མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་མི་ ༦༥༠༠༠ ནང་ཁྲོལ་བཀོག་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་གྷོ་ཋི་མཱན་ལགས་ཀྱིས་རྒྱ་གཞུང་གིས་ཉུང་མཐར་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༦༥༠༠༠ ལྷག་གི་ནང་ཁྲོལ་བཏོན་ཏེ་རྐྱེན་འདས་སུ་བཏང་ཡོད་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཏ་ཅི་ཡོན་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་དོན། ཉེ་ཆར་འཇར་མན་དུ་ཚོགས་པའི་མིའི་དབང་པོ་བརྗེ་ལེན་ལག་རྩལ་ཐད་ཀྱི་རྒྱལ་སྤྱིའི་ཉམས་ཞིབ་ཚོགས་འདུའི་སྐབས་དང་བསྟུན་ནས། མིའི་དབང་པོ་དང་ནང་ཁྲོལ་བརྗེ་ལེན་ཐད་ངོ་རྒོལ་གནང་མཁན་རྒྱལ་སྤྱིའི་རྩ་འཛུགས་ཚོགས་པས། ༼ལམ་གྱི་བཞི་མདོ་རུ་ལྷག་པའི་དབང་པོ་བརྗེ་ལེན་གྱི་སྨན་བཅོས་རིག་པ༽ཞེས་པའི་དཔྱད་གླེང་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། ཚོགས་འདུའི་ཐོག་གསར་འགོད་པ་གྷོ་ཋི་མཱན་ལགས་ཀྱིས། རྒྱ་གཞུང་གི་གཏུམ་སྤྱོད་འོག་ཉུང་མཐར་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༦༥༠༠༠ ལྷག་གསོན་པོར་ནང་ཁྲོལ་བརྗེ་ལེན་གྱི་གཤག་བཅོས་འོག་འདས་གྲོངས་སུ་ཕྱིན་ཡོད་པ་བསྒྲགས་འདུག 

ཨ་རིའི་རྒྱ་ནག་གནད་དོན་ཉམས་ཞིབ་པ་ཟུར་བ་དང་གསར་འགོད་པ་གྷོ་ཋི་མཱན་(Ethan Gutmann)ལགས་ཀྱིས་བརྩམས་པའི་༼བརླག་ཟིན་པའི་རྒྱ་ནག་གསར་བ༽ཞེས་པའི་དེབ་ནང་། རྩོམ་པ་པོ་ཁོང་གིས་སྒེར་ངོས་ནས་ཉམས་ཞིབ་བརྒྱུད་ཤེས་རྟོག་བྱུང་བར། རྒྱ་ནག་ནང་ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་མི་གསོན་པའི་ནང་ཁྲོལ་བཀོག་མགོ་བརྩམས་ཡོད་པ་དང་། ༢༠༠༦ ལོར་ཚད་མཐོ་ཤོས་སུ་སླེབས་པ་མ་ཟད། ༢༠༠༨ ལོའི་བར་ཉུང་མཐར་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༦༥༠༠༠ ལྷག་གི་ནང་ཁྲོལ་བཀོག་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་གསལ་འདོན་བྱས་ཡོད་ལ།  དེ་བཞིན། ཁོང་གིས་བོད་དང་ཡུ་གུར། ཆོས་ལུགས་འདྲ་མིན་གྱི་མི་སྣ་སོགས་ཀྱི་ཚོགས་སྡེ་ཁག་ནི་རྒྱ་གཞུང་གིས་ནང་ཁྲོལ་གསོན་པོར་འདོན་པའི་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་ཡུལ་ཆགས་ཡོད་པ་བརྗོད་འདུག 

དེ་བཞིན། ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་གྱི་འདུ་འཛོམས་སྐབས། ཨ་རིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་རྒྱལ་ཚོགས་འཐུས་མི་མང་པོ་ཞིག་གིས་ཀྱང་། རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ཀྱི་ནང་ཁྲོལ་གསོན་འགོག་གི་གཏུམ་སྤྱོད་དེར་ཡོངས་ཁྱབ་སྐྱོན་བརྗོད་གནང་ཡོད་ལ། འདུ་འཛོམས་ཀྱི་སྐབས་དང་བསྟུན་ནས་ཁེ་ན་ཊའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་མའེ་ཊེ་སི་ (David Matas)ལགས་ཀྱིས་བརྩམས་པའི་ ༼རྒྱལ་ཁབ་ཀྱི་ནང་ཁྲོལ༽ཞེས་པའི་དེབ་དེ་དབུ་འབྱེད་འགྲེམས་སྤེལ་བྱས་ཡོད་ལ།  རྩོམ་པ་པོ་ཁོང་གིས་ “ མིའི་རིགས་ཀྱིས་ནང་ཁྲོལ་བརྗེ་ལེན་གྱི་ལག་རྩལ་ཞིབ་འཇུག་གི་དམིགས་ཡུལ་ནི་མི་སྐྱོབ་རྒྱུ་དེ་ཡིན་མོད། ད་ལྟ་རྒྱ་གཞུང་གིས་གང་འདོད་དུ་མི་བསད་དེ་སོ་སོའི་ཁེ་ཕན་སྒྲུབ་ཀྱིན་འདུག” ཅེས་བརྗོད་ཡོད་པ་རེད།

དེ་སྔོན། ཨུ་སི་རལ་(Israel)གྱི་ནང་ཁྲོད་བརྗེ་ལེན་གྱི་སྨན་པའི་ལག་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ལའེ་ཝེ་ (Dr. Jacob Lavee)ལགས་དང་། ཁེ་ན་ཊའི་དཀྱིལ་ཤར་ཨེ་ཤ་ཡའི་བཟོ་ཚོང་(APD) མགོ་གཙོ་ཁཱེལ་གྷོར་ལགས་(David Kilgour) གཉིས་ཀྱིས་མཉམ་འབྲེལ་ཐོག་བརྩམས་པའི་༼ཁྲག་དྲི་ཐུལ་བའི་ནང་ཁྲོལ་གསོན་པོ༽ཞེས་པའི་དེབ་ནང་། རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ནང་ཁྲོལ་གསོན་འགོག་བྱེད་བཞིན་པའི་གཏུམ་སྤྱོད་དེ་ནི། གོ་ལ་ཟླུམ་པོ་འདིའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་སྐྱི་གཡའ་བའི་ནག་ཉེས་ཆེན་པོ་ཞིག་ཡིན་པ་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 11

  1. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    བུ་བྲེལ་བྲེལ་གྱིས་རྒྱ་མི་ཐུབ་ཅེས་པ་ལྟར། བྲེལ་མྱུར་གྱིས་སྤེལ་ཁུལ་ལ་བརྟེན་ནས་ཡིག་ནོར་དང་གཏག་ནོར་ལུང་པ་གང་བརྩེགས་འདུག་པས། དངོས་གནས་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ། རྗེས་ཕྱོགས་ཡིད་འཇོག་བྱ་ངེས་ཡིན། གཞན་ལྐོག་ནས་མིག་སེར་ལྡིར་མཁན་དག་ལ་ཅི་ཡང་བཤད་རྒྱུ་མེད།

    Reply
  2. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    གསར་འགྱུར་འདི་ཀློག་སྐབས་ཡིག་ནོར་འགའ་ཞིག་མཐོང་བས་བློ་བདེ་བོ་རང་བྱུང་མ་སོང་། འོག་གི་ཞབས་མཆན་ལ་ལྟ་དུས་ཡིག་ནོར་ཐེར་འདོན་བྱས་ཟིན་འདུག་པས་ཁ་ཁུ་སིམ་མེར་བསྡད་པ་ཡིན།

    Reply
  3. བསོད་རྡོར། says:
    ལོ་ 14 སྔོན།

    རྒྱ་ནག་ལ་འདི་འདྲའི་གསང་པ་མང་པོ་ཡོད་པ་རེད། ངས་གོ་ཐོས་སུ་རྒྱ་ནག་གིས་བཅོས་ཐབས་མེད་པའི་ནད་རིགས་ཨེ་ཙཱི་དང་ HIV , སོགས་འགོས་ཡོད་པའི་རིགས་སྨན་བཅོས་ཀྱི་མིང་ཐོག་ནས་སྨན་ཁང་ནས་ཉར་ཞིང་རིམ་གྱིས་མི་གཞན་ལ་མི་འགོས་ཤིང་། མང་མཐར་ལོ་གསུམ་བཞི་ལས་ཚེ་མེད་པར་གྲོངས་འགྲོ་བའི་སྨན་ཁབ་རྒྱག་གི་ཡོད་འདུག སྐད་ཆ་འདི་ལ་ཁུངས་དག་མོ་ཞིག་ཀྱང་ང་ལ་བཤད་རྒྱུ་ཡོད། ང་ཚོའི་ཕ་ཡུལ་གྱི་གྲོང་པ་གཞན་ཞིག་ཏུ་ནད་པ་ཞིག་བྱུང་བ་རེད། དེ་ཁོང་ཚོའི་རྫོང་གི་སྨན་ཁང་ཞིག་ནས་ཁྲག་ལ་བརྟག་དཔྱད་བཏང་མཐར་ཨེ་ཙི་འགོས་ཡོད་པ་བདེན་དཔང་བྱས་པ་རེད། དེ་ནས་ཁོ་རང་ཕྱིར་ཁྱིམ་དུ་ལོག་སྟེ་ཉིན་དགུ་ལས་མ་སོང་བར་རྫོང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣ་ཡོང་སྟེ་ཁོང་ཞིང་ཆེན་གྱི་དམག་མིའི་སྨན་ཁང་ཞིག་ཏུ་བརྟག་དཔྱད་གཏོང་བར་འགྲོ་དགོས་ཀྱི་འདུག་ཟེར་ནས་འཁྲིད་ཕྱིན་པ་རེད། ཞིང་ཆེན་དམག་མིའི་སྨན་ཁང་དུ་ཟླ་བཞི་ལྷག་ན་བཙན་ཉར་བྱས་པ་རེད། དུས་ཡུན་དེའི་རིང་ནང་མི་ཐེངས་གཅིག་ལ་མ་གཏོགས་ཐུག་གི་བཅུག་མི་འདུག རྗེས་སུ་ཕྱིན་རང་ཁྱིམ་ལ་བཏང་བ་རེད། ཁོ་ཁྱིམ་ལ་ཡོང་དུས་གཟིགས་པོ་ཧ་ཅང་ཡག་པོ་འདུག་ཟེར། ཡིན་ནང་ཁོ་རང་གིས་ཟ་མ་ཆེས་ཉུང་ངུ་རེ་ལས་བཟའ་ཐུབ་ཀྱི་མི་འདུག་ཟེར། དེ་ནས་རིམ་གྱིས་གཟིགས་པོ་སྐྱོ་བ་ཆགས་ཤིང་། མི་ལ་སྐད་ཆའང་བཤད་མི་འདོད་པ་དེ་འདྲ་ཞིག་ཆགས་ནས་ལོ་གཉིས་དང་ཟླ་བདུན་གྱི་རྗེས་སུ་འདས་གྲོངས་སུ་ཕྱིན་སོང་། ཁོ་འདས་དེ་ཉིན་འགའ་ཞིག་གི་རྗེས་སུ་རྫོང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣ་འབྱོར་ཏེ་ཕུང་བོ་ངེས་པར་དུ་མེར་བསྲེགས་གཏོང་དགོས་ཟེར་ནས་བཀའ་བཏང་འདུག

    Reply
  4. ཤ་བོ་ཚེ་རིང་། says:
    ལོ་ 14 སྔོན།

    ཚེ་རིང་རྒྱལ་ཟེར་བ་འདི་དུས་བབ་ཚང་གི་རྩོམ་སྒྲིག་པ་དོན་གྲབ་བཀྲ་ཤིས་ཀྱི་ཕྱག་རོགས་(རྩོམ་སྒྲིག་ལས་རོགས)རེད། མ་གཞི་ཁོང་གིས་རྒྱ་ནག་དང་རྒྱལ་སྤྱི་སོགས་ཀྱི་གསར་འགྱུར་རིན་ཐང་ཅན་འགའ་རེ་སྤེལ་བ་ཧ་ཅང་བཟང་མོད། ད་དུང་ཉམས་མྱོང་དང་ཞིབ་ཚགས་ཀྱིས་འདང་གི་མེད་པའི་ཞན་ཆ་མང་པོ་ཤོར་གྱི་འདུག ང་རང་གིས་ཤ་ཚ་བའི་སྐད་ཆ་ཡིན། གཟབ་གཟབ་དང་དོ་ནན་གནང་རོགས། སྤྱིར་བཏང་མི་ཚང་མས་ཁ་ལ་ཉན་ཡ་ཡོད་པ་མ་རེད་དེ། སྔོན་མ་དོན་གྲུབ་བཀྲ་ཤིས་རྩོམ་སྒྲིག་ལས་རོགས་ཡིན་པའི་སྐབས་སུ་མི་ཚོས་དགའ་མིན་དགའ་མདོག་གི་སྐད་ཆ་མང་པོ་བཤད་པ་རེད། འདོད་རུང་མ་འདོད་རུང་དེང་སྐབས་ཁོང་རྩོམ་སྒྲིག་པ་གཙོ་བོར་སླེབས་ཡོང་དུས་གང་ཡང་བྱ་ཐབས་ཡོད་པ་མ་རེད། མ་དགའ་རུང་སྡུག་གྱོང་རེད། དེ་བཞིན་དུ་དེང་སྐབས་ཚེ་རིང་རྒྱལ་ལ་མཚོན་ནའང་སྐྱོན་ཆུང་ཚགས་རིགས་ཐོན་ཡང་འུར་བསྒྲགས་སྤུར་བསྒྲགས་བྱེད་གི་རེད། སེམས་ཤུགས་ཆག་ཡ་ཡོད་པ་མ་རེད།

    Reply
  5. བློ་བཟང་ཐུབ་པ། says:
    ལོ་ 14 སྔོན།

    དུས་བབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་དོན་གྲུབ་བཀྲ་ཤིས་མཆོག་གིས་ཐུགས་འགན་མང་ཙམ་མ་བཞཻས་ཚེ་རྩོམ་སྒྲིག་ལས་རོགས་འདི་དག་གིས་དུས་བབ་ཀྱི་ཆེ་མཐོང་མར་ཆག་གི་འཇུག་ཉེན་འདུག

    Reply
  6. སྐར་མདའ། says:
    ལོ་ 14 སྔོན།

    ད་་་་དུས་བབ་ཀྱི་ནང་ན་ཡིག་ནོར་ཇེ་མང་དུ་འགྲོ་བཞིན་པ་འདི་ག་རེ་ཡིན་ནམ། འདི་ལྟར་མུ་མཐུད་དུ་ཕྱིན་ན་དུས་བབ་ཀྱང་ཡིག་ནོར་གྱི་བང་མཛོད་ཨེ་རླུང་ཚང་གི་དོ་ཟླར་འགྱུར་ཉེན་ལ་ཐེ་ཚོམ་མེད་པ་ལྟ་བུ་རེད། ཇི་སྐད་དུ། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་།།་་་་ཞེས་པ་ལ་ཡིད་གཟབ་གནང་རོགས།

    Reply
  7. བསེ་རུ། says:
    ལོ་ 14 སྔོན།

    སྐུ་མཁྱེན།

    ནང་ཁྲོད་མ་རེད། ནང་ཁྲོལ་རེད།
    གདུམ་སྤྱོད་མ་རེད། གཏུམ་སྤྱོད་རེད།
    གཤེགས་བཅོས་མ་རེད། གཤག་བཅོས་རེད།
    རྩོམ་པ་ཁོང་མ་རེད། རྩོམ་པ་པོ་ཁོང་རེད།
    ཚད་མཐོ་སུ་སླེབས་པ་མ་རེད། ཚད་མཐོ་གྲས་སུ་སླེབས་པ་རེད།
    ཡོང་ཁྱབས་མ་རེད། ཡོངས་ཁྱབ་རེད།

    ད་དུང་༼རྒྱལ་ཁབ་ཀྱི་ནང་ཁྲོད༽་ཅེས་སོགས་ཀྱི་ནང་ཁྲོད་ཡོད་དོ་ཅོག་ནང་ཁྲོལ་རེད་དོ། །

    ཀློག་པ་པོ་ཚོས་གཟིགས་ན་དེ་འདྲ་མ་རེད་དམ།
    འདི་ནི་བསེ་རུའི་ཤའི་མིག་གིས་མཐོང་བའི་ཡིག་ནོར་ཁག་ཅིག་ཡིན།

    Reply
  8. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    བརྗེ་སྤོར་རམ་བརྗེ་སྤོ་གང་རུང་ལོས་ཡིན།

    Reply
  9. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    བརྗེ་བསོར་་་་་་་་་བརྗེ་སྤོར་རམ་ཡིན་པ་འདྲ།
    ཁྱད་པར་དུ་ནང་ཁྲོད་་་་་་་་་་་་་ནང་ཁྲོལ་་་་ཡིན་དགོས། དེ་སོགས་གནད་འགག་ཅན་གྱི་ཚིག་ཨ་ནས་ཡང་དུ་ནོར་འདུག
    དག་བཅོས་གནང་རོགས།
    མགོ་བརྗོད་ཁོ་རང་ལ་ཡིག་ནོར་ཤོར་ན་ད་ཅི་བྱེད།
    བསམ་དཀར་ཡིན།

    Reply
  10. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    གཏུམ་སྤྱོད། སྤྱིར་བཏང་བཤད་ན་དེང་སྐབས་དངོས་གནས་གསར་འགྱུར་ནང་ཡིག་ལོག་བྱུང་བ་ཧ་ཅང་མང་གི

    Reply
  11. གནས་ཚང་། says:
    ལོ་ 14 སྔོན།

    ད་ཡིན་ན་ས་ཡ་དྲུག་གི་ནང་འཁྲོལ་ཡང་བཀོག་ཡ་རང་མ་རེད་པས། ག་རེ་བྱ་དགོས་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese