མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་ཆོས་དབྱངས་སྐྱིད་ལ་ལྟོས།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་དབྱིན་ཡུལ་གྱི་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་རྒྱལ་ས་ལོན་ཌོན་དུ། བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་བུད་མེད་འདུར་རྒྱུག་(Race Walk)ཞེས་པའི་ལུས་རྩེད་འགྲན་བསྡུར་ནང་མཉམ་ཞུགས་གནང་གི་ཡོད་པ་རེད།

རྩེད་མོ་དེ་དབྱིན་ཡུལ་གྱི་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་རྒྱལ་ས་ལོན་ཌོན་གྱི་དཀྱིལ་དབུས་(The mall)ཞེས་པ་ནས་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ཐེངས་འདིར་སྤྱི་ལེ་ ༢༠ (Km 20)ལ་རྒྱུག་རྒྱུ་ཡིན་སྟབས། རྒྱལ་མོ་ཝེཀ་ཊའོ་རེ་ཡཱའི་དྲན་རྟེན་(Queen Victoria Memorial) ཞེས་པར་སྐོར་བ་ཐེངས་ ༡༠ རྒྱག་རྒྱུ་ཡིན་འདུག

སང་ཉིན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ནང་རྒྱལ་ཁབ་ ༣༣ གྱི་བུ་མོ་ལུས་རྩལ་བ་ ༦༡ ཙམ་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དང་། དེ་དག་ཁྲོད་རྒྱ་ནག་གི་འཐུས་ཚབ་བུ་མོ་ ༣ ཡོད་པ་ལས་བུ་མོ་ཆོས་དབྱངས་སྐྱིད་ནི་ཨང་གསུམ་པ་དང༌། ཐེངས་འདིར་འཛུལ་ཞུགས་བྱེད་མཁན་ཡོངས་ལས་ཨང་ ༧ པར་ངོས་འཛིན་ཐོབ་ཡོད་འདུག 

ཐེངས་འདིར་དབྱིན་ཡུལ་དུ་གནས་སྡོད་བོད་མི་ཚོས་ཁོང་མོ་རྒྱུག་སའི་གཞུང་ལམ་འགྲམ་ནས་དགའ་བསུ་ཞུ་རྒྱུ་ཡིན་འདུག་ལ། དེའི་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། “ཚེས་ ༡༡ ཉིན་གྱི་དབྱིན་ཡུལ་གྱི་ཆུ་ཚོད་ ༣ སྟེང་བོད་མི་རྣམས་ཀྱིས་བོད་ཆས་གྱོན་ཞིང་བོད་ཀྱི་རྒྱལ་དར་བསྣམས་ཏེ། ཧའེ་ཌེ་པཀ་(Hyde Park) ཐད་གཏོང་བརྙན་ཡོལ་ཆེན་མོའི་འགྲམ་དུ་འཛོམ་རྒྱུ་དང༌། ཆུ་ཚོད་ ༥ སྟེང་བྷ་ཁིན་ཧེམ་རྒྱལ་ཁང་(Buckingham Palace)ལམ་འགྲམ་ནས་བོད་པ་རྣམས་བང་བསྒྲིགས་ཏེ་དགའ་འབོད་ཞུ་རྒྱུ་ཡིན” ཅེས་དང་། “དྲི་བ་ཡོད་ན། ༠༧༥༥༣༦༩༠༥༥༦  ཡང་ན། ༠༧༤༡༡༧༡༤༤༦༩ ལ་འབྲེལ་བ་གནང་རོགས” ཞེས་སོགས་བཀོད་འདུག

བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་འདབ་བཞི་རྫོང་། ཝ་མགྱོགས་ཡུལ་ཚོ་མཚོ་བྱང་སྡེ་བ་རུ་སྐྱེས་ཤིང༌། ས་གནས་སློབ་ཆུང་ལོ་རིམ་ལྔ་པ་བར་བཏོན་རྗེས། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་འཛིན་རིམ་བདུན་པའི་བར་བཏོན་ཡོད། དེའི་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་ཆེད་དུ་གདན་ཞུ་གནང་པ་ལྟར། ༢༠༡༠ ལོར་སློབ་གྲྭ་དེར་འཛུལ་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་མགོ་འཛུགས་གནང་ཡོད་འདུག 

ད་ལོའི་ཕྱི་ཟླ་ ༣ ཚེས་ ༣ ཉིན་རྒྱ་ནག་ཅིང་སུའུ་ཐེ་ཀྲང་གྲོང་ཁྱེར་ནང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་སྔོན་འགྲོའི་འདེམས་སྒྲུག་འགྲན་བསྡུར་བྱས་སྐབས། རྒྱལ་ཁབ་ ༡༠ ཡི་འགྲན་ཞུགས་པ་ ༥༠༠ ལྷག་གི་ཁྲོད་བུ་མོ་ཆོས་དབྱངས་སྐྱིད་(Shenjie Qieyang)ལགས་ཀྱིས་ཨང་གསུམ་པ་བླངས་ཡོད་ཅིང༌། སྐབས་དེའི་ཨང་དང་པོ་ནི་ཧོང་ལེའུ་(Hong Liu)ཡིན་པ་དང༌། ཨང་གཉིས་པ་ཤིའོ་ཊི་ལུ་(Xiuzhi Lu)བཅས་ཡིན་ཞིང༌། ཐེངས་འདིའི་ལོན་ཌོན་ཨོ་རྩེད་སྟེང་དུ་ཁོང་ཅག་ ༣ འཛུལ་ཞུགས་བྱས་ཡོད་འདུག  

དེ་སྔོན་ཆོས་དབྱངས་སྐྱིད་ཀྱི་རྐང་པར་རུས་པའི་ན་ཚ་ཞིག་ཕོག་སྟེ་ཟླ་བ་ ༣ ལྷག་རིང་སྦྱོང་བརྡར་གནང་མ་ཐུབ་པར་བསྐུ་མཉེ་དང་སྨན་བཅོས་སོགས་བྱས་ཏེ་ངལ་གསོ་བྱས་པའི་གནས་ཚུལ་ཡང་འདུག

བུ་མོ་ཆོས་དབྱངས་སྐྱིད་ལགས་ནི་བོད་པ་ཞིག་རྒྱལ་སྤྱིའི་ཨོ་ལིམ་པིག་ལུས་རྩེད་འགྲན་ཚོགས་སྟེང་ཞུགས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་དང་པོ་དེ་ཆགས་ཡོད་འདུག


གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 35

  1. དབྱར་ཁབ་ཀུན་བཟང། says:
    ལོ་ 13 སྔོན།

    དགའ་སྡུག་བཏང་སྙོམས་ཡིན།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    རྒྱབ་ལྗོངས་མ་ཤེས་རྒྱལ་ཁ་ལོན་ཐལ་འདོད།།
    ཕུགས་བསམ་མ་ངེས་ས་ལྡིང་གནམ་ལྡིང་གིན།།
    ཟངས་ཀྱི་སྟེགས་མ་དེ་ལ་གཟེངས་བསྟོད་དེ།།
    ངཟང་རྟག་མ་ཡིན་ངན་རྟགས་འབོད་པ་འདྲ།།

    ཆོས་ཀྱི་དྲེད་པོར་བཤད་ལ་མཁས་པ་དང་།།
    སྲིད་ཀྱི་རྨོངས་པོར་འུར་ལ་དགའ་བ་ཡིས།།
    རང་གིས་རང་དོན་མེད་པར་བཟོ་བ་འདི།།
    གདོང་བ་དམར་པོ་ཚང་གི་ནད་རྙིང་ཉིད།།

    Reply
  3. ཤག་སྒང་པ། says:
    ལོ་ 13 སྔོན།

    ཨོའོ་་་་་་ད་ལྟ་གནས་ཚང་རྒྱ་གར་ཁྱིམ་ཚང་གི་གྱད་རྩལ་བ། ཡོ་ཀཱེས་བཱར་དྷད་ཀྱིས། ཟངས་ཀྱི་རྟགས་མ་བླངས་ནས་རེ་བའི་ལག་པ་བཟུང་བའི་མི་འབོར་དུང་ཕྱུར་མང་པོའི་གཟི་བརྗིད་ཡར་ལ་བཏེགས་པར་བཀྲིས་བདེ་ལེགས།

    Reply
  4. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀྲིས་བདེ་ལེགས། རྒྱུག་སོང་། བོད་ཀྱི་བོུ་ཆོས་དབྱངས་སྐྱིད་ཀྱིས་རྒྱུགས་སོང་།

    ཚོགས་ལམ་ཟུར་ནས་བོད་ཀྱི་རྒྱལ་དར་བསྒྲེགས་ནས་དགའ་བསུ་ཀྱིས་དཔུང་རོགས་བསྟན་པའང་མཇལ་སོང་།

    བུ་མོ་དེས་བོད་རིགས་ཀྱི་ལ་རྒྱ་དགུང་ལ་བཏེགས་སོང་།

    རྒྱ་ནག་གི་ཨང་རིམ་གསུམ་པ་དང་། རྒྱལ་སྤྱིའི་ཨང་རིམ་བདུན་པར་ངོས་འཛིན་ཐོབ་པ་དེས། དེ་རིང་དགོང་མོར་མ་བསམ་ཟངས་ཀྱི་རྟགས་མ་བླངས་པ་ནི། ང་ཚོའི་རུས་རྐང་ལ་རིན་ཐང་དང་བརྩེ་གདེང་ཞིག་ཡོད་པར་དཔང་རྟགས་བྱས་པར་འདོད་དོ།།

    གཉིད་སྐྱིད། རྨི་ལམ་བཟང་་་་་་་ཚེ་རིང་ཞིག བླ་མས་སྐྱོབས་ཤིག

    ང་ཚོ་ནང་མི་ཚང་མ་གྲ་སྒྲིག་གིས་དགའ་བསུ་ཞུ་བཞིན་་་་་་་

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 13 སྔོན།

    ཧཧཧཧཧཧ་རྣམ་རྟོགས་རང་རེད་
    ཤ་ཞེན་དང་ཞེན་ཁོག་ཆེ་བའི་སྤུན་ཟླ་ཚོ་ཁྱེད་ཚོའི་དངོས་ནས་ཁྲབ་སྟོན་ལེགས་པོ་ཞིག་གནང་གི་འདུག་ད། རྒྱ་ནག་ལ་རྒྱལ་ཁ་ཐོབ་ཆེད་ཤུགས་དེ་འདྲ་རྒྱབ་པ་སྙིང་ནས་དགའ་བསུ་ཞུ།

    Reply
  6. ལུ་ཐང་ཨ་རྣམ། says:
    ལོ་ 13 སྔོན།

    ང་རང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད། ཨོ་ལིམ་ཕིག་གི་རྩེ་མོའི་འཛིན་བྱང་ཉོས་ཡོད་མཁན་ཞིག་ཡིན། དེ་རིང་ང་ཚོའི་ཤ་ཁྲག་གཅིག་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་རྒྱུག་རྩལ་ནང་ཞུགས་ཀྱི་ཡོད་པ་རེད། མི་མང་པོ་ཞིག་གིས་ས་གནས་ཧ་གོ་གི་ཡོད་ས་མ་རེད། དབྱིན་སྡོད་བོད་མི་ཚོ་དང་རྒྱལ་ཁབ་གཞན་དག་ནས་ལྡད་མོར་ཡོངས་མཁན་མང་པོ་ཞིག་གིས་སྐད་ཆ་འདྲི་ཞིག་འདུག རྒྱུག་རྩལ་འགྲན་ས་ The mall ས་གནས་འདི་རེད། བོད་པ་མང་ཚོགས་འཛོམས་ས་ Hyde Park ཟེར་བ་དེ་རེད། ཁོང་མོ་རྒྱུས་རྩལ་འགྲོ་བཞིན་པའི་སྐབས་སུ་བོད་པ་ཚོས་བོད་ཆས་གྱོན་པ་དང་། ཁ་བཏགས་བཟུང་སྟེ་ Buckingham Palace ཟེར་བ་འདི་ནས་སྒུག་སྡོད་དགོས་པ་རེད། ལམ་ཁ་དེ་ནས་ཆོས་དབྱངས་ལ་དགའ་བསུ་དང་(ཤུགས་བརྒྱོབ་)ཅེས་སྐད་འབོད་གནང་དགོས་པ་རེད།
    ངས་གཤམ་འོག་ཏུ་དེ་རིང་རྒྱུག་རྩལ་བགྲོད་ལམ་གྱི་ས་ཁྲའི་འབྲེལ་ཐག་བཏང་ཡོད། བོད་མི་ཚོས་འདི་ལ་གཟིགས་ནས་ཕེབས་པར་རོགས་ཞུ།།།
    http://www.london2012.com/mm/Document/Documents/General/01/25/71/53/RaceWalkcourseGTW_Neutral.pdf

    Reply
  7. ཆོས་འཕེལ says:
    ལོ་ 13 སྔོན།

    རང་གི་ལྟ་ཕྱོགས་སྨྲ་བར་རང་དབང་ཡོད་རྟེན། ཚིག་ཁ་ཤས་ཤིག་ཤོར་གྱིན་འདུག བོད་ཀྱི་བུ་མོ་འདི་ལ་དོན་དངོས་ཀྱི་རོག་དན་བྱེད་བརྩིས་ཡོད་ན། བོད་ཀྱི་རྒྱལ་དར་ཁྱེར་ནས་ཁོ་མོའི་བདེ་འཇག་ལ་བར་ཆད་མ་གཏོང་རོག ང་ཚོའི་ཀླད་མེད་དག་གིས། བོད་ནང་ལ་ཡོད་པའི་བོད་པ་སུ་གང་ལ་དེང་ཕྱིན་གོ་སྐབས་འདི་འདྲ་རག་པའི་ལམ་འགག་མེད་པ་བཟོ་བརྩིས་བྱེད་པ་འདི་ནི། ཕྱོགས་ཞེན་བླུན་པོ། མདུན་མཐོང་གི་མིག་བུ་གཉིས་ཆར་མེད་པའི་གསལ་བཤད་བྱས་མི་འདུག་གམ། ང་ཚོས་དགའ་བསུ་ཞུ་ལོས་དགོས་ཀྱང་། ལྟ་རྒྱ་དང་མཐོང་རྒྱ་ཆེ་ཙམ་དང་། ལུས་རྩལ་སོགས་རང་ཆས་ཀྱིས་སྒྱུ་རྩལ་མངའ་བ་འདི་དག་ལ་དོན་དངོས་ཀྱི་རོག་དན་བྱེད་རྩིས་ཡོད་ན་ཁོ་ཅག་ལ་བར་ཆད་མ་བཟོ་ཞེས་པའི་ཚིག་འདི་མི་འདོད་བཞིན་དུ་ཤོར་སོང་།

    Reply
  8. ཚ་བ་སྒྲོན་མེ། says:
    ལོ་ 13 སྔོན།

    ལབ་རྒྱུ་གླེང་རྒྱུ་ཉུང་ན་དགའ།
    ཟ་རྒྱུ་འཐུང་རྒྱུ་མང་ན་སྐྱིད་།
    ཁ་བདེ་ལུས་འཁུག་མིན་བཟང་།

    བོད་མོ་ཁོང་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ

    Reply
  9. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    བུད་མེད་འདིའི་མིང་བྱང་ལ་བོད་མིང་ཆོས་དབྱིངས་སྐྱིད་ཟེར་བྲི་ཡོད་ན་ཐང་། མིང་ཡང་བོད་མིང་མི་སྤྱོད་པ་འདིས་ཁོ་མོའི་བོད་གཤིས་དང་ལར་ཞེན་ཇི་འདྲ་ཡོང་མེད་དེ་ཡང་ཐེ་ཚོམ་གནས་སུ་ལྷུང་། དེ་ཡང་བཙན་དབང་འོག་ཡོད་ཙང་ཁག་མེད་ཟེར་ནས་ཁག་འཇོག་རྒྱུ་ཡིན་ནམ།

    Reply
  10. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    བོད་མིང་ལ་ཆོསདབྱངས་སྐྱིད་དང་རྒྱ་མིང་Shenjie Qieyangཡིན་འདྲ་གང་ལྟར་བུ་མོ་ཁོང་ལ་མི་དགའ་བའི་རྣམ་འགྱུར་སྟོན་དགོས་དོན་མེད་། འོན་ཀྱང་ཆབ་སྲིད་ཐད་ནས་བཤད་ན་བོད་མོ་འདིའི་རྒྱ་ཁོངས་སུ་ཞུགས་ཞིང་དགྲ་བོའི་དར་དམར་འཕྱར་ནས་འཛམ་གླིང་མི་མང་གི་མིག་མདུན་ལ་བོད་རྒྱ་ཁོངས་ཡིན་པའི་གསལ་བསྒྲགས་འདིར་ངེད་རང་གི་བལྟས་ན་འོས་བབ་ཡོད་པ་ཞིག་མཐོང་མ་སོང་། དེ་བས་ཤེས་དགོས་ངེས་ཞིག་ལ་དེང་སྐབས་བོད་ནང་ཆེས་ཛག་དྲག་གི་གནས་སྟངས་ཡོད་པ་དང་དམིགས་བསལ་ཨ་མདོ་རྔ་བ་རང་ནས་དེ་རིང་བར་བོད་མི་ག་ཚོད་གཅིག་གི་རང་ལུས་མི་བསྲེད་གཏང་བ་ཞིབ་ཏུ་བསམ་བློ་བཏང་ན་དགའ་བསུ་ཞུ་འོས་མིན་དེ་དངོས་ཡོད་གནས་ཚུལ་ཡིན་ཙང་འདིར་དྲན་བཀུར་ཞུས་པ་ཙམ་ཡིན་། སྤྱིར་བོད་མི་མང་ཆེ་བས་གསེར་ཀྱི་རྟགས་མ་རྒྱ་དགྲེ་དེ་དག་ལ་རག་པ་མཐོང་དུས་སེམས་ལ་མ་དགའ་བ་སྐྱེ་གི་འདུག། ལྷག་དོན་རྒྱ་དགྲེ་དེ་ཚོ་ལ་ཐོབ་པ་ལས་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཐོབ་ན་དགའ་བ་འཚོ་གི་འདུག འདི་ནི་གནས་ལུགས་ཅིག་དང་བསམ་བློའི་འཆར་སྣང་ཞིག་ལ་འབྲེལ་ཆོག་གི་རེད་དེ་དངོས་ཡོད་ནི་དངོས་ཡོད་རང་ཡིན་པས་བདེན་པ་ཡིན་མིན་ལ་ཞེན་ཁོག་གི་དཔྱད་ཞིབ་གནང་འོས་པ་ཞིག་མ་རེད་། ཁེ་ཕན་དང་གོ་གནས་ལ་མ་གཟིགས་པར་རང་མི་རིགས་ལ་ཞེན་པ་དཀར་པོའི་རང་མདངས་དང་དགོས་པ་མཐོང་ན་རང་ལུས་མེ་མཆོད་འབུལ་མཁན་རྒྱལ་གཅེས་དཔའ་བོ་དེ་དག་གི་ལ་རྒྱ་དང་རེ་བ་ཇེ་བཞིན་ཕུགས་བསམ་གི་ཕྱོགས་རྒྱབ་སྐྱོར་ཀྱི་ཐ་ན་རྣམ་འགྱུར་ཙམ་ཞིག་སྟོན་པ་དེ་རེད་།

    Reply
  11. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    དབྱིན་ཡུལ་གྱི་བོད་པ་ཚོས་བུ་མོ་འདི་ལ་བར་ཆད་ཅིག་བྱེད་ན་ཐང་གི། དེ་ལྟར་བྱེད་ནའང་ཁ་ཐུག་ལ་ཐད་ཀརསོང་སྟེ་གསར་འགོད་བརྒྱུད་ལམ་ལ་རྗེས་ནས་གཏོང་བ་ལས་སྔོན་ལ་གསར་འགོད་བརྒྱུད་ལམ་ལ་གཏོང་བ་ནི་ཡག་པོ་མ་རེད། རྒྱ་ནག་གིས་ཅིག་བྱས་ན་ཚར་བ་རེད། དེའི་ཕྱིར། དེ་དག་གི་བྱེད་སྟངས་དེ་ཡག་པོར་མ་མཐོང་། ལས་འགུལ་སྤེལ་ནའང་དགོས་པ་དགག་བྱ་ལ་ལྟ་དགོས།

    Reply
  12. ketaka says:
    ལོ་ 13 སྔོན།

    རང་གཤིས་དྲང་མོ་མེད་ན་་་དྲང་བདེན་གྱི་སློང་མོ་བའི་མགོ་བརྗོད་འདི་རང་གི་སྐེ་ལ་བཏགས་ཏེ་འཛམ་གླིང་དུ་སློང་མོར་ཇི་ཙམ་ཆས་ཀྱང་ཕན་འབྲས་འཐོན་གྱི་མ་རེད་་་་ལོ་་་་

    Reply
  13. བཟང་མོ་མཚོ། says:
    ལོ་ 13 སྔོན།

    ཆོས་དབྱངས་སྐྱིད་ཀྱི་གནས་ཚུལ་ཞིབ་ཕྲ་འདི་ན་འདུག http://neytramo.blogspot.in/2012/08/blog-post.html

    Reply
  14. སྐལ་བུ་ says:
    ལོ་ 13 སྔོན།

    ཁྱེད་ཀྱི་བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱེད་ཀྱི་གནས་ཚུལ་གསལ་པོ་འབྲེལ་རྗོད་བྱེད་པ་དགའ་པོ་བྱུང་ཡིན་ནི་ཨོ་རྩལ་འགྲན་བསྡུར་ནང་ན་བོད་ཀྱི་བུ་མོ་གཞན་ཞིག་ཡོད་སྐད་འདུག་པས་གལ་སྲིད་ཡོད་པ་ཡིན་ན་ཁྱེད་ཀྱི་ཅི་ཕྱིར་འདིར་འབྲིས་རྗོད་བྱེད་མ་ཐུབ་པ་ཡིན་ནམ་གལ་སྲིད་ཨོ་རྩལ་ནང་བོད་མི་གཞན་ཡོད་པ་ཡིན་ན་ཁྱེད་ཀྱིས་གནས་ཚུལ་གཅིག་མཚུངས་སུ་དགོས་རོག་གནང་ཞུ་རྒྱུ་ཡིན།

    Reply
  15. ལ་མོ་ཚེ་དཔག says:
    ལོ་ 13 སྔོན།

    གསར་འགྱུར་འདི་དུས་ཐོག་ཆར་པ་རེད། རྩོམ་སྒྲིག་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། བོད་པའི་བུ་མོ་འདི་ཐེངས་འདིར་རྒྱ་ནག་གི་སྐུ་ཚབ་བྱས་ཏེ་འགྲན་བསྡུར་ནང་ཞུགས་ཀྱི་ཡོད་མེད་ལ་མ་ལྟོས་པར། བོད་པའི་བུད་མེད་ཅིག་ཨའོ་ལིམ་ཕིག་ལུས་རྩལ་འགྲན་བསྡུར་ནང་ཞུགས་ཐུབ་པ་ཙམ་གྱིས་གཟི་བརྗིད་ཆེན་པོ་ཞེ་དྲག་རེད།
    དེ་ནས་གསར་འགྱུར་འབྲི་སྟངས་ཀྱི་ཐད་ནས་ཀྱང་ཧ་ཅང་ཚད་ལྡན་རེད། ཁ་གསལ་གོ་བདེ། དོན་དག་ཚང་མ་ཚང་བསྡད་པ་ཞིག་རེད། རྒྱལ་སྤྱིའི་ཨའོ་ལིམ་ཕིག་གི་རྩེད་འགྲན་ལ་མཚོན་ན། རྒྱལ་ཁབ་གཅིག་པོ་མ་ཡིན་པར་རང་སྐྱོང་གི་ངོ་བོར་ཡོད་པའི་ལུང་པ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ། དེ་བཞིན་མི་རིགས་དང་ལུང་པ་བྱེ་བྲག་པ་དེ་འདྲ་ཡང་ཡོད་པ་རེད། ཁོང་ཚོས་སོ་སོའི་སྐུ་ཚབ་ཅིག་ཨའོ་རྩེད་ནང་འཛུལ་ཞུགས་བྱེད་ཀྱི་ཡོད་ཚེ་སྔོན་ཚུད་ནས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་པ་དང་། གསར་འགོད་པ་ཚོས་ཉི་མ་ཉི་མ་བྱས་ཏེ་རྗེས་འདེད་བྱེད་གི་རེད། འགྲོ་ཆག་ཉལ་འདུག་ཚང་མ་སོ་སོའི་མི་མང་ལ་གནས་ཚུལ་ཁྱབ་སྤེལ་བྱེད་གི་རེད། དེ་བཞིན་མི་དམངས་ཀྱི་ངོས་ནས་ཀྱང་དོ་སྣང་དང་གདེང་འཇོག་ཆེན་པོས་ལྟ་ཉན་བྱེད་གི་རེད། ཡིན་ནའང་བོད་པའི་སྤྱི་ཚོགས་ནང་ད་བར་གྲགས་འགུལ་གང་ཡང་མེད་པར་སྣང་མེད་བཏང་བ་རེད། འདི་ཐབས་སྐྱོ་བོ་ཞེ་དྲག་རེད། བོད་ནང་ལ་ཁག་ཡོད་པ་མ་རེད་དམིགས་སུ་བཀར་ཏེ་ག་གེ་ཅིག་བྱེད་དབང་ཡོད་པ་མ་རེད། བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་ད་བར་མ་ཤེས་མདོག་མདོག་གིས་ཡ་མེད་བཏང་བ་རེད། འདི་དངོས་གནས་བྱས་ན་འགྲོ་སྟངས་ཏག་ཏག་བསྡད་ཡོད་པ་མ་རེད། འདི་ལས་ལྷག་གི་གནས་ཚུལ་ག་རེ་ཞིག་འཚོལ་བསྡད་ཡོད་པ་ཧ་གོ་མ་སོང་།།

    Reply
  16. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    དྲང་བདེན་གྱི་སློང་བ་ཟེར་མཁན་ལགས། འུ་ཚང་གི་སྐུ་དྲག་མི་དྲག་ཕལ་ཆེ་བས་རང་འདོད་ལྟར་ཕྱིའི་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ཚར་འདུག འོ་ན། དེ་དག་གིས་རྒྱལ་ཁབ་གང་དེར་མགོ་བཏེགས་ཞུས་ཚར་བར་བརྗོད་རྒྱུ་ཡིན་ནམ། བོད་ནང་གི་བོད་མི་ཚོ་ནི་རྒྱའི་བཙན་འོག་ན་ཡོད་ཙང་རྒྱའི་མིང་མི་འཁུར་རང་འཁུར་རེད། ཁོ་ཚོར་ཐབས་ཤེས་གཞན་ཡོད་པ་མ་རེད། ཁྱོས་སྐད་ཆ་དྲང་མོར་སྐད་ཆ་བཤད་འདོད་ཡོད་ན། རང་འདོད་ཀྱིས་རང་ཁེ་དོན་གཉེར་གྱི་ཆེད་དུ་རྒྱལ་ཁབ་ལ་མགོ་བཏེགས་ཞུས་ཟིན་པ་འུ་ཚོའི་རིགས་ཐེར་འདོན་གྱིས་༸གོང་ས་མཆོག་ནང་བཞིན་བཙན་བྱོལ་བ་ཞིག་གི་མིང་ཁུར་འདུག་རོགས་ཞེས་སྐུལ་རོགས།

    Reply
  17. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་དུ་ཞུགས་མཁན་གྱི་བོད་པའི་ལུས་རྩེད་པ་ཐོག་མ།
    ཆོས་དབྱངས་སྐྱིད་ཀྱི་འགྲན་ཞུགས་ཨང་རྟགས་ནི། ༡༣༨༧ རེད།
    འགྲན་ཞུགས་སྐབས་ཀྱི་མིང་དབྱིན་ཡིག་ཐོག QIEYANG Shenjie ལྟར་བྲིས་འདུག

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    Hong Liu , Xiuzhi Lu དང་། ཆོས་དབྱངས་སྐྱིད། Choe-yang Kyi ལ། Shenjie Qieyang བྲིས་ན་སེམས་ལ་ག་འདྲ་ཅིག་ཤར་བགྱིད་འདུག་གམ། བོད་རིགས་ཚོ། བོད་མོ་ཆོས་དབྱངས་སྐྱིད་ལགས་ལ་གསེར་གྱི་རྟགས་མ་ཐོབ་པར་ཤོག །

    Reply
  19. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    དེ་རིང་རྒྱ་ནག་གི་ཁོང་སུ་ཞུགས་མཁན་བོད་མོ་འདིར་དགའ་བསུ་ཞུ་འདོད་མེད་། ལོ་རྒྱུས་ཐོག་ཁོང་ནི་བོད་རིག་རྒྱལ་ཚོང་བ་ནག་ཉེས་ཆེས་ཤོས་དེ་སྲིད་། འདས་ཟིན་པའི་ལོ་ཟླ་བགྲང་ན་མི་ལོ་༥༠ཡི་རིང་རང་བཙན་ཤོར་བའི་བོད་ལ་ནམ་ཡང་རང་བཙན་ཐོབ་མི་སྲིད་པའི་གཏམ་ངན་ཞིག་སངས་རྒྱས་ཀྱི་ལུངས་བསྟན་གནང་ཡོད་ན་མ་གཏོགས་ང་ཚོའི་སྤོགས་པ་ཞུམ་ཏེ་དགྲ་བོ་རྒྱ་ནག་ལ་འགོ་རྟག་ཞུ་མི་འོས་། བོད་མོ་འདིའི་ལས་དབང་གང་ཞིག་ཡིན་རུང་ཕུགས་བསམ་དང་ལ་རྒྱ་ཡོད་མེད་ལ་མ་སྟོས་པ་ཁོང་གི་དེ་རིང་འཛམ་གླིང་མི་མང་འདུན་རྒྱ་ཁོང་སུ་དཔའ་ངར་ཆེ་པོའི་མཉམ་ཞུགས་བྱེད་པ་དེ་རེད་།

    Reply
  20. བཙན་ནག་པས། says:
    ལོ་ 13 སྔོན།

    མེས་པོས་མགོ་བོ་བཅོམ་པའི།
    དར་དམར་རྒྱབ་ཏུ་འཁྱེར་བའི།
    འཛམ་གླིང་ཨོ་རྩལ་གླིང་གི
    བོད་མོ་ཆོས་དབྱངས་སྐྱིད་ལ།
    ཤ་དང་རུས་པའི་སྟེང་ནས།
    རྒྱལ་ཁ་ལེན་པ་སྨོན་ནོ།
    མ་འོངས་དུས་རབ་གསར་པར།
    གངས་སེང་ངར་མའི་དར་ཆེན།
    ཁྱེད་ཀྱི་ཕྱག་ཏུ་བཞེས་ནས།
    མགོ་ནག་བོད་པའི་གྲགས་པ།
    ས་སྟེང་འགྲོ་བ་ཡོངས་ལ།
    འདྲེན་པའི་ཕོ་ཉར་གྱུར་རེ།
    བཅས་དགའ་སྐྱོ་འདྲེས་མའི་སེམས་པས་བསྐུལ་སྤེལ་བའོ།

    Reply
  21. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཅོལ་ཆུང་གི་མིག་ཟུང་འཁོར་ཡུལ།།
    གུང་ཁྲན་གྱི་སྒྱུ་མའི་རྩེད་སྤྱད།།
    བོད་པ་འགའི་གླེན་རྟགས་སྟོན་ཡུལ།།
    ལག་སྟོང་དུ་ཕྱིར་ལོག་བྱེད་པ།།
    རྒྱ་རྒན་ཚོས་སྔ་ནས་དཔག་ཡོད།།
    ཁྲག་རྒྱུན་དེ་བོད་དང་གཅིག་ཀྱང་།།
    སེམས་པ་དེ་རྒྱ་ལ་དགའ་བས།།
    རྩེད་འགྲན་དེར་བཅུག་པ་ཙམ་མོ།།

    Reply
  22. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ང་ཚོ་བོད་ཀྱི་བུད་མེད་རྒྱལ་སྤྱིའི་རྩེད་འགྲན་དུ་ཐོག་མར་ཞུགས་ཐུབ་པ་འདི་ལ་བཀྲ་ཤིས་བདེ་ལེགས་ཡང་ཡང་ཞུ། བུ་མོ་ཆོས་དབྱངས་སྐྱིད་རྒྱལ་བ་ལ་རེ་སྨོན་ཞུའོ།།
    ཡིན་ཡང་། ཕྱི་སྡོད་བོད་མི་ཚོས་བུ་མོ་མོ་རང་གི་མདུན་ལམ་ལ་གནོད་མ་སྐྱེལ་ན་བཟང་ངོ་། རྒྱལ་དར་ཁྱེར་ཏེ་དགའ་བསུ་ཞུ་མཁན་ཡོང་རྩིས་ཡོད་པ་གོ་ཐོས་བྱུང་བ་དེ་བདེན་ན་མ་འོངས་བོད་པ་ཚོས་རྩེད་འགྲན་འདིའི་རིགས་ལ་ཞུགས་ས་རག་ན་འགོག་རྐྱེན་དུ་འགྲོ་ངེས་པས། ཆབ་སྲིད་ཀྱི་ངོ་བོར་སྒྱུར་ན་བཟང་རྟགས་ཤིག་མ་མཐོང་ངོ་། །

    Reply
  23. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དྲ་གྲོགས་རིག་གྲོལ་ལགས། ཁྱོད་ཀྱི་རེ་སྐུལ་དེར་ཞིབ་འཇུག་བྱེད་ཁུལ་གྱིས་རྒྱལ་ཁབ་ཅུ་གྲངས་ཤིག་གི་ཆུ་ཚོད་གཤམ་དུ་བཀོད་ཡོད།
    དབྱིན་ཇིའི་རྒྱལ་ས་ལོན་ཌོན། ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༠༠
    རྒྱ་གར་རྒྱལ་ས་ལྡི་ལི། ཚེས་ ༡༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༩།༣༠
    བོད་ཀྱི་རྒྱལ་ས་ལྷ་ས། ཚེས་ ༡༡ ཉིན་གྱི་མཚན་གུང་ཆུ་ཚོད་ ༡།༠༠
    ཨ་རིའི་རྒྱལ་ས་ཝ་ཞིན་ཊོན། ཕྱི་ཚེས་ ༡༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠
    ཁེ་ན་ཌའི་རྒྱལ་ས་ཨོ་ཊི་ཝ། ཕྱི་ཚེས་ ༡༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠
    ཨོ་སི་ཊི་ལེ་ཡའི་རྒྱལ་ས་ཁན་བྷེ་རཱ། ཕྱི་ཚེས་ ༡༢ ཉིན་གྱི་ཐོ་རངས་ཆུ་ཚོད་ ༢།༠༠
    སུད་སའི་རྒྱལ་ས་བྷེན། ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༠༠
    འཇར་མན་གྱི་རྒྱལ་ས་བྷར་ལན། ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༠༠
    ཧྥ་རན་སིའི་རྒྱལ་ས་ཕ་རེ་སི། ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༠༠
    བྷལ་ཇམ་རྒྱལ་ས་སྦར་སིལ། ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༠༠
    ཉི་ཧོང་རྒྱལ་ས་ཊྲོག་ཁེའོ། ཕྱི་ཚེས་ ༡༡ ཉིན་གྱི་མཚན་གུང་ཆུ་ཚོད་ ༡།༠༠
    ཐེ་ཝན་གྱི་རྒྱལ་ས་ཐེ་པེ། ཕྱི་ཚེས་ ༡༡ ཉིན་གྱི་མཚན་གུང་ཆུ་ཚོད་ ༡།༠༠།
    བཅས་སུ་འཁེལ་འདུག་མོད། ཡིན་ནའང་རྒྱལ་ཁབ་སོ་སོའི་རྒྱལ་ས་གཞིར་བཟུང་རྩིས་ཡོད་སྟབས། མངའ་སྡེ་དང་གྲོང་འཁྱེར་འགའ་རེ་ནང་གཅིག་མཚུངས་མིན་པ་དེ་འདྲ་ཡང་ཡོད་སྲིད་པ་རེད།

    དྲ་གྲོགས་བཙན་བྱོལ་བ་ལགས། ཁྱོད་ཀྱི་རེ་སྐུལ་དེའི་སྐོར་ལ་ཉེ་ལམ་ཨོ་རྩེད་མགོ་འཛུགས་གནང་མ་ཐག་ནས་གནས་ཚུལ་འཚོལ་སྒྲུབ་བྱས་ཀྱང་། ད་བར་བུ་མོ་ཤི་ལོག་སྒྲོལ་མའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་རེག་མ་སོང་། ཕལ་ཆེར་ཁོང་མོ་ཐེངས་འདིའི་ལོན་ཌོན་ཨོ་རྩེད་ནང་ཞུགས་མེད་པ་འདྲ།

    Reply
  24. ཚེ་རིང་ལྷ་མོ། says:
    ལོ་ 13 སྔོན།

    བུ་མོ་འདིའི་སྐོར་གྱི་བཅར་འདྲིའི་གློག་བརྙན་ལ་གཟིགས་འདོད་ཡོད་ན་འདི་ལ་ཕེབས་རོགས།
    http://www.qhtb.cn/shipin/xiezhen/2012-05-05/362.html
    བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ཐེངས་འདིར་ལོན་ཊོན་ཨོ་ཚོགས་ནང་ཞུགས་ཐུབ་པ་བྱུང་བ་དེ་བོད་མི་ས་ཡ་དྲུག་གི་སྤོབས་པ་ཡིན་ལ། ཡང་སྒོས་བོད་པའི་བུད་མེད་རྣམས་ཀྱི་གཟི་བརྗིད་དང་ལ་རྒྱ་རེད།

    Reply
  25. thapkegyatso says:
    ལོ་ 13 སྔོན།

    གངས་ཅན་བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་ལགས།ཁྱོད་ཀྱིས་དཀའ་སྡུག་གང་མང་ལ་གདོང་ལེན་ཁྱད་བསད་བྱས་ཏེ།སྦྱང་བརྩོན་མི་དམན་པ་བྱས་པའི་ནུས་རྩལ་རྣམས་ངོམས་པའི་དུས་ལ་བབ་པས་ཤུགས་རྒྱོྒྱོྒྱོབས་ཤིག ཁྱོད་ལ་རིགས་མཐུུན་སྤུན་ཀུན་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་བཞིན་ཡོད།གངས་རིའི་བུ་མོ་ཆོས་དབྱངས་སྐྱིད་རྒྱལ་བར་སྨོན།

    Reply
  26. ཚེ་རྡོར། says:
    ལོ་ 13 སྔོན།

    ཨོ་རྩལ་འགྲན་བསྡུར་གྱི་རྩེད་མོའི་ཐོ་གཞུང་ནང་དུ་སང་ཉིན་གྱི་འདུར་རྒྱུག་འགྲན་བསྡུར་དེ་ནང་རྒྱ་ནག་གི་བུད་མེད་གསུམ་འདུག དེ་དག་གི་མིང་ལ་ Hong Liu , Xiuzhi Lu , Shenjie Qieyang སོགས་འཁོད་འདུག

    Reply
  27. ཕུར་བུ་བསམ་འགྲུབ། says:
    ལོ་ 13 སྔོན།

    ང་རང་ཐེངས་འདིར་ཆེད་དུ་ཡོ་རོབ་འཇར་མ་ནེའི་ཨའོ་ལིམ་ཕིག་གི་ལུས་རྩལ་ལ་ལྟ་རུ་ཡོང་བ་ཡིན། ཡོ་རོབ་ཁུལ་ནས་བོད་རིགས་མང་ཚོགས་གང་ལ་གང་འཚམས་ཤིག་འབྱོར་འདུག མང་པོི་ཤིག་གིས་བོད་པའི་བུ་མོ་ལུས་རྩལ་བ་ཁོང་མོ་བརྩད་འཚོལ་གནང་གི་འདུག ཁ་ཤས་ཀྱིས་མཐོང་སོང་རབས་ཀྱང་ཤོད་ཀྱི་འདུག སང་ཉིན་ཕལ་ཆེར་མོ་རང་ལ་ཐུག་གི་རེད་དྲན་གྱི་ཡོད། ངས་བསམ་ན་ཕྱི་ལོགས་ཀྱི་བོད་མི་ཚོ་ཁོང་མོར་དངོས་སུ་ཐུག་འཕྲད་བྱས་ན་ཡག་པོ་ཡོང་གི་མ་རེད་དྲན་ཡོད། ཕྱི་ལོག་གི་བོད་མི་ཚང་མ་སོང་ནས་བོད་ཆས་གྱོན་ནས་དགའ་དགའ་སྤྲོ་སྤྲོའི་སྐད་འབོད་གནང་སྟེ་ཁོང་མོ་ལ་སེམས་ཤུགས་སྤར་རྒྱུ་དེ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་རེད་བསམ་གྱི་འདུག

    Reply
  28. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    གསར་འགོད་པས་ཤི་ལོག་སྒྲོལ་མའི་སྐོར་ལ་ཡང་གང་མགྱོགས་འགོད་ཐུབ་པའི་རེ་བ་ཡོད། གང་ལྟར་བོད་མི་ཞིག་ཡིན་ཕྱིན་རྒྱལ་སྤྱི་རྩེད་འགྲན་ནང་ལ་ཚུད་པ་ལ་སེམས་གཏིང་ནས་དགའ་བསུ་ཞུ།

    Reply
  29. ལི་ཐང་གི་ལུག་རྫི། says:
    ལོ་ 13 སྔོན།

    བཀླགས་ཡིན། མཐོང་སོང་། བོད་རིགས་རེད། བོད་པ་རེད། བོད་པ་ཡིན་ན་བོད་པ་ཞེས་ཐད་ཀར་མི་འབྲི་བར་དེའི་བར་དུ་རིགས་ཤེས་འབྲི་དགོས་དོན་ཅི་རེད།

    Reply
  30. སྤྲོ་ཚིགས་དགེ་འདུན says:
    ལོ་ 13 སྔོན།

    ད་ཐང་བོད་མི་རིགས་འདིའི་ལས་བསོད་དང་རླུང་རྟ་ལ་ཐུགས་བསྡད་ཡོད་པས། བོད་རྩམ་ཟན་ཡོད་ཚད་ནས་རང་རང་གི་ཁ་རྗེ་དབང་ཐང་རྣམས་ཕྱོགས་གཅིག་དུ་སྡོམས་པའི་མཐུ་ལ་བརྟེན་ནས་བུ་མོ་ཆོས་དབྱངས་སྐྱིད་རྣམ་པར་རྒྱལ་བར་མཛོད།

    མཐུ་བོ་ཆེ་དག་གི་གདོང་གྲོགས་མཛོད།།།།

    Reply
  31. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ངེད་ཚོས་བཙན་བྱོལ་བས་བོད་ཆས་གྱོན་ནས་དགའ་བསུ་དང། སེམས་ཤུགས་ཕར་རྒྱུར་རམ་འདེགས་ལས་ཆབ་སྲིད་རྣམ་པ་མི་མངོན་ན་ལེགས། བུ་མོ་ཆོས་དབྱིངས་རྒྱལ་གྱུར་ཅིང།

    Reply
  32. རིག་གྲོལ། says:
    ལོ་ 13 སྔོན།

    དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་སང་ཉིན་གྱི་ཆུ་ཚོད་ 5:00 དེ་རྒྱ་གར་དང་། ཨ་རི། བོད། བལ་ཡུལ། སྦེལ་ཇམ། ཧྥ་རན་སི། འཇར་མཱ་ནེ་སོགས་ཀྱི་ཆུ་ཚོད་ག་ཚོད་ལ་འཁེལ་གྱི་ཡོད་པ་ཤེས་མཁན་ཡོད་ན་འདིར་འགོད་ཐུབ་ན་ཧ་ཅང་གལ་ཆེན་རེད་ལགས།

    Reply
  33. panpadorjee says:
    ལོ་ 13 སྔོན།

    འདིའི་སྐོར་གྱི་གནས་ཚུལ་རགས་རིམ་རས་ཁ་སྔོན་ནས་གོ་སོང་། ཡིན་ནའང་འདི་ལྟ་བུའི་ཞིབ་རྒྱས་ཤིག་དེ་རིང་བར་ཀློག་རྒྱུ་མ་བྱུང་བས། རྩོམ་སྒྲིག་པ་མཆོག་གིས་ཁ་གསལ་བོ་དང་དོན་འདུ་བ་ཞིག་འཁོར་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    ཆོས་དབྱངས་སྐྱིད་རྣམ་པར་རྒྱལ་གྱུར་ཅིག་་་་་་་་་་་་་་་་་་་་

    Reply
  34. ཚངས་གསར་འཕྲིན་ལས། says:
    ལོ་ 13 སྔོན།

    བོད་པ་ཡོད་ཚད་ཀྱིས་རེ་བའི་མིག་ཟུང་ཁྱེད་ལ་ཕྱོགས་བཞིན་ཡོད་ན་ཁྱེད་ཉིད་ཅིས་ཀྱང་རྒྱལ་བར་སྨོན། བསམ་དོན་འགྲུབ་པར་སྨོན། བར་ཆད་མེད་པར་སྨོན། རྒྱལ་ལོ་རྒྱལ་ལོ་བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་རྒྱལ་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  35. ལྷག་པ་ཚེ་རིང་། says:
    ལོ་ 13 སྔོན།

    ཆོས་དབྱངས་སྐྱིད། རྒྱལ་གྱུར་ཅིག
    ཤུགས་བརྒྱབ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese