མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ཨུ་རུ་སུར་ཆིབས་བསྒྱུར་གྱི་རེ་བ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས། ༸གོང་ས་མཆོག་ཨུ་རུ་སུའི་ནང་ཕེབས་རྒྱུར་མཐའ་གཅིག་ཏུ་བཀག་འགོག་གནང་གི་མེད་པའི་རྣམ་འགྱུར་བསྟན་འདུག

ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཨུ་རུ་སུའི་རྒྱལ་ཡོངས་ན་གཞོན་དཔྱད་གླེང་ཚོགས་འདུ་ཞིག་གི་སྟེང་། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་དད་ལྡན་མི་མང་གིས། འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཏཱ་ལའི་བླ་མ་མཆོག་ཨུ་རུ་སུར་ཕེབས་རྒྱུར་རེ་བ་གནང་བཞིན་པ་ཁོ་བོས་ཤེས་ཚོར་བྱུང་ཡོད་ལུགས་བརྗོད་འདུག

འཇར་མན་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  གསར་འགོད་པས་སྲིད་འཛིན་ཕུའུ་ཅིན་ལ། ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ནང་༸གོང་ས་མཆོག་ཆིབས་བསྒྱུར་གནང་ཐུབ་ཀྱིན་ཡོད་མེད་དྲིས་པར། ཁོས་ “ ང་ཚོས་དེའི་ཕྱོགས་སུ་འབད་བརྩོན་གྱིས་གོམ་ཁ་སྒྱུར་བཞིན་ཡོད། ” ཅེས་བརྗོད་ཡོད་འདུག སྐབས་དོན་དབྱེ་ཞིབ་པ་དག་གིས་ཕུའུ་ཅིན་གྱི་རྣམ་འགྱུར་དེ་ནི། ཨུ་རུ་སུ་གཞུང་གིས་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཐད་འགྱུར་ལྡོག་འབྱུང་བཞིན་པ་ཞིག་ཡིན་སྲིད་པར་ངོས་འཛིན་གནང་གི་ཡོད་འདུག

དེ་བཞིན། ཕུའུ་ཅིན་གྱིས་དེ་སྔོན་༸གོང་ས་མཆོག་ཨུ་རུ་སུའི་ནང་ཕེབས་མ་ཐུབ་པ་དེ་ནི། རྒྱལ་སྤྱིའི་སྒང་༸གོང་ས་མཆོག་གི་གོ་བབ་དེ་ཆོས་ལུགས་ཀྱི་དབུ་ཁྲིད་ཁོ་ན་ཞིག་མ་ཡིན་པར། ཆབ་སྲིད་མི་སྣར་ངོས་འཛིན་བྱེད་བཞིན་པའི་རྐྱེན་གྱིས་ཡིན་པ་བརྗོད་ཡོད་པ་རེད།

ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་དང་། ཐོ་བ་དང་བྷོ་རུ་ཡ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་མི་མང་ཕལ་ཆེ་བ་ནི་ནང་པ་ཡིན་ལ། མངའ་སྡེ་རྒྱལ་ཕྲན་དེ་གཉིས་ཀྱི་དད་ལྡན་མང་ཚོགས་ཀྱིས་༸གོང་ས་མཆོག་ནི་ཁོ་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་བཀུར་བཞིན་ཡོད། དེ་སྔོན་༸གོང་ས་མཆོག་སྔ་རྗེས་ཐེངས་ ༨ ལ་ཨུ་རུ་སུའི་ནང་ཆིབས་བསྒྱུར་བསྐྱངས་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ལོར་༸གོང་ས་མཆོག་གིས་ཨུ་རུ་སུའི་གྲོས་ཚོགས་འོག་མ་ཌ་མཱའི་(State Duma)ནང་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།

ཕྱི་ལོ་ ༡༩༩༦ ལོར་དེ་སྔའི་ཨུ་རུ་སུའི་སྲིད་འཛིན་ཟུར་པ་ཡེལ་སིན་(Boris Yeltsin) རྒྱ་ནག་ནང་ཕྱིན་ཏེ། རྒྱལ་ཁབ་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་རྗེས། ཨུ་རུ་སུ་གཞུང་གིས་༸གོང་ས་མཆོག་ཨུ་རུ་སུའི་ནང་ཕེབས་རྒྱུར་བཀག་འགོག་བྱེད་མགོ་བཙུགས་ཡོད་པ་རེད།

༸གོང་ས་མཆོག་ཨུ་རུ་སུའི་ནང་ཕེབས་ཐེངས་མཐའ་མ་ནི།  ༢༠༠༤ ལོར་ཁལ་མུག་ནང་ཆིབས་བསྒྱུར་གནང་བ་དེ་ཆགས་ཡོད་ལ། སྐབས་དེར་རྒྱ་གཞུང་གིས་ཨུ་རུ་སུའི་གཞུང་ལ་ངོ་རྒོལ་གནོན་ཤུགས་སྤྲད་ཡོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 3

  1. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    སྲིད་ཞིའི་གཙུག་རྒྱན་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ཨུ་རུ་སིར་ཕེབས་ཐུབ་པ་ཡིན་ན་ཨུ་རུ་སུའི་མི་མང་གི་ཁེ་བཟང་རེད་མ་གཏོགས། དམངས་གཙོའི་ཕྱི་ལྤགས་གྱོན་པའི་དམར་ཕྱོགས་རྒྱལ་ཁབ་དེར་ཕེབས་ནས་འཕགས་མཆོག་ཕྱག་ན་པདྨོར་ཁེ་བཟང་རེག་འགྲོ་བ་ཅི་ཡང་མེད། དེས་ཕྱིར་གསར་འགྱུར་ཨུ་རུ་སུར་མཚོན་ན་གཏམ་བཟང་ཞིག་རེད་མ་གཏོགས། བོད་ལ་མཚོན་ན་ཅི་ཡང་མ་རེད།
    འོ་གསར་འགོད་པར་སྐྱོན་བརྗོད་བྱེད་ཀི་མེད་ད། གནས་ལུགས་ཤིག་བཤད་ཁུལ་ཡིན
    །

    Reply
  2. ནད་པ says:
    ལོ་ 14 སྔོན།

    སྲིད་འཛིན་ཕུའུ་ཅིན་ལ་ཕུ་ཊིན་ཟེར་དགོས། དབྱིན་ཡིག་ནང་ Putin ཟེར་བ་དེ་རང་ཡིན།

    ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་དབག་ཟེར་ན་བོད་འདི་པའི་སྐྱབས་མགོན་ཡིད་བལིན་ནོར་ཁོ་ན་ལས་གཞན་གང་དུ་རྙེད་ཐབས་མེད།

    མགྱོགས་མྱུར་བཀའ་དྲིན་ཞབས་སོར་འཁོད་ཐུབ་པའི་སྨོན་ལམ་ཞུ།

    Reply
  3. dawa choedak says:
    ལོ་ 14 སྔོན།

    མཛད་ཕྲིན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese