མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་གི་ཉེས་སྤྱོད་ནག་ཚོགས་ཀྱི་མགོ་ལ་གཡུགས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་མིའི་ནང་ཁྲོལ་བརྗེ་ལེན་གྱི་ནག་ཚོགས་ཤིག་རྩད་གཅོད་ཐུབ་ཡོད་སྐོར་བསྒྲགས་ཡོད་ཀྱང་། སྤྱི་ཚོགས་དཔྱད་རྗོད་པ་དག་གིས་དེ་ནི་རྒྱ་གཞུང་གིས་རང་ཉིད་ཀྱི་ནག་ཉེས་ཚོགས་པ་བྱེ་བྲག་པ་ཞིག་གི་མིང་ཐོག་ནས་འགེབས་སྲུང་བྱ་ཆེད་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན། རྒྱ་ནག་ཉེན་རྟོག་སྡེ་ཁག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ།  ཕྱི་ཟླ་ ༧ པའི་ཟླ་མགོར་པེ་ཅིན་དང་ཧི་པའེ། ཨན་ཧའེ། ཧྲན་ཏུང་། ཧི་ནན། ཧྲན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༨ ནང་ཞིབ་བཤེར་བརྒྱུད།  རྒྱ་ནག་ནང་མི་གསོན་པོའི་ནང་ཁྲོལ་ཚོང་སྒྱུར་བྱེད་མཁན་རྒྱལ་ཡོངས་རང་བཞིན་གྱི་རྩ་འཛུགས་ཤིག་རྩད་བཅོད་ཐུབ་སྟེ། ཁྱོན་བསྡོམས་ནང་ཁྲོལ་ཚོང་སྒྱུར་ནག་ཚོགས་ ༢༨ དང་ཉེས་ཅན་པ་ ༡༣༧ འཇུ་བཟུང་བྱས་ཤིང་། དེའི་ཁྲོད་ཁྲིམས་མཐུན་མིན་པའི་སྨན་པ་ ༡༨ ཡོད་པ་དང་། ནང་ཁྲོལ་འགོག་གྲབས་ཡོད་པའི་མི་ ༡༢༧ ཙམ་ཉེན་ཁ་ལས་སྐྱོབ་ཐུབ་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༠༦ ལོར་ཞིན་ཐཱང་རཱན་གསར་ཁང་གིས་རྒྱ་གཞུང་གིས་མི་གསོན་པོའི་ནང་ཁྲོལ་བཏོན་ཏེ་ཚོང་སྒྱུར་བྱེད་བཞིན་པའི་གནས་ཚུལ་སྤེལ་བའི་རྗེས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གིས་མི་གསོན་པོའི་ནང་ཁྲོལ་བརྗེ་ལེན་བྱེད་བཞིན་པའི་ཐད་དོགས་པ་ཟོས་ཡོད།  དེ་སྔོན་རྒྱ་གཞུང་གིས་ནང་ཁྲོལ་བརྗེ་ལེན་གྱི་འབྱུང་ཁུངས་གཙོ་བོ་ནི་སྲིད་གཞུང་གི་སྲོག་ཁྲིམས་འཕོག་ཡོད་པའི་ཉེས་ཅན་བཙོན་པ་རྣམས་ཡིན་སྐོར་ཕྱིར་བསྒྲགས་བྱས་ཡོད་ཀྱང་། དེར་རྒྱལ་སྤྱིའི་གླེང་སློང་ཤུགས་ཆེན་བྱུང་ཡོད་སྟབས་རྗེས་སུ་མང་ཚོགས་རང་ངོས་ནས་ཞལ་འདེབས་སུ་ཕུལ་བ་ཡིན་ཚུལ་ལ་ཁ་བསྒྱུར་ཐབས་བྱས་ཡོད། ད་ཐེངས་ཀྱི་གནས་ཚུལ་འདིས་རྒྱ་ནག་རྒྱལ་ཡོངས་ནང་ཁྲིམས་འགལ་ཐོག་མི་གསོན་པོའི་ནང་ཁྲོལ་ཚོང་སྒྱུར་བྱེད་ཀྱིན་པ་བདེན་དཔང་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ཡོངས་ཁྱབ་ཐོག་ངོས་ལེན་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག 

ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་གཙོས་རྒྱ་གཞུང་དང་ལྟ་བ་མི་མཐུན་མཁན་གྱི་ཚོགས་སྡེ་ཁག་ནི། རྒྱ་ནག་ནང་ནང་ཁྲོལ་བརྗེ་ལེན་གྱི་འབྱུང་ཁུངས་གཙོ་བོ་ཡིན་པའི་གནས་ཚུལ་ཐད། འདི་ལོ་ནས་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པར་དོ་སྣང་ཤུགས་ཆེན་པོ་སླེབ་ཀྱིན་ཡོད་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་ངོས་ནས་ཞིབ་འཇུག་རྩད་གཅོད་བྱེད་མགོ་བརྩམས་ཡོད་ལ། འདི་ལོའི་ཕྱི་ཟླ་ ༧ པའི་ནང་གསར་དུ་པར་འགྲེམས་བྱས་པའི་༼རྒྱལ་ཁབ་ཀྱི་ནང་ཁྲོལ༽ཞེས་པའི་དེབ་དེ་ནི། འཛམ་གླིང་གསོ་རིགས་ཆེད་མཁས་མང་པོ་ཞིག་གིས།  རྒྱ་གཞུང་གིས་སྒྲིག་འཛུགས་རང་བཞིན་གྱི་ཐོག་ནས་མིའི་ནང་ཁྲོལ་བརྗེ་ལེན་གྱི་ཉེས་སྤྱོད་སྤེལ་བཞིན་པའི་ཐད་དཔྱད་གླེང་བྱས་པ་ཞིག་ཡིན་པ་དང་། དེབ་དེའི་ནང་ཚན་རིག་མི་སྣའི་ཁྱབ་ཁོངས་སུ་གྲགས་ཅན་མི་སྣ་ ༡༠ གྲས་ཀྱི་གཅིག་ཡིན་པའི་ཨ་རའི་ཕེན་སེལ་ཝེ་ནའེ་གཙུག་ལག་སློབ་ཆེན་(University of Pennsylvania) གྱི་སྐྱེ་ཁམས་ཚན་རིག་སྡེ་ཁག་གི་འགན་འཛིན་ཨོ་ཐོར་ཀབ་ལཱན(Arthur. Kaplan) ལགས་ཀྱིས། རྒྱ་ནག་ནང་དགོས་མཁོའི་ཆེད་དུ་མི་གསོད་པའི་ནང་ཁྲོལ་བརྗེ་ལེན་གྱི་ཁྲིམས་འགལ་ཉེས་སྤྱོད་རིགས་རྒྱུན་ལྡན་ཆགས་ཡོད་པ་མ་ཟད། ལོ་ལྟར་ཇེ་མང་དུ་འགྲོ་བཞིན་པའི་སྐོར་གསལ་འདོན་བྱས་ཡོད་པ་རེད།

སྐབས་དོན་དཔྱད་བརྗོད་པ་ཧིན་ཧི་ལགས་ཀྱིས།  “ནང་ཁྲོལ་བརྗེ་ལེན་ནི་འགན་ལེན་སྡེ་ཁག་ཅིག་གི་ངོས་ལེན་བརྒྱུད་དགོས་པ་དང་།  འགན་ལེན་གནང་མཁན་ནི་རྒྱལ་ཁབ་རིམ་པའི་ཚད་ལྡན་གྱི་སྨན་ཁང་དག་ཆགས་ཡོད། ཚད་ལྡན་གྱི་སྨན་ཁང་དེ་ལའང་སྲིད་གཞུང་སྡེ་ཁག་རིམ་པ་དང་དམག་ཁུལ། ཉེན་རྟོག་སྡེ་ཚན་བཅས་ཀྱི་ཆོག་མཆན་འཐོབ་དགོས་པ་རེད། དེར་མ་ཟད། ནང་ཁྲོལ་བརྗེ་ལེན་གྱི་དུས་ཚོད་གོ་སྒྲིག་ཐད་བརྒྱུད་རིམ་ངེས་ཅན་ཞིག་དང་། ཚད་མཐོའི་སྨན་གྱི་ལག་རྩལ་སྤྱད་དེ་འཁྱག་ལུམས་སུ་ཉར་འཇོག་སོགས་དགོས་སྟབས། རྒྱལ་ཁབ་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མ་འབྲེལ་བའི་ཐོག་ནས།  ཁྲིམས་མཐུན་མ་ཡིན་པའི་ནག་ཚོགས་རྐྱང་བ་ཞིག་གིས་བསྒྲུབ་ཐུབ་པ་ཞིག་རྩ་བ་ཉིད་ནས་མ་རེད” ཅེས་བརྗོད་དེ། རྒྱ་གཞུང་གིས་རང་ཉིད་ཀྱི་ནག་ཉེས་མུ་མཐུད་སྦ་གསང་བྱེད་མ་ཐུབ་པའི་དབང་གིས། ཉེས་སྐྱོན་དེ་རིགས་ནག་ཚོགས་ཤིག་གི་མགོར་གཡུགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལས་གཡོལ་ཐབས་བྱེད་ཀྱི་ཡོད་སྐོར་བཤད་ཡོད།  

གཞན་ཡང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། མི་གསོན་པོའི་ནང་ཁྲོལ་བརྗེ་ལེན་གྱི་ཉེས་སྤྱོད་དེ་འདས་པའི་དུས་ཡུན་རིང་པོའི་ནང་། རྒྱ་གཞུང་གི་དམག་དཔོན་དག་གི་བཀའ་མངགས་ལྟར་དམག་ཁུལ་སྨན་ཁང་ཁག་ནང་ནས་ལག་བསྟར་བྱས་ཏེ།  རྒྱ་ནག་རྒྱལ་ཡོངས་ནང་ཁྱབ་བརྡལ་དུ་ཕྱིན་ཡོད་པ་དང་། ཚོང་བསྒྱུར་བྱེད་སའི་བསྟི་གནས་གཙོ་བོ་ནི་ཏ་ལིན་གྲོང་ཁྱེར་ཡིན་པར་མ་ཟད། ཕྱི་ལོ་ ༡༩༩༩ ནས་ ༢༠༠༣ བར་པའོ་ཞིས་ལའེ་ཡིས་དེ་གར་སྲིད་འགན་འཁུར་སྐབས།  མཁའ་ལམ་སྤྱད་དེ་ཚོང་སྒྱུར་བྱས་ཡོད་པ་དང་། པའོ་དང་དམག་ཁུལ་དཔོན་རིགས་བར་འབྲེལ་བ་ཟབ་མོ་ཆགས་དགོས་པའི་རྒྱུ་རྐྱེན་གཙོ་བོའང་དེ་ཡིན་འདུག  རྗེས་སུ་ཧུའུ་ཅིན་ཐའོ་རྒྱ་ནག་རྒྱལ་ཡོངས་དམག་ཁུལ་གྱི་དམར་ཤོག་དྲུང་ཆེ་ཆགས་རྗེས།  ཀྲུག་ཡུང་ཁང་གིས་ཁྲིམས་སྲིད་ལྷན་ཁང་དང་ཉེན་རྟོག་སྡེ་ཁག་གི་དབང་ཤུགས་སྤྱད་དེ། རྒྱ་ནག་གཞུང་འབྲེལ་མི་དམངས་སྨན་ཁང་ཁག་ནང་མི་གསོན་པོའི་ནང་ཁྲོལ་བརྗེ་ལེན་གྱི་ཉེས་སྤྱོད་ལག་བསྟར་བྱེད་མགོ་བརྩམས་ཡོད་འདུག 

ད་ལྟའི་ཆར་རྒྱ་ནག་ནི་འཛམ་གླིང་ཐོག་མི་གསོན་པོའི་ནང་ཁྲོལ་བརྗེ་ལེན་གྱི་གྲངས་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་ལ། རྒྱ་ནག་ནང་མི་གསོན་པོའི་ནང་ཁྲོལ་གྱི་རིན་གོང་ནི། སྙིང་ལ་རྒྱ་སྒོར་ཁྲི་ ༧༠ དང་། མཆིན་པ་དང་གློ་བ་གཉིས་ལ་རྒྱ་སྒོར་ཁྲི་ ༣༠ རེ།  མཁལ་མ་ཡ་གཅིག་ལ་རྒྱ་སྒོར་ཁྲི་ ༡༥ བཅས་ཡིན་འདུག་ཅིང་། མིག་འབྲས་དང་ཁྲག སྐྱི་ལྤགས་སོགས་མིའི་ལུས་ཀྱི་ཆ་ཤས་ཡོངས་རྫོགས་ཀྱི་རིན་གོང་བསྡོམས་རྒྱ་སྒོར་ཁྲི་ ༢༠༠ ལྷག་ཡིན་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ནང་ཁྲོལ་སྤྲོད་མཁན་དང་སྤྲོད་ཡུལ་ངོས་འཛིན་མེད་པར་བརྗེ་ལེན་བྱ་རྒྱུ་མེད་པའི་ཁྲིམས་བཟོ་དགོས་གལ་ཆེའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese