩོམ་ཡིག་གང་དེའི་སྤྱི་ཁོག་གི་བྲོ་བ་མྱང་ཐུབ་པ་དང་། གཉིས་པ་ཚིག་འབྲུ་རེ་རེ་དང་དེ་དག་གི་གྲུབ་སྟངས། ཚིག་དང་བརྗོད་པའི་གཙོ་ཕལ། ཚིག་སོ་སོའི་འབྱུང་ཁུངས་སོགས་ཤེས་རྟོགས་བྱ་རྒྱུ། མ་ཡིག་གི་ནང་དོན་རྟོགས་ཐབས་དང་འགྱུར་ཚིག་གི་གདམ་ཀ་འོས་འཚམ་སྤྱོད་ཕྱིར་ཚིག་མཛོད་འདྲ་མིན་ལ་འཚོལ་ཞིབ་ཁུངས་གཏུགས་བྱ་དགོས་པ་སོགས་ཡིག་སྒྱུར་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཁག་ངོ་སྤྲོད་གནང་སོང་།

དངོས་སུ་སྒྱུར་འབྲི་བྱེད་སྐབས་དོ་སྣང་བྱ་ཡུལ་སྐོར་ནས་ཁོང་གིས། ཁོར་ཡུག་ཟིང་ཟིང་མེད་པ་ཞིག་ཏུ་སེམས་ལྷོད་ལ་འབབ་ཐུབ་ན་རྩོམ་ཡིག་གི་བརྗོད་བྱའི་སྣང་བརྙན་དང་མི་སྣའི་སྣང་བརྙན་སེམས་སུ་འཆར་ཐུབ་པ་བྱས་ཏེ། ཚིག་གྲུབ་སོ་སོའི་ནང་གི་གནད་འགག་ངོས་བཟུང་སྟེ་གཙོ་ཕལ་གོ་ནོར་མ་ཐེབས་པར་ཕབ་སྒྱུར་བྱ་དགོས་པ་མ་ཟད། མ་ཡིག་གི་རིམ་པ་དང་སྐད་ཡིག་གི་རིམ་པ་ཏག་ཏག་གནས་ཐུབ་པར་བྱ་རྒྱུ། ཡིག་སྒྱུར་གྱི་དཀའ་ངལ་སེལ་ཐབས་སུ་རིག་གཞུང་དང་སྐད་ཡིག་གི་བེད་སྤྱོད། ལུགས་སྲོལ་སོགས་མ་ཡིག་ནང་གི་གོ་དོན་བོད་ཡིག་ནང་ཇི་ལྟར་འབྲི་རྒྱུར་བོད་རང་གི་ཕ་སྐད་ནང་གོ་བ་ལེན་ཐུབ་པ་ཞིག་ལ་བསམ་བློ་གཏོང་དགོས་པའི་ཐད་ཁོང་གིས། དབྱིན་ཡིག་ནང་(have a sweet dream) ལྟ་བུར་མཚོན་ན། བོད་ཡིག་ནང་གཟིམ་འཇག་གནང་ངམ་གཉིད་ཡག་པོ་ཁུག་ཅེས་པའི་གོ་དོན་རེད། འོན་ཀྱང་ཐད་ཀར་དབྱིན་ཡིག་གི་ཚིག་དོན་བཞིན་རྨི་ལམ་མངར་མོ་ཞིག་ཡོད་ཅེས་བསྒྱུར་ན་གོ་རྒྱུ་མེད་པ་ལྟར། ཚིག་ལ་མ་བལྟས་པར་དོན་ལ་གོ་བ་བླངས་ཏེ་འབྲི་དགོས་པ་སོགས་ཀྱི་ལམ་སྟོན་གནང་སོང་།

ཡང་ཁོང་གིས་མ་ཡིག་ནང་གི་ཚིག་གམ་ཚིག་གྲུབ་རེ་ཟུང་ལ་བོད་ཡིག་ནང་ཏག་ཏག་འབྲི་མ་ཐུབ་པའི་རིགས་ལ་དཔར་རིས་དང་མཆན། གསལ་བཤད་འབྲི་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། མ་ཡིག་ནང་གི་མིང་དང་ཐ་སྙད་ཁག་ཅིག་བོད་ཡིག་བོད་སྐད་ནང་རྩ་བ་ནས་མེད་པ་དེ་འདྲའང་ཡོང་སྲིད་པས། དེ་འདྲའི་རིགས་ལ་སྒྱུར་པ་བོས་གསར་བཟོ་བྱ་མི་ཆོག་པ་མིན་ཡང་། གསར་བཟོ་བྱས་རིགས་ལ་ངེས་པར་དུ་གསལ་བཤད་འབྲི་རྒྱུ་གལ་ཆེན་པོ་ཡིན་པ། དེ་བཞིན་ཡིག་སྒྱུར་སྐབས་སྒྲ་རང་སོར་འཇོག་པ་ལ། སྒྲ་ཡི་ནུས་པའི་ཆ་ནས་རང་སོར་བཞག་པ། གོ་དོན་ཁ་ཤས་ཡོད་པའི་ཆ་ནས་སྒྲ་རང་སོར་བཞག་པ། བོད་ལ་མེད་པའི་ཆ་ནས་སྒྲ་རང་སོར་བཞག་པ་མ་ཟད། སྒྲ་རང་སོར་འབྲི་ཚུལ་ལ་སྔགས་ཡིག་གི་འབྲི་ཐབས་དང་བོད་ཡིག་རང་གི་འགྲོ་སྟངས་བཞིན་སྒྲ་གང་ཐོན་ལྟར་འབྲི་བ་སོགས་ཡོད་པར་བརྗོད་བྱུང་།

གསར་འགོག་པས་ཆུང་ཚེ་རིང་ལགས་སུ་བཙན་བྱོལ་སྤྱི་ཚོགས་ནང་གི་ཡིག་སྒྱུར་གྱི་ཞན་ཆ་ཆེ་ཤོས་ག་རེ་མཐོང་གི་ཡོད་སྐོར་དྲིས་པའི་ལན་དུ་ཁོང་གིས། དང་པོ་ཡིག་སྒྱུར་བྱེད་མཁན་སྡེ་ཚན་ཁག་བར་མཉམ་ལས་མཐུན་སྒྲིལ་མེད་པ་དེ་ཡིན་ཞིང་། ཤེས་རིག་དང་བོད་ཁྱིམ། བོད་ཀྱི་དཔེ་མཛོད་ཁང་སོགས་ཚོགས་སྡེ་ཁག་གིས་སོ་སོའི་ཐད་ནས་ཅིག་སྒྱུར་བཞིན་ཡོད་ཀྱང་ད་སྔ་སློབ་ཚན་ཞིག་ལ་མཚོན་ན་འཛིན་རིམ་བཅུ་གཉིས་པར་ཆ་ཚང་པ་ཞིག་སྒྱུར་ཐུབ་མེད་པ་དང་། གལ་སྲིད་ཚོགས་སྡེ་དེ་དག་བར་མཉམ་ལས་མཐུན་སྒྲིལ་ཐོག་སྡེ་ཚན་རེ་རེ་ཡིས་ཁ་ཕྱོགས་རེ་བཞུང་སྟེ་སྒྱུར་ཡོད་ཚེ་གྲུབ་འབྲས་གང་འཚམ་ཐོན་ཡོད་པ་མ་ཟད། ཐ་སྙན་རིགས་ཀྱང་གཅིག་གྱུར་ཡོང་རྒྱུར་ཕན་ཐོགས་ཆེ་བ་ཡོད་པ་དང་། གཉིས་ནས་ལོ་ཙཱ་བ་དང་ཡིག་སྒྱུར་པ་ཚད་ལྡན་འཐོན་ཐུབ་ཀྱི་མེད་པ། དེ་ནི་ཡིག་སྒྱུར་བ་གསོ་སྐྱོང་བྱེད་ཀྱི་མེད་པ་དང་། གལ་སྲིད་སྐད་ཡིག་ཡག་པོ་ཡོད་མཁན་དང་ཡིག་སྒྱུར་ལ་སྤྲོ་བ་ཡོད་རིགས་ལ་མཐུན་འགྱུར་ཐོག སྔོན་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་སྐབས་ཡིག་སྒྱུར་ཁང་གསར་རྒྱག་དང་ལོ་ཙཱ་བ་གསོ་སྐྱོང་བྱས་པ་ལྟར། བཙན་བྱོལ་སྤྱི་ཚོགས་ནང་ཡིག་སྒྱུར་ཆེད་ལས་པ་གསོ་སྐྱོང་བྱས་པ་ཡིན་ན་ཡིག་སྒྱུར་པའི་སྟོང་ཆ་ཞིག་བསྐང་ཐུབ་པའི་རེ་བ་ཆེན་པོ་ཡོད་པར་བརྗོད་བྱུང་།

ཆུང་ཚེ་རིང་ལགས་ནི་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་དང་། ཁོང་གིས་ད་སྔ་འདི་ག་དུས་བབ་གསར་ཁང་གིས་དཔར་འགྲེམས་བྱས་པའི་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་སྲིད་དོན་མི་ཚེ་༼བོད་མི་གསར་བརྗེ་བ་ཞིག ༽ཞེས་པ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་དཔར་འགྲེམས་ཞུས་པའི་བཀྲ་ཤིས་ཚེ་རིང་གི་མི་ཚེའི་ལོ་རྒྱུས་༼ཕ་ཡུལ་གྱི་ཕན་བདེ་ཆེད་དུ ༽ ཞེས་པ་སོགས་དཔེ་དེབ་བཅུ་གྲངས་ཤིག་སྐད་ཡིག་གཞན་ནས་བོད་བསྒྱུར་ཞུས་ཡོད་པ་དང་། ད་ལྟའང་དབྱིན་ཡིག་གི་དཔེ་དེབ་གཉིས་ཙམ་བོད་སྒྱུར་བྱེད་མུས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༦ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༧ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 12

  1. གསེར་སྡོམ། says:
    ལོ་ 13 སྔོན།

    རེད། ཆུང་ཚེ་རིང་ལགས་ནི་སྒྱུར་བ་པོ་སྤུས་ལེགས་ཤིག་ཡིན་པ་མ་ཟད། སྤྱིར་མི་སེམས་བཟང་ཅན་དང་ཕྱོགས་ལྷུང་མེད་པ། ཁྱད་གསོད་དང་མཁས་ཉམས་མེད་པ་ཞིག་ཀྱང་ཡིན་པ་ང་རང་ལའང་མྱོང་བ་ཡོད། ཁོང་གིས་’ཡིག་སྒྱུར་ནི་ཆུར་རྐྱལ་བ་འདྲ་བོ་རེད་’ཟེར་བ་དཔེ་འཇོག་སྟངས་ཧ་ཅང་ཡག་པོ་འདུག དེ་བས་ཡིག་སྒྱུར་ནི་ལག་ལེན་རེད། ངས་བསམ་ན་ཡིག་སྒྱུར་ནི་ད་དུང་ཆུར་རྐྱལ་སྐབས་ལུས་པོའི་ཡན་ལག་ཆ་ཚང་ལ་འགུལ་སྐྱོད་ཐེབས་པ་ལྟར་ཡིག་སྒྱུར་ཡང་ཕྱོགས་ཡོངས་ནས་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་འདུག་་་་་

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ལོ་རབ་དགུ་བཅུའི་ནང་བཙན་བྱོལ་ལ་འབྱོར་བའི་ཤེས་ཡོན་པས་བོད་ཡིག་ཐོག་དམིགས་གསལ་བཙན་བྱོལ་ནང་ཡར་རྒྱས་སོང་ཡོད་ལ་དེང་སྐབས་ལོ་ཙ་བ་ཡང་མི་ཉུང་བ་ཞིག་ཐོན་བཞིན་ཡོད་པས་ནི་དགའ་བ་འོས་པའི་བྱ་བ་ཞིག་ཡིན། ཡིན་ནའི་བཙན་བྱོལ་ནང་ས་སྐྱེས་རྡོ་སྐྱེས་བའི་བོད་མི་ན་གཞོན་དེ་ཚོས་བོད་ཡིག་གམ་དབྱིན་ཡིག་ཐོག་གྲུབ་འབྲས་དེ་ལྟ་བུ་ཐོན་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    Dial = སྐོར། ཡང་ན། སྐོར་ཅིག
    Call = གཏོང་། ཡང་ན། ཐོང་ཤིག
    Cancel = བསྲུབ། ཡང་ན། སླུབས་ཤིག
    Ok = འགྲིགས། ཡང་ན། འགྲིགས་འདུག
    End = རྫོགས། ཡང་ན། རྫོགས་ཟིན།
    Slide = དོ་སྣང་།
    On = སྤོར། ཡང་ན། སྤོར་ས། སྤོར་ཤིག
    Off = སོད། ཡང་ན། གསོད་ས། སོད་ཅིག
    དཔྱད་གཞི་ཙམ་མོ།

    Reply
  4. ནོར་བུ། says:
    ལོ་ 13 སྔོན།

    སྐད་གཉིས་སྨྲ་བ་པོ་རྣམས་ལ་ཆེད་ཞུ
    ཁྱོད་རྣམ་པར་ཞུ་རྒྱུར། iphone་དང་།mac bookགཉིས་ནང་གི་དབྱིན་ཡིག་ཡོད་ཚད་བོད་བསྒྱུར་བྱེད་ཐུབ་ན་ད་གཟོད་བོད་ཡིག་ཅན་གྱི་iphoneདང་macbookཐོན་པར་དཀའ་ངལ་མེད།
    བཀྲིས་བདེ་ལེགས་ཞུ།
    དཔེར་ན། Dial, Call, Cancel, Ok, End, Slide, On, Off
    ‘འདི་རིགས་

    Reply
  5. བཙན་པོའི་བུ། says:
    ལོ་ 13 སྔོན།

    ཤེས་ཡོན་ཅན་ཟེར་ན་ཆུང་ཚེ་ལགས་འདྲ་བོ་དེ་འདྲ་དགོས་པ་རེད། ཕྱོགས་ལྷུང་མེད་ཅིང་འུར་གཏམ་ཆུང་བ། སྤྱི་པའི་དོན་དུ་རང་ནུས་ཡོད་རྒུ་ཡིས་འབད་ཐབས་བྱེད་མཁན་ཞིག་རེད། ཆུང་ཚེ་ལགས་ཀྱི་མཛད་འཕྲིན་རྒྱས་པའི་སྐབས་འདིར་བཙན་བྱོལ་ནང་གི་ཤེས་ཡོན་པར་འཆེས་པའི་འུད་ཤོབ་ཅན་གྱི་མི་སྣ་དེ་ཚོར་ཤུགས་རྐྱེན་ཞིག་ཐེབས་རེ་ཡོད། ཆུང་ཚེ་ལགས། མུ་མཐུད་འབད་ཐབས་གནང་རོགས་གནང་། ང་ཡང་ཡིག་སྒྱུར་ལ་དགའ་ཞེན་ཡོད་མཁན་ཞིག་དང་དེའི་ཐད་འབད་ཐབས་གང་ཡོད་བྱེད་མཁན་ཞིག་ཡིན། བཀྲིས་བདེ་ལེགས།

    Reply
  6. ཐོ་རངས། says:
    ལོ་ 13 སྔོན།

    ཆུང་ཚེ་རིང་ལགས་ཐུགས་རྗེ་ཆེ།
    ཁྱེད་ཀྱིས་ད་དུང་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞེས་པའི་བསྒྱུར་རྩོམ་དེ་ཧ་ཅང་གི་ཡག་པོ་འདུག

    Reply
  7. རྣོ་ཁབ་ལེན། says:
    ལོ་ 13 སྔོན།

    མིང་དོན་མཚུངས་པའི་ཡིག་སྒྱུར་བ་ཞིག་རེད། བཀྲ་ཤིས་བདེ་ལེགས་ཞུ།
    སྒྲུང་རྩོམ་གྱི་རིགས་མང་ཙམ་སྒྱུར་རོགས།

    Reply
  8. བྱ་གླག says:
    ལོ་ 13 སྔོན།

    གསར་འགོད་པས་གཏམ་བཤད་ཀྱི་ནང་དོན་རྒྱས་འབྲི་གནང་བར་ཐུགས་རྗེ་ཆེ། ད་དུང་འདི་ལས་རྒྱས་ཙམ་བཀོད་ཡོད་པ་ཡིན་ན། ངེད་ཀློག་པ་པོ་དོན་ཉེར་ཅན་དག་ལའང་འདི་ལས་ལྷག་ཅིག་ཕན་ཐོགས་འབྱུང་ངེས་ཡིན།

    Reply
  9. འཁྲུངས་སྐར། says:
    ལོ་ 13 སྔོན།

    རེད་ཡ་ ཆུང་ཚེ་རིང་ལགས་ནི་མི་རབས་གསར་པའི་ནང་གིས་ནོར་བུ་ཡིན་། ཁོང་སྐུ་ཚེ་རིང་བ་ཤོག

    Reply
  10. ཤར་མདའ། says:
    ལོ་ 13 སྔོན།

    ཆུང་ཚེ་རིང་ལགས་ནི་བོད་ཀྱི་ལོ་ཙྭ་པ་ཡག་ཤོས་རེད་ཟེར་ན་ཆོག་པ་ལྟ་བུ་མཐོང་ངོ་མ་བཀྲིན་ཆེ་རྗེས་སུ་ད་དུང་འཛམ་གླིང་ཐོག་གི་དཔེ་དེབ་གྲགས་ཆེན་གང་མང་རེ་བསྒྱུར་རོགས་ཞུ་རྒྱུ་ཞེས་ཐུགས་རྗེ་ཆེ།

    Reply
  11. ཁ་བཏགས་དཀར་པོ། says:
    ལོ་ 13 སྔོན།

    ཆུང་ཚེ་རིང་ལགས་ཀྱི་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་གསར་བརྗེ་ཞེས་དཔེ་དེབ་དེ་ཧ་ཅང་གི་ཡིག་སྒྱུར་ཡག་པོ་གནང་འདུག་པས་ཐུགས་རྗེ་ཞུ་བ་དང་སྦྲགས། ད་དུང་སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ཚོར་བ་ཧ་ཅང་གི་ཆ་རྒྱུས་ཡོད་པར་སོང་། དཔེ་དེབ་སྐད་གྲགས་ཆེ་བ་དེ་རིགས་ཡིག་སྒྱུར་གནང་བའི་རེ་བ་ཆེ།

    Reply
  12. གཡང་སྐྱིད། says:
    ལོ་ 13 སྔོན།

    ཆུང་ཚེ་རིང་ལགས་ནས་ད་ཕན་དཔེ་དེབ་ཡག་པོ་ཁ་ཤས་བསྒྱུར་སོང་། བསྒྱུར་བ་དེ་དག་ཀྱང་གོ་བདེ་བོ་འདུག ཐུགས་རྗེ་ཆེ། ད་དུང་ལོ་རྒྱུས་ཙམ་མ་ཡིན་པར། ཕྱི་རྒྱལ་གྱི་སྒྲུང་དེབ་མང་ཙམ་བོད་ཡིག་ལ་བསྒྱུར་བའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese