ཨ་རིའི་བོད་རིཊ་སྤྱི་མཐུན་ཚོཊ་པའི་ཚོཊ་ཆེན་ཐེངས་ ༡༣ པའི་སྟེང་། བོད་ནང་གི་ཛ་དྲག་གནས་སྟངས་དང་ཨ་རིར་བོད་རིཊ་འདུ་འཛོམས་ཆེན་མོ་འཚོཊ་རྒྱུ་སོཊ་དོན་ཚན་ ༦ ཅན་གྱི་གྲོས་ཆོད་ཅིག་བཞག་འདུག
ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༢༡ ནས་ ༢༢ ཉིན་བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བྱང་ཨ་རིའི་བོད་རིཊ་སྤྱི་མཐུན་ཚོཊ་པའི་ཚོཊ་ཆེན་ཐེངས་༡༣ པ་དེ་སྐོང་ཚོཊ་གནང་ཡོད་ཅིང་། ཚོགས་ཆེན་དབུ་འབྱེད་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཙོས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲཊ་ལཊ་དང་། བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་དང་བཀྲ་ཤིས་རྣམ་རྒྱལ་ལཊ། དེ་བཞིན། བྱང་ཨ་རིའི་ས་གནས་ཁག་ ༢༥ ཙམ་ནས་འཐུས་མི་ ༣༥ ཙམ་ཚོཊ་ཞུཊ་གནང་ཡོད་འདུག་ལ། ཚོགས་འདུའི་མཇུག་ཏུ་ཚོཊ་བཅར་བ་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་གྲོས་གཞི་དོན་ཚན་ ༦ ལ་མང་མོས་གྲོས་ཆོད་བཞག་ཡོད་འདུག
བོད་རིཊ་སྤྱི་མཐུན་ཚོགས་པའི་གྲོས་ཆོད་གཙོ་གྲས་ཁག་ནི། བོད་ནང་གི་ཛ་དྲག་གནས་སྟངས་ལ་དམིཊ་ཏེ། བོད་གཞུང་མང་གཉིས་ཀྱིས་སྐབས་བསྟུན་གྱི་ལས་འགུལ་སྤེལ་ཕྱོཊ་དང་འབོད་ཚིག་གཅིག་གྱུར་བཟོ་ཐབས། རྒྱ་གཞུང་གིས་བོད་ནང་མེར་བསྲེཊ་གཏོང་བཞིན་པ་དེ་དག་༸གོང་ས་མཆོག་དང་བཙན་བྱོལ་བོད་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱས་ཚུལ་དང་། བོད་མིའི་མེར་བསྲེཊ་ལས་འགུལ་དྲག་སྤྱོད་ཡིན་ཚུལ་བརྗོད་པ་ལ་ངོས་ལེན་མེད་སྐོར་དང་། ད་ལོར་ཨོ་སི་ཊི་རི་ཡཱའི་རྒྱལ་སར་ཡུ་རོབ་བོད་རིཊ་དང་བོད་དོན་རྒྱབ་སྐྱོར་བ་ཁྲི་ཚོ་ལྷག་འདུ་འཛོམས་ཀྱིས་བོད་དོན་ལས་འགུལ་སྤེལ་ཡོད་པ་ལྟར། ལོ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་ནེའུ་ཡོག་གྲོང་ཁྱེར་གང་རུང་དུའང་། སྐུ་ཚབ་དོན་གཅོད་ཁང་དང་བོད་རིཊ་སྤྱི་མཐུན་ཚོགས་པ་ཁག་མཉམ་རུབ་ཐོག་གཞི་རྒྱ་ཆེ་བའི་བོད་རིཊ་འདུ་འཛོམས་ལས་འགུལ་ཞིག་སྤེལ་རྒྱུ། བོད་རིཊ་སྤྱི་མཐུན་ཚོགས་པ་ཁག་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་མེད་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུཊ་ཁྱབ་ཁོངས་སུ་གནས་ཐབས་གནང་རྒྱུ་བཅས་ཡིན་འདུག
ཡང་སྤྱི་མཐུན་ཚོགས་པའི་གྲོས་ཆོད་ནང་འཁོད་དོན། བོད་རིཊ་སྤྱི་མཐུན་ཚོགས་པ་ཁག་གིས་གཞུང་འབྲེལ་མ་ཡིན་པའི་ཚོཊ་པ་ཁག་དང་ཐུན་མོང་ཐོག་བོད་དོན་ལས་འགུལ་སྤེལ་རྒྱུར་ཤུཊ་སྣོན། ས་གནས་བོད་པའི་ཆོས་ཚོགས་ཁག་དང་མང་ཚོགས་བར་སྔར་ལས་འབྲེལ་བ་དམ་ཟབ་གནང་རྒྱུ། ༸གོང་ས་མཆོག་གི་ལམ་སྟོན་ལྟར་བོད་མིའི་ཡ་རབས་བཟང་སྤྱོད་མི་ཉམས་གོང་འཕེལ་གཏོང་ཐབས་དང༌། བྱང་ཨ་རིའི་ཁུལ་གྱི་བོད་རིཊ་གཞོན་སྐྱེས་ཚོར་བོད་སྐད་དང་བོད་ཡིག་ཁྲིད་སྤེལ་གནང་རྒྱུར་ཤུཊ་སྣོན། བོད་མི་ནང་ཁུལ་དུ་ནང་ཆོས་བགྲོ་གླེང་གོ་སྒྲིག་གནང་རྒྱུ། ཕྱི་ཟླ་ ༡༡ ནང་སྤྱི་འཐུས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་ཨ་རིར་འབྱོར་སྐབས་བོད་རིཊ་སྤྱི་མཐུན་ཚོགས་པ་ཁག་གིས་འཁུར་མཉམ་ལེན་གནང་རྒྱུ། བོད་རིཊ་སྤྱི་མཐུན་ཚོགས་པ་ཁག་གིས་བོད་དོན་ཞུ་སྐུལ་གྱི་ཉིན་མོ་ (Tibet Lobby Day) སྲུང་གཙིའི་ལས་འགུལ་སྔར་ལས་ཤུཊ་ཆེ་རུ་གཏོང་རྒྱུ། ཕྱི་ཟླ་ ༨ པའི་ནང་དཔལ་འབྱོར་བཀའ་བློན་མཆོག་ཨ་རིར་ཕེབས་སྐབས། བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ཁག་གིས་ཨ་རིའི་བོད་མིའི་དྭང་བླང་དཔྱ་ཁྲལ་འབུལ་ཕྱོཊ་ཐོག་བཀའ་བསྡུར་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
ཤིན་ཏུ་ལེགས། དེང་སྐབས་ཨ་རི་དང་ཡོ་རོབ་ཟེར་ཡོང་དུས་སྔ་མོ་ཞིག་དང་ཡེ་ནས་མི་འདྲ་བར་གྱུར་ཟིན་པ་རེད་དཱ།
བོད་མི་སྤོས་ཞུགས་མང་བས་བོད་དོན་དང་འབྲེལ་བའི་ལས་རིམ་ལ་ཤུགས་གནོན་ཆེན་པོ་རེད།
བོད་སྐད་བོད་ཡིག་སྲུང་སྐྱོབ་ཀྱི་ལས་རིམ་དེ་ཆེས་མཐའ་མཇུག་ཅིག་ཏུ་ལུས་ནས་འདུག་པས། ང་ཚོ་མི་རིགས་ཤིག་གསོན་པོར་འཚོ་དགོས་ན་དེ་དང་པོ་དང་ཛ་དྲག་ཏུ་བཞག་དགོས་པ་རེད།
དྭང་བླང་དཔྱ་དངུལ་བསྡུ་སྟངས་ཀྱང་དམིགས་བསལ་དགོས་པ་རེད། ཚང་མ་སྐྱབས་བཅོལ་དང་དངོས་ཡོད་ལས་ལོགས་སུ་གྱུར་བ་ཅི་ཡང་མ་རེད།
དེང་སྐབས་ཕྱི་རྒྱལ་ཁག་གི་བོད་མིའི་གནས་སྡོད་དང་། ཁོང་ཅག་གི་ལས་རིམ་ནི་ད་ལྟའི་བཙན་བྱོལ་བོད་མིའི་རང་དབང་སླར་གསོའི་རྒྱབ་ལྗོངས་ཆེན་པོར་གྱུར་དང་འགྱུར་བཞིན་པས་ཡིད་གཟབ་ཡིད་གཟབ་གནང་དགོས་པ་ཡིན་སྙམ།