མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བློ་བཟང་ཚུལ་ཁྲིམས་ས་གནས་གཞན་དུ་འཁྱེར་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཟླ་བའི་ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེཊ་བཏང་རྗེས།  ཉེན་རྟོག་པས་ལུས་སྟེང་གི་མེ་བསད་དེ་ས་གནས་གཞན་ཞིག་ཏུ་འཁྱེར་འདུག  

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་ཕྱི་ཚེས་  ༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ དང་སྐར་མ་ ༥ ཙམ་ལ་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༡ ཡིན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས། ཀིརྟི་དགོན་པའི་ཉེ་འདབས་ཀྱི་དཔའ་བོའི་སྲང་ལམ་ནས་རང་ལུས་མེར་བསྲེས་ཀྱིས་སྐད་འབོད་བྱེད་བཞིན་ཁྲོམ་གཞུང་དུ་རྒྱུགས་ཡོད་པ་དང་། སྐབས་དེར་ནམ་རྒྱུན་ལམ་ཁ་དེའི་ནགས་ལས་ཁང་གི་ར་སྐོར་ནང་ཡིབ་སྡོད་བྱས་ཡོད་པའི་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་མེ་གསོད་ཡོ་ཆས་སྤྱད་དེ་ཁོང་གི་ལུས་སྟེང་གི་མེ་བསད་རྗེས་རྔ་པ་རྫོང་སྨན་ཁང་དུ་འཁྱེར་ཡོད་འདུག

རྔ་པའི་སྨན་ཁང་དུ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་བསྡད་རྗེས། ས་གནས་གཞན་ཞིག་ཏུ་འཁྱེར་ཡོད་འདུག་ལ། སྐབས་ཐོག་དེར་དངོས་སུ་མཐོང་མཁན་ཞིག་གིས། གྲྭ་བློ་བཟང་ཚུལ་ཁྲིམས་ལགས་སྐབས་དེར་གྲོངས་མེད་པ་དང་། ཁོང་གིས་མེ་ལྕེའི་དབུས་ནས་སྐད་འབོད་བྱས་ཡོད་ཀྱང་ཚིག་འབྲུ་གསལ་པོ་གོ་མ་སོང་ཞེས་བརྗོད་འདུག

གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ནི། རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་རྗའ་དར་ཚང་གི་མ་སྒྲོན་དཀར་སྐྱིད་ཀྱི་བུ་ཡིན་འདུག་ལ། ཆུང་བའི་དུས་ནས་རྔ་པ་ཀིརྟི་དགོན་པའི་ཆོས་སྒོར་ཞུགས་ཡོད་པ་དང་།  ༢༠༠༨ ལོར་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་གཅར་རྡུང་མནར་གཅོད་དྲག་པོ་བཏང་ཡོད་འདུག ཁོང་ཐོས་བསམ་གླིང་གྲྭ་ཚང་གི་རྟགས་རིགས་འཛིན་གྲྭ་ཡིན་པ་དང་། ལོ་སྔོན་མའི་ནང་རང་ལུས་མེར་བསྲེཊ་ཀྱིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་འཛིན་གྲྭ་གཅིག་པ་ཡིན་འདུག ཁོང་རྒྱུན་དུ་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། རྔ་པའི་ནང་གི་ལག་རྩེད་སྤོ་ལོའི་རུ་ཁག་ཅིག་གི་ཚོགས་མི་ཡང་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 4

  1. ཟངས་རྡོ། says:
    ལོ་ 14 སྔོན།

    “བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།”

    ཨ་ཡ་ཡ། གནམ་རྒན་མ། དགེའོ་དགེའོ།

    Reply
  2. རིག་འཛིན། says:
    ལོ་ 14 སྔོན།

    བཙན་པོའི་སྙིང་སྟོབས་ལྡན་པའི་ཕོ་རྒོད་ཁྱེད་རང་གིས་རང་སྲོག་དང་རང་ལུས་མི་རིགས་འདི་ཆེད་དུ་ཕངས་མེད་གཏོངས་གནངས་པར་སེམས་གཏིང་ནས་ཡི་རང་ཞུ།།

    Reply
  3. རིག་འཛིན། says:
    ལོ་ 14 སྔོན།

    བཙན་པོའི་སྙིང་སྟོབས་ལྡན་པའི་ཕོ་རྒོད་ཁྱེད་རང་གིས་རང་སྲོག་དང་རང་ལུས་མི་རིགས་འདི་ཆེད་དུ་ཕངས་མེད་གཏོངས་གནངས་པར་སེམས་གཏིང་ནས་ཡི་རང་ཞུ།།

    Reply
  4. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།། སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་།།  ཡོངས་ཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།  འབྲས་བཟང་རྟག་ཏུ་མྱུར་ཏུ་འཆར་བར་ཤོག །  

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese