མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཕྱོཊ་ཀྱི་མེ་ལྕེ་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་རུ་ཁག་དེ་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་སེར་སྐྱ་མི་མང་ ༡༠༠༠ ལྷག་གིས་དགའ་བསུའི་སྣེ་ལེན་ཞུས་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ནེའི་སློབ་ཕྲུག་ཚོགས་པའི་རྒྱུན་ལས་ཟུར་པ་བསྟན་འཛིན་དགྲ་ལྷ་དང་ཚེ་དབང་རྡོ་རྗེ་གཉིས་ཀྱིས་བདེན་པའི་མེ་ལྕེ་བསྣམས་ཏེ་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་འབྱོར་སྐབས། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས།  ལུགས་ཟུང་དང་བདེ་སླར་གཉིས་ཀྱི་ས་གནས་མགོ་འཛིན། མཉམ་འབྲེལ་ཚོགས་གཙོ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི།  ས་གནས་གཞོན་ནུ་དང་བུད་མེད་བཅས་ཀྱིས་རྩིས་བཞེས་གནང་ཡོད་འདུག  

དེ་ནས་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་བདེན་པའི་མེ་ལྕེ་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་(J.P.Urs)ལགས་དང་། ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་གཉིས། ས་གནས་ཁྲིམས་ཞིབ་པ། ལུགས་ཟུང་དང་བདེ་སླར་གཉིས་ཀྱི་གཞིས་མགོ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ། ས་གནས་སྐྱ་སེར་མི་མང་བཅས་མི་གྲངས་ཆིག་སྟོང་བརྒལ་བ་འདུ་འཛོམས་བྱུང་ཡོད་འདུག

མཛད་སྒོའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་སོགས་ཀྱི་སྔོན་འགྲོ་ལས་རིམ་གྲུབ་རྗེས། ལུགས་བསམ་ས་གནས་མགོ་འཛིན་ཚེ་དབང་དངོས་གྲུབ་ལགས་དང་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་རྣམ་གཉིས་ཀྱིས་སྔ་རྗེས་སུ་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་སྐོར་ངོ་སྤྲོད་དང་འབྲེལ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་ཆོད་སེམས་ལ་སྔགས་བརྗོད་དང་ཚེ་སྲོག་ཤོར་བ་རྣམས་ཀྱི་ནང་མི་ཉེ་འབྲེལ་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། ཁོང་ཚོའི་མངོན་འདོད་གང་ཡོད་པ་དེ་བསྒྲུབ་རྒྱུར་ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་པ་ཚོས་ངེས་པར་དུ་བསམ་ཤེས་དང་འབད་བརྩོན་ཞུ་རྒྱུ་ཡིན་པའི་ཁས་ལེན་དང་། ལྷག་དོན་དུ་ད་ལྟའི་ཆར་ཚང་མས་བོད་དོན་ཆེད་ནུས་པ་འདོན་པའི་དུས་ལ་བབ་ཡོད་སྟབས། བཙན་བྱོལ་བོད་མི་ཚང་མ་མི་རེ་ངོ་རེ་ནས་ཟླ་རེའི་ཡོངས་ཁུངས་ནས་བོད་དོན་ལས་འགུལ་ཆེད་མ་དངུལ་ཟུར་འཇོག་གནང་དགོས་པའི་ཞེན་སྐུལ་ཡང་གནང་ཡོད་འདུག

ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས། (J.P.Urs)ལགས་ཀྱིས་རྒྱལ་སྤྱིའི་ཁྱོན་ལ་གནས་པའི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་ཆེད་སོ་སོའི་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་བོད་དོན་བདེན་མཐའ་གསལ་བའི་ལས་འགུལ་སྔར་ལྷག་སྤེལ་དགོས་པའི་འབོད་སྐུལ་གནང་བ་དང་བདེན་པའི་མེ་ལྕེ་ལས་འགུལ་བརྒྱུད་ནས་བོད་དོན་བདེན་མཐའ་སེལ་བའི་རེ་བ་དང་སྨོན་འདུན་ཡོད་པ་སོགས་ཀྱི་གཏམ་བཤད་གནང་ཡོད་འདུག

མཇུག་ཏུ་བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན་བྱམས་པ་ཕུན་ཚོགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་བདེན་ཚིག་སྨོན་ལམ་གསུང་གདོན་གནང་རྗེས་མཛད་སྒོ་མཇུག་སྒྲིལ་ཡོད་འདུག ཕྱི་ཚེས་ ༢༠ ནས་ ༢༩ ཉིན་བར་སྦེལ་ཀོབ་ཁུལ་དུ་མེ་ལྕེ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༦ ཉིན་པིར་ཡ་པར་ན་དང་། (Priyapatna)ཕྱི་ཚེས་ ༢༧ ཉིན་མ་ཏྲི་ཀ་རི་ (Medikeri) ཕྱི་ཚེས་ ༢༨ ཉིན་ཀུ་ཤལ་ན་གར། (Kushalnagar) བཅས་ས་གནས་རྒྱ་གར་གྲོང་སྡེ་ཁག་ནང་སྐོར་སྐྱོད་ཀྱིས་མཚན་རྟགས་བསྡུ་རུབ་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese