མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་དང་གཞན་དག

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་བློ་བཟང་དཔལ་ལྡན།

བོད་གངས་ཅན་པ་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་ནས་ད་ལྟའི་བར་དུ་རྒྱལ་གཅེས་དཔའ་པོ་གྲངས་ལས་འདས་པ་ཞིག་གིས་མི་རིགས་ཀྱི་བདེ་སྐྱིད་དང་། ལོ་རྒྱུས་ཀྱི་ཁེ་དབང་སླད་དུ་ཚེ་སྲོག་བཏང་དང་གཏོང་བཞིན་པ་སྤྱི་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནས་བཟུང་རང་ཉིད་ཀྱི་ལུས་པོ་དམར་པོ་མེ་ལ་མཆོད་དེ་མི་རིགས་ཀྱི་བདེན་དོན་ཚེ་སྲོག་ཁོ་ནས་གླེང་བའི་རྒྱལ་གཅེས་དཔའ་བོ་བཞི་བཅུ་ཞེ་གྲངས་ཤིག་བྱུང་བ་འདིས་འཛམ་གླིང་ལ་སྔར་བྱུང་མ་མྱོང་བའི་ཟིན་ཐོ་གསར་པ་ཞིག་བསྐྲུན་པ་དང་།  ལོ་རྒྱུས་ནང་མཐོང་དཀོན་པའི་ཞི་བའི་འཐབ་རྩོད་ཀྱི་རྣམ་པ་ཞིག་བོད་ཡུལ་ནས་ཐོན་ཞིང་། རླབས་ཆེ་བའི་སྙིང་སྟོབས་དང་ཆོད་སེམས་འདིས་བོད་མི་རིགས་ཀྱི་མ་འོངས་པ་གསལ་བར་བྱས་ཡོད་པ་མ་ཟད། མདོ་དབུས་མཐོ་སྒང་སླར་ཡང་སྲིད་འབྱོར་རིག་གསུམ་གྱི་རང་དབང་ཡུལ་གྲུ་ཞིག་ཏུ་འཕོ་ངེས་པའི་བདེན་རྟགས་གསལ་བོར་བསྟན་པ་རེད། ཁོང་ཚོའི་ཟླ་མེད་སྙིང་སྟོབས་དང་དྲི་བྲལ་ལྷག་བསམ་དཀར་པོས་རང་སྲོག་མེད་ལ་བསྒྲོན་པ་ལ་བརྟེན་ཏེ་ད་ལྟའི་ཆར་ཉམ་ཆུང་ཞིང་། རང་ས་གཞན་ལ་ཤོར་བའི་ང་ཚོའི་མི་རིགས་ཀྱི་བདེན་དོན་ལ་སྔ་ན་མེད་པའི་ཆེ་མཐོང་དང་། རིན་ཐང་ལྡན་པར་གྱུར་ཏེ་འཛམ་གླིང་གི་གཟུར་གནས་སྲིད་གཞུང་དང་། ཚོགས་སྡེ། མི་སྒེར་བ་བཅས་ཀྱིས་ཤ་ཚ་དང་རྒྱབ་སྐྱོར་སྔར་ལྷག་ཐོབ་བཞིན་པ་མ་ཟད། ཡུ་རོབ་སྤྱི་མཐུན་གྱིས་བཙན་བྱོལ་སྒྲིག་འཛུགས་ནི་བོད་མི་རིགས་ཀྱི་ཚབ་མཚོན་དུ་གྲོས་ཆོད་ལམ་ནས་ངོས་འཛིན་བྱས་པ་སོགས་རླབས་ཆེ་བའི་རྒྱལ་ཁ་ཇི་སྙེད་ཅིག་བྱུང་ཡོད་ལ། ༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ཡང་དག་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་སྟངས། གཞུང་སྒེར་ཚོགས་པ་དང་མི་སྒེར་དག་གི་རྣམ་པ་འདྲ་མིན་གྱི་ལས་འགུལ་དང་དྲིལ་བསྒྲགས་བཅས་ལ་བརྟེན་ནས་ང་ཆེ་ང་བཙན་གྱི་རྒྱ་གཞུང་གི་དྲིལ་བསྒྲགས་རྫུན་མ་དང་། འཁྲབ་སྟོན་བཅོས་མ་དག་གི་རྫུན་རྐུབ་རྡོལ་བཞིན་ཡོད་དེ། བོད་ཡུལ་ཧྲིལ་བོར་དམག་རྒྱ་བསྡམས་པ་ལྟ་བུའི་གནས་སྟངས་དང་། བོད་ཀྱི་སྐད་ཡིག་རིག་གཞུང་གི་སློབ་གསོ་བཀག་འགོག སྐྱེ་དངོས་གཏོར་བཅོམ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་སྡོད་རང་དབང་ཕྲོགས་དང་འཕྲོག་བཞིན་པ་དག་སྨྲ་ལྕེ་སྟོང་དུ་སྤྲུལ་ཀྱང་འཛམ་བུ་གླིང་ལ་གསལ་བཤད་བྱ་ཐབས་བྲལ་བའི་ཚོད་དུ་ལྷུང་བཞིན་ཡོད། ད་དུང་རྒྱ་ནག་ནང་ལོགས་ཀྱི་ལྐོག་ཟ་རུལ་སུངས་དང་། དབུལ་ཕྱུག་གི་ཁྱད་པར། ལས་མེད་ཀྱི་མི་འབོར། དམངས་གཙོ་དང་དད་མོས་ཀྱི་ཐོབ་ཐང་ཉམས་རྒུད་ནས་རྩ་བྲལ་དུ་འགྲོ་ལ་ཉེ་བ་སོགས་སྲིད་དབང་གཅིག་སྡུད་ཀྱི་གདུག་རྩུབ་སྔར་ལས་ཀྱང་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད།  ཕྱོགས་གཞན་ནས་རྒྱ་གཞུང་གིས་སྔར་རྒྱུན་བཞིན་༸གོང་ས་མཆོག་ལ་མཚན་སྨོད་ཞུ་རྒྱུ་དང་ཁ་བྲལ་བའི་ངན་སྐུལ་འོག་བོད་ཀྱི་བདེ་འཇགས་དཀྲུགས་ཚུལ་སོགས་འུར་སྒྲོག་བྱེད་བཞིན་ཡོད་པ་དང་། སྒོར་མོ་མང་པའི་སྲིད་གཞུང་དེས་རྒྱུ་ཤུགས་མི་ཤུགས་འདང་ཚོད་སྤྱད་དེ་དྲིལ་བསྒྲགས་ཀྱི་འགྲན་ཟླར་༸གོང་ས་ཐམས་ཅད་མཁྱེན་པ་བཞད་མོ་ལྷང་ལྷང་གིས་ཕེབས་བཞིན་ཡོད་ལ། གླིང་ཆེན་ཨ་རི་དང་ཡུ་རོབ་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་༸གོང་ས་མཆོག་གི་འཕྲིན་ལས་ནི་མེ་ལྕེ་བཞིན་མཆེད་བཞིན་ཡོད་པ་འདིས། བསྙད་འདོགས་སྐུར་འདེབས་ཀྱི་རྒྱ་གཞུང་གི་དྲིལ་བསྒྲགས་ལ་འཛམ་གླིང་ཁྲོད་ནུས་པ་ཇི་འདྲ་ཐོན་བཞིན་ཡོད་མེད་སུས་ཀྱང་ཤེས་ནུས་པ་ཞིག་རེད།

ཧུའུ་ཅན་ཐོ་དམར་གཞུང་གི་སྲིད་ཁྲིར་ལངས་པ་ནས་བཟུང་འཆམ་མཐུན་སྤྱི་ཚོགས་འཛུགས་དགོས་པ་དང་། དེ་ཡང་ནང་སེམས་ནས་མགོ་འཛུགས་དགོས་སོགས་ཀྱི་གླེང་གཞི་བསླངས་ཏེ་ལས་འགུལ་སྣ་ཚོགས་སྤེལ་མོད། ཁོའི་སྲིད་འཛིན་དུས་ཡུན་གྱི་ལོ་ངོ་བཅུ་ལ་ཕྱིར་ལྟ་ཞིག་བྱས་ན། འཆམ་མཐུན་དང་། བདེ་འཇགས་སོགས་ནི་ནེ་ཙོའི་མི་སྐད་ཀྱི་དཔེ་རུ་སོང་འདུག་སྟེ། ལོ་ངོ་འདི་སྙེད་རིང་རྒྱ་ནག་གི་སྤྱི་ཚོགས་མི་གཤིས་ཀྱི་ཉམ་ཉེས་དང་། སྒྲིག་ཁྲིམས་ཀྱི་ཉམས་ཉེས། ལམ་ལུགས་ཀྱི་ཉམས་ཉེས་འདི་ལྟ་བུ་ནི་དེ་སྔའི་དམར་གཞུང་ལོ་རྒྱུས་ནང་མཐོང་དཀོན་པའི་ཚོད་དུ་ཡོད། ཐ་ན་རིག་གནས་གསར་བརྗེ་ཞེས་པའི་སྨྱོན་པའི་དུས་རབས་དེའི་ནང་ལ་ཡང་དམར་གཞུང་གི་དཔོན་རིགས་ཕལ་མོ་ཆེའི་སོ་སོའི་ཀུན་སྤྱོད་བདག་གཅེས་བྱེད་ཐུབ་ཡོད། འོན་ཀྱང་། ད་ལྟ་ནི་ཆེས་མཐོ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་དམའ་ཞིང་འབྲོག་གི་དམར་དཔོན་གྱི་བར་ལྐོག་ཟ་དང་ལྐོག་ལས་ཀྱི་དྲ་བ་ཟླུམ་པོ་གཅིག་གི་ནང་དུ་ལྷུང་ཟིན་ལ། སྤྱི་ཚོགས་ཀྱི་འཆམ་མཐུན་དང་སྒྲིག་ལམ་ནི་སྨོས་མ་དགོས་པར་འཛམ་གླིང་མི་དམངས་ཧང་སང་དགོས་པའི་གནད་དོན་མང་པོ་རིམ་བསྟུད་དུ་བྱུང་དང་འབྱུང་གིན་ཡོད་དེ། དེའི་ནང་ཆོས་ལུགས་ཀྱི་གནད་དོན་དང་། མི་རིགས་ཀྱི་གནད་དོན། དབུལ་ཕྱུག་གི་ཧེ་བག་སོགས་དམག་རྒྱ་མ་བསྡམས་ན་མི་གནོན་པའི་ཚོད་དུ་ལྷུང་ཡོད།

སྔར་ཞིག་ནས་བཟུང་རྒྱ་གཞུང་གི་རྩ་ཁྲིམས་སུ་ཚོགས་པ་འཛུགས་རྒྱུ་དང་། གཏམ་གླེང་འདུ་འཛོམས་ཀྱི་རང་དབང་སོགས་མང་ཞིག་བཤད་ཡོད་ཀྱང་དོན་ངོ་མའི་ཐོག་དེ་རིགས་བཤད་ས་མེད་པར་རྒྱ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཙོན་ཁང་དུ་བཅུག་རྐྱང་བྱེད་ཀྱིན་ཡོད། རིག་གནས་གསར་བརྗེའི་རྙིང་བཞི་རྩ་མེད་དང་། གྲལ་རིམ་འཐབ་རྩོད་སོགས་ནི་ཇི་ལྟར་བཤད་ཀྱང་སྨྱོས་ཟིན་པའི་མི་རབས་ཤིག་གི་བྱས་རྗེས་རང་ལ་བརྩི་རྒྱུ་ལས་བྱ་ཐབས་མེད་མོད། ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་བྱུས་མགོ་བརྩམས་ཤིང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་ལག་རྩལ་ཀྱང་འཕེལ་རྒྱས་བྱུང་ལ། འཛམ་གླིང་གི་ཡུལ་གྲུ་ཆེན་པོ་དག་གི་སྲིད་སྐྱོང་ལམ་ལུགས་དང་། རང་དབང་གི་གནས་བབ་སོགས་གསལ་གསལ་ཐང་ཐིང་དུ་མཐོང་དང་སྣང་བཞིན་དུ་མི་རིགས་དང་། ཆོས་ལུགས། རིག་གནས་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་ཚུལ་མཐུན་གྱི་འབོད་སྐུལ་ཙམ་ཡང་རྒྱལ་ཁབ་ཁ་བྲལ་ཞེས་མང་ཚོགས་ལ་མ་ཉེས་ཁག་འདོགས་ཀྱི་སྡུག་པོ་གཏོང་དྲགས་ན་མི་རིགས་མི་གཅིག་པ་ཁག་ཁ་བྲལ་དུ་འགྲོ་རྒྱུའི་བསམ་བློ་འཁོར་སྲིད་པ་ཙམ་དུ་མ་ཟད། མི་རིགས་གཅིག་ཡིན་ཀྱང་ཁ་བྲལ་དུ་འགྲོ་འདོད་པ་ཆོས་ཉིད་ཡིན་ལ། ཧུའུ་ཅན་ཐོའི་སྲིད་སྐྱོང་གི་ལོ་རྒྱུས་ནང་རྒྱ་ནག་གི་ས་གཞི་ཆེན་པོར་ཁ་བྲལ་དང་། འཐོར་ཞིག་གི་ས་བོན་མང་པོ་བཏབ་པ་མ་ཟད། མང་པོ་ཞིག་ལ་འབྲས་བུའང་སྨིན་ལ་ཉེ།

མི་གཤིས་ཀུན་སྤྱོད་ནི་དེ་ལས་ཉམ་ཉེས་དང་རྒུད་པ་མཐར་ཐུག་གི་ཚོད་དུ་ལྷུང་ཞིང་། བུ་མོ་ལོ་བཅུ་གཉིས་ཅན་ཞིག་རླངས་འཁོར་གྱིས་བརྫིས་ཏེ་རྨས་སྐྱོན་བཟོས་རྗེས་མི་བཅོ་བརྒྱད་ཀྱིས་མཐོང་ཡང་སྣང་མེད་བྱས་པ་དེ་གཅིག་པུས་ཀྱང་རྒྱ་ནག་གི་ད་ལྟའི་སྤྱི་ཚོགས་ལ་གསལ་འགྲེལ་རྒྱག་བཞིན་ཡོད། གང་ལྟར་ཧུའུ་ཅན་ཐོ་དམར་གཞུང་གི་སྲིད་སྟེགས་སུ་ལངས་པ་ནས་བསྒྲགས་པའི་འབོད་ཚིག་སྟེ། འཆམ་མཐུན་ཞེས་པ་ནི་མཐར་གཏུགས་ན་མེ་མདའ་དང་འཇིགས་ཟིལ་ལ་བརྟེན་ནས་ཡོང་ཐབས་བྱས་ཡོད་ལ། མཐའ་མར་མེ་མདས་ཀྱང་མ་ཁོག་པར་སྤྱི་ཚོགས་ཧྲིལ་བོ་ངན་གཤིས་དང་ཧམ་སྲེད་ཀྱིས་ཁེངས་པ་ཞིག་བྱུང་ཡོད།

མའོ་ཙེ་ཏུང་གིས་སྤྱི་ཚོགས་ནང་ཁུལ་ཀྱི་གནད་དོན་ཡིན་ཚེ་ཡང་དག་པའི་ཐག་གཅོད་བྱེད་དགོས་པ་དང་དགྲ་དང་རང་ཕྱོགས་གི་གནད་དོན་ཡིན་ཚེ་མདུང་རྩེ་ཁ་སྤྲོད་ཀྱིས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་དགོས་ཞེས་བཤད་ཡོད་ལ། ཡང་དག་པར་ན་དེ་ནི་མི་ཆོས་ཀྱི་འགྲོ་སྟངས་སམ་ཉམ་ལེན་གཤའ་མ་ཞིག་ཡིན་མོད། ད་ལྟའི་དམར་གཞུང་གིས་ནང་ཁུལ་མི་རིགས་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་བཞིན་ཡོད། དེ་ནི་དྲུག་བཞིའི་དོན་རྐྱེན་དང་བོད་ཀྱི་གནད་དོན། ཤིན་ཅང་གི་གནད་དོན་བཅས་ཐག་གཅོད་སྟངས་ལས་ཟུར་བལྟས་ལེབ་མཐོང་ཡིན།

མའོ་ཙེ་ཏུང་སོགས་དམར་གཞུང་སྔོན་རབས་པ་དག་གིས་ངལ་བ་ཁྱད་དུ་བསད་ནས་གསར་བརྗེ་བྱས་པའི་དམིགས་ཡུལ་ནི་སྲིད་དབང་སྒེར་གཅོད་པ་དང་། བྲན་གཡོག་ལམ་ལུགས་མེད་པ་བྱས་ཏེ། ཞིང་བྲན་མང་ཚོགས་ཀྱི་རང་དབང་བརྩོན་ལེན་བྱེད་དགོས་པ་དང་། མངའ་བདག་གྲལ་རིམ་གྱིས་མང་ཚོགས་ཀྱི་རྒྱུ་དངོས་བག་མེད་ལོངས་སྤྱོད་བྱེད་བཞིན་ཡོད་ཚུལ་གླེང་ཡོད། དྲང་མོར་བཤད་ན་དེའི་སྐབས་ཀྱི་རྒྱ་བོད་ཀྱི་ཁེ་ལས་པ་དང་ཕྱུག་བདག་རྣམས་ནི་བརྒྱ་ཆའི་དགུ་བཅུ་ཐམ་པ་ནི་མི་རབས་ནས་མི་རབས་བརྒྱུད་ནས་སོ་སོས་དཀའ་ལས་བརྒྱབ་སྟེ་བསགས་པའི་རྒྱུ་དངོས་ཡིན་པ་ལས་ད་ལྟའི་དམར་ཤོག་ཚོགས་ཁག་གི་དཔོན་ངན་ཁག་གི་ལྐོག་དངུལ་དུང་ཕྱུར་མང་པོ་དང་བསྡུར་ཐབས་རྩ་ནས་མེད། བཅིང་གྲོལ་བྱེད་དགོས་ངེས་ནི་ད་ལྟའི་རྒྱ་ནག་དམར་གཞུང་དང་དམར་པོ་ཕྱོགས་ཁག་རྣམས་ཡིན། ལྐོག་ཟ་རུལ་སུངས་མགོ་མཇུག་ཚང་མར་ཁྱབ་ཡོད་པར་མ་ཟད། དམར་ཤོག་མགོ་གཙོ་རྣམས་ཀྱི་ཁྱིམ་ཚང་ཉེ་རྒྱུད་དང་བཅས་པ་ནི་ད་ལྟའི་རྒྱ་ནག་ས་གཞི་ཆེན་མོའི་ཕྱུག་བདག་གྲལ་རིམ་དང་། མངའ་བདག་གྲལ་རིམ་བཀྲུས་ན་མི་དག་པ་དེ་ཡིན་ལ། ཁོ་ཚོས་འཛམ་གླིང་གི་ས་ཕྱོགས་གང་སར་གཞན་ལ་འགྲེལ་བཤད་རྒྱག་མི་ཤེས་པའི་དངུལ་ས་ཡ་མང་པོ་ཉར་འཇོག་བྱས་ཡོད་པ་དང་། ད་ལྟའི་ཀྲུང་གོ་རྒྱལ་ཁབ་ཀྱི་ཁེ་ལས་པ་ཆེ་གྲས་དང་ཕྱི་རྒྱལ་དུ་ཁང་ས་ཉོ་ཚོང་བྱེད་མཁན་གཙོ་བོ་ནི་ཁོ་ཚོ་ཡིན། འདི་ཚོ་ནི་ལྕགས་ཐེག་ལག་སྤྲེལ་ཡིན་པས་གཅིག་འཐེན་ན་གཅིག་ཀྱང་སྡོད་ཐབས་མེད་པས་ཡོངས་རྫོགས་རུལ་སུངས་སུ་གྱུར་ཟིན་ཡོད།

རྒྱ་གཞུང་གིས་བཤད་ཚུལ་གཅིག་ནི་དམར་ཕྱོགས་འོག་གི་གཅིག་སྡུད་དམངས་གཙོའི་ལམ་ལུགས་ལས་གཞན་གུ་ཡངས་དམངས་གཙོའི་ལམ་ལུགས་ནི་མི་རིགས་འདི་དང་ཡང་ན་དུས་ཚོད་འདི་ལ་ཀྲུང་གོའི་མི་རིགས་ལ་འོས་འཚམ་མིན་ཞེས་པའམ། ཡང་ན་དམངས་གཙོ་ཁ་ལ་ཁྱེར་ནས་ཀྲུང་གོའི་ནང་སྲིད་ལ་གཏོར་བཤིག་གཏོང་བ་སོགས་སྒྲོག་གི་ཡོད་མོད། ད་ལྟ་འཛམ་གླིང་ཁྲོད་མངོན་གསལ་དུ་མཐོང་ཐུབ་པ་ནི་རྒྱ་ནག་གི་མང་ཚོགས་སྤྱི་དང་རྒྱ་རིགས་ཤེས་ལྡན་པའི་ཁྲོད་དུ་དམངས་གཙོ་ཇི་ཙམ་འདོད་མོས་ཡོད་པ་དང་། དེ་ལ་ཇི་ཙམ་གྱིས་བརྩོན་པ་བྱེད་པ་ནི་དྲུག་བཞིའི་སློབ་ཕྲུག་གི་འོས་ལངས་ལས་ར་འཕྲོད་ནུས་པ་ཞིག་རེད། མི་རིགས་ཀྱི་གཤིས་ཁམས་དང་རིག་གཞུང་གི་དར་སྲོལ་སྟེང་ནས་དམངས་གཙོ་མི་འོས་པའམ་ཡང་ན་དམངས་གཙོ་ནི་ནུབ་ཕྱོགས་ཀྱི་སྲིད་སྐྱོང་ལམ་ལུགས་ཡིན་སྟབས་ཤར་ཕྱོགས་ལ་མི་འཚམ་སོགས་ལ་ཐེ་ཝན་དང་ཧོང་ཀོང་གཉིས་ཀྱིས་གསལ་བཤད་བྱས་ཡོད་པ་རེད། མི་སེར་ལ་བྱམས་སྐྱོང་མེད་པའི་དཔོན་པོ་གང་དུ་ཡོད་ན་འབངས་མིའི་འདོད་བློ་མ་ཁེངས་པའི་སྐད་འབོད་བྱེད་པ་ཆོས་ཉིད་ཡིན་པས་སྐད་འབོད་བྱེད་མཁན་རྣམས་ཀྱིས་ཐོག་མར་ཞི་བའི་སྐད་འབོད་དང་རིམ་བཞིན་དྲག་པོ་ངོ་རྒོད་བྱེད་སྲིད་པ་ནི་དཀྱིལ་ཤར་ཡུལ་གྲུའི་མི་མང་གི་ལས་འགུལ་གྱིས་དཔེ་མཚོན་གསལ་བོར་བསྟན་ཡོད་ལ། སྤྱིར་བཏང་ནས་ཀྱང་འུ་ཐུག་ན་ཅི་ཡང་ལག་ཏུ་འདེབས་ཕོད་པ་ནི་སྲོག་ལྡན་ཀུན་གྱི་ཁྱད་ཆོས་ཤིག་ཏུ་བརྩིས་ཀྱང་ཆོག་པར་སྙམ། བོད་གངས་ཅན་པར་མཚོན་ན་སྔོན་མ་ལས་འགུལ་སླེལ་མཁན་རྣམས་དངངས་སྐྲག་དང་འཇིགས་སྣང་ཆེན་པོ་ཡོད་ཀྱང་ད་ཆ་དངངས་སྐྲག་དང་འཇིགས་སྣང་མེད་པར་མ་ཟད། རང་ཉིད་ཀྱི་སྐུ་གཟུགས་མེ་རུ་བསྲེགས་ནས་ཚེ་སྲོག་གི་འབོད་སྐུལ་བྱེད་ཀྱིན་ཡོད། འདི་ནི་ཧ་ཅང་གི་ཉེན་ཁའི་རང་བཞིན་ཅན་ཞིག་ཡིན། འདི་རྣམས་ཀྱིས་དྲག་སྤྱོད་པ་ལྟར་མི་མང་ལ་འཇིགས་སྣང་བསྐུར་ཡོད་ཚེ་ད་ལྟའི་རྒྱ་ནག་ལ་བདེ་འཇགས་ག་ཚོད་ཡོད་དམ། ད་ལྟའི་གནས་ཚུལ་ལ་བལྟས་ན་ང་ཚོ་བོད་གངས་ཅན་པའི་སྐྱེ་བོ་ཕོ་མོ་རྒན་གཞོན་སུ་ཞིག་ཀྱང་འུ་ཐུག་ཐབས་ཟད་ཚེ་རང་སྲོག་གཏོང་རྒྱུར་འཇིགས་སྣང་མེད་པ་གསལ་བཤད་བྱས་ཡོད། ད་ལྟའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་དོན་ཕན་ལྡན་པའི་གྲུབ་འབྲས་ཞིག་མ་སོན་ཚེ་འདིའི་ཁ་ཕྱོགས་གཞན་དུ་འགྱུར་རྒྱུར་བར་ཐག་རིང་བོ་ཡོད་མི་སྲིད་ལ།  ལོ་རྒྱུས་ཀྱི་ཕུ་ཐག་རིང་ཞིང་ཆོས་དང་རིག་གཞུང་གིས་ཕྱུག་པའི་རྒྱ་མི་རིགས་ཀྱི་འོད་སྟོང་ལྡན་པའི་མདུན་ལམ་ལ་དམར་ཕྱོགས་པས་གང་འདོད་ལྟར་གཏོར་བརླགས་བྱེད་བཞིན་ཡོད་པ་རྒྱ་མི་རིགས་ཤེས་ལྡན་པ་ཚོས་གཅིག་མིན་དུ་གླེང་གི་ཡོད་མོད། དམར་ཕྱོགས་པ་ཚོགས་དེ་ལ་ཡ་ལན་མེ་མདའ་དང་བཙོན་ཁང་གིས་རྒྱག་གི་ཡོད། གོང་དུ་བཤད་པ་བཞིན་གོ་མཚོན་དང་བཙོན་ཁང་ནི་གནས་སྐབས་ཙམ་ཡིན་པ་ལས་མི་སེར་འུ་ཐུག་ཚེ་དེ་ནི་བྱེད་ཐབས་ཡང་དག་པ་ཞིག་མིན་པ་མ་ཊིན་ལི་ཐར་ཁན་གྱི་སྣེ་ཁྲིད་པའི་ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་རྩོད་སྐབས་དང་། རྒྱ་གར་གྱི་གན་དྷིའི་སྣེ་ཁྲིད་པའི་དབྱིན་གཞུང་ལ་རྒོལ་བའི་མི་མང་གི་ལས་འགུལ་སོགས་འཛམ་གླིང་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་མཐར་སྒེར་གཅོད་པའི་བཙོན་ཁང་གི་སྒོ་མོ་དེ། ལག་ཏུ་མཚོན་ཆ་ཁབ་རྩེ་ཙམ་མེད་ཅིང་། རང་དབང་ལ་དུང་བའི་མི་སེར་གྱིས་སྐད་འབོད་དང་རྟུལ་ཕོད་ཀྱིས་ཕྱེས་ཡོད། མའོ་ཙེ་ཏུང་ལྟ་ད་ཡོད་ཚེ་དམར་ཤོག་པའི་ནང་ཁུལ་གྱི་འགལ་ཟླ་དང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་སོགས་མཐོང་ན་ཁོ་ལ་ཁྲག་གི་མིག་ཆུ་ཡོང་རྒྱུ་ཐེ་ཚོམ་མེད། དེས་ན་ང་ཚོ་རྒྱ་བོད་ཀྱི་མི་རིགས་ཤེས་ལྡན་པ་ཚང་མའི་མི་རིགས་ཀྱི་མདུན་ལམ་ནག་བསུབ་གཏོང་མཁན་ནི་མི་རིགས་ཀྱི་དགྲ་བོར་ངོས་ཟིན་ཐོག་དམར་ཤོག་སྲིད་དབང་སྒེར་གཅོད་ཚོགས་ཁག་འདི་ལ་གསར་བརྗེ་བྱེད་པའི་དུས་ལ་བབས་ཡོད་ཤེས་པར་གྱིས་ཤིག

ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༢ ཉིན།

 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese