མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་བོད་ཀྱི་ཀུན་བཏུས་གློག་ཀླད་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་གནང་ཐོག དྷ་སར་སྨོན་ལམ་བོད་ཀྱི་ཀུན་བཏུས་གློག་ཀླད་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཏེ། ཚིག་མཛོད་ཀྱི་སྒྲོམ་གཞི་སྒྲིག་སྟངས་ཐད་གནད་ཡོད་མི་སྣས་བསམ་ཚུལ་བརྗེ་རེས་དང་། ལས་ཁུངས་ཀྱི་དྲ་རྒྱའི་ནང་མི་མང་གིས་མཉམ་རུབ་གནང་ཕྱོགས་ངོ་སྤྲོད་བཅས་གནང་སོང་།  

ཁ་སང་ཕྱི་ཚེས་ ༡༨ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་༼ སྨོན་ལམ་བོད་ཀྱི་ཀུན་བཏུས་གློག་ཀླད་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་༽ཞིག་ཚོགས་ཡོད་པ་དང་།  ཚོགས་འདུའི་སྟེང་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་གཉིས་གཙོས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་སྒེར་དྲུང་ཆེ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ།  དེ་བཞིན། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་པ་དང་རྩོམ་པ་པོ་བཅས་གནད་ཡོད་མི་སྣ་ ༡༠༠ ཙམ་འཛོམས་ཐོག གློག་ཀླད་ནང་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་སྒྲིག་སྟངས་ཐད་གཏམ་བཤད་དང་། དྲི་བ་དྲིས་ལན་བཅས་གནང་སྟེ་ཉིན་གཅིག་རིང་བགྲོ་གླེང་གནང་སོང་།

ཚོགས་འདུའི་ཐོག་མར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ངོ་སྤྲོད་དང་། ཚོགས་འདུའི་དགོས་དམིགས་གསལ་འདོན། ལས་ཁུངས་ཀྱི་དྲ་རྒྱ་(www.monlamit.org) ངོ་སྤྲོད་བཅས་གནང་བ་དང་། ཚིག་མཛོད་རྩོམ་སྒྲིག་པ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་ཚིག་མཛོད་ནང་བརྡ་སྤྲོད་ཀྱི་དབྱེ་བ་དང་བརྡ་ཆད་དགར་སྟངས་སྐོར་དང་།  ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་ནང་ཐ་སྙད་འགྲེལ་བཤད་རྒྱག་སྟངས་ཀྱི་ཚད་གཞིའི་སྐོར་ངོ་སྤྲོད་བཅས་གནང་རྗེས། སྐུ་མགྲོན་གཙོ་བོ་རྣམ་གཉིས་ཀྱིས་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞིའི་བཀའ་སློབ་གསུངས་བཤད་གནང་བ་དང་། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་ཚིག་མཛོད་རྩོམ་སྒྲིག་བྱ་ཕྱོགས་ཐད་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་གཏམ་བཤད་བཅས་གནང་བར་མ་ཟད།   ཚོགས་འདུར་ཕེབས་མཁན་གནད་ཡོད་ཤེས་ལྡན་པ་ཡོངས་ཀྱིས་བརྗོད་གཞི་དང་འབྲེལ་བའི་ཐོག་སོ་སོའི་བསམ་ཚུལ་བརྗོད་པ་དང་དྲི་བ་དྲིས་ལན་བཅས་གནང་སོང་།

བགྲོ་གླེང་ཚོགས་འདུའི་ཐོག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། “ སྤྱིར་ང་རང་ཆོས་དང་རིག་གཞུང། དེ་བཞིན་ཆབ་སྲིད་བཅས་གང་ཅིའི་ཐོག་མཁས་པ་དང་བཤད་ཤེས་མཁན་དེ་འདྲ་མིན། ལྷག་པར་བརྡ་སྤྲོད་ཀྱི་ཐོག་དམིགས་བསལ་བཤད་རྒྱུ་གང་ཡང་མི་འདུག འོན་ཀྱང་སྨོན་ལམ་གྱིས་མགོ་བཙུགས་པའི་ལས་གཞི་དེའི་ཐོག་རྒྱབ་སྐྱོར་མཚོན་ཆེད་བཅར་བ་ཡིན། ད་ལྟའི་ལས་གཞི་འདི་ནི་ཞིབ་ཚགས་པོ་དང་རྒྱ་ཆེན་པོ། ཧ་ཅང་ཡག་པོ་ཞིག་མཐོང་སོང། འོན་ཀྱང་དོན་ཚན་རེ་རེའི་ཐོག་མཁས་པ་མང་པོར་གྲོས་བསྡུར་གནང་དགོས་རྒྱུ་དང། མཁས་པའི་ལྷན་ཚོགས་མང་པོ་གནང་སྟེ་བགྲོ་གླེང་དཔྱད་ཞིབ་གནང་དགོས་རྒྱུ་ཞིག་རེད་འདུག་བསམ་པའི་ཚོར་སྣང་བྱུང་།” ཅེས་གསུངས་ཏེ། རིམ་པས་ལས་དོན་དངོས་སུ་ལག་བསྟར་སྐབས་བགྲོ་གླེང་དང་ཞིབ་འཇུག་རྒྱ་ཆེ་ཙམ་གནང་སྟེ་ལས་གཞི་འདི་སྤུས་དག་པོ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། ལྷག་པར་དུ་དེང་སྐབས་གསར་རྩོམ་ཁག་ཅིག་དོན་རྟོགས་དཀའ་བ་དང་དོན་ལོག་པར་རྟོགས་འགྲོ་བ་མང་པོ་ཡོང་གི་ཡོད་སྟབས། ཚིག་གི་ཐ་སྙད་བེད་སྤྱོད་བྱེད་སྟངས་ཐོག་གཟབ་གཟབ་གནང་དགོས་པ་གསུངས་སོང་།  

དེ་བཞིན། ཀིརྟི་རིན་པོ་ཆེ་མཆོག་གིས་བརྡ་དང་ཐ་སྙད་གསར་བཟོའི་སྐོར་ལ་གསུངས་དོན། བརྡ་དང་ཐ་སྙད་མང་པོ་གསར་བཟོ་ལ་བརྟེན་ནས། མ་འོངས་པར་བཀའ་བསྟན་གཙོས་བོད་རང་གི་རིག་པའི་གཞུང་ལུགས་ཁག་ཀློག་སྐབས་གོ་བ་མ་ལོན་པ་དེ་འདྲ་མི་ཡོང་བ་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་ཐད། དེང་སྐབས་རྒྱ་ནག་ནང་རྒྱ་ཡིག་གསར་རྙིང་གཉིས་སུ་ཁ་གྱེས་དེ་ཕན་ཚུན་གོ་བ་ལོན་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱིན་ཡོད་པ་དཔེ་མཚོན་དུ་དྲངས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་རྙིང་པ་དེ་དག་ཡག་པོ་གོ་ཐུབ་པ་དང་དོན་ཟབ་མོ་རྟོགས་ཐུབ་པ་ཞིག་བཟོ་དགོས་རྒྱུ་དང་། ཚིག་ལ་འགྲེལ་བཤད་རྒྱག་སྐབས་མདོ་སྔགས་རིག་གཞུང་དང་། རྒྱལ་རབས་ཆོས་འབྱུང་བཅས་ཀྱི་ཐོག་རང་སྐྱ་འཕེར་བ་ཞིག་དགོས་ཀྱི་ཡོད་སྟབས། ཚན་པ་དེའི་ལས་བྱེད་རྣམས་སྤུས་དག་ཤེས་ཚད་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་འདུག

དེ་རྗེས། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། “སྐད་ཡིག་ཆག་འཇིག་གི་སྐད་ཆ་བཤད་སྐབས། ང་ཚོའི་བསམ་བློར་བོད་ནང་རྒྱ་མིས་བཙན་གནོན་འོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་རྒྱུའི་འཆར་གཞི་ལྡན་པའི་ལས་འགུལ་སྤེལ་གྱི་ཡོད་སྟབས། དེའི་དབང་གིས་ཉམས་ཆག་འགྲོ་གི་རེད་བསམ་པའི་འཇིགས་སྣང་མ་གཏོགས། དེ་ལས་གཞན་པའི་ལམ་ཁ་རྣམས་བསམ་བློའི་ནང་འཁོར་གྱིན་མེད་པ་ཞིག་ངས་མཐོང་གི་འདུག  སྤྱིར་བཏང་དུས་ཚོད་ཀྱི་འགྱུར་བའི་ནང་ཉམས་ཆག་མང་པོ་འགྲོ་བཞིན་ཡོད་ལ། གོ་ལ་གཅིག་གྱུར་གྱི་གནས་སྟངས་འདིའི་འོག་བོད་པ་ཙམ་མིན་པར། འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་ཆུང་བ་མང་པོའི་སྐད་ཡིག་ཉེན་ཁར་བསླེབས་ཡོད།” ཅེས་གསུངས་ཏེ། འདས་པའི་ལོ་ལྔ་བཅུ་ལྔ་གྲངས་རིང་བོད་ནང་གི་མཁས་དབང་རྣམས་ཀྱིས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་པ་དེ་དག་གཟི་བརྗིད་ཆེན་པོ་ཡིན་པ་དང་། བཙན་བྱོལ་རང་དབང་ལུང་པའི་ནང་མཐུན་རྐྱེན་འཛོམས་མཁན་ཚོས་གནང་མ་ཐུབ་མང་པོ་ཞིག་བོད་ནང་བཞུགས་མཁན་ཚོས་གནང་ཡོད་པ་དེ་ངོས་འཛིན་གསལ་པོའི་ཐོག་ནས། ཁོང་ཚོས་དཀའ་ལས་བརྒྱབ་བཞག་པ་དེ་དག་ལ་ཡ་རབས་བཟང་སྤྱོད་ཐོག་དྲིན་དྲན་པ་དང་དྲིན་གཟོ་བ་གཉིས་དགོས་སྐོར་གསུངས་སོང་།  

མཇུག་མཐར། བཀའ་བློན་ཁྲི་ཟུར་མཆོག་གིས། “རྒྱ་མིས་ང་ཚོའི་སྐད་ཡིག་རྩ་མེད་གཏོང་རྒྱུ་དེ་མངོན་སུམ་མཐོང་ཆོས་སུ་ཡོད། འོན་ཀྱང་། ང་ཚོས་མཐོང་མི་ཐུབ་པ་དེ་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་དང་དེའི་ཤུགས་རྐྱེན།  མི་རབས་གཞོན་པ་ཚོས་དོ་སྣང་བྱེད་ཕྱོགས་ཀྱི་ཐོག་ནས་ཉམས་ཆག་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་སྐད་ཡིག་འགྱུར་འགྲོས་ཀྱི་ཐོག་ནས་ཀྱང་ཉམས་ཆག་མང་པོ་ཞིག་འགྲོ་བཞིན་ཡོད། སྐད་ཡིག་འགྱུར་འགྲོས་དེ་བསམ་བློའི་འགྱུར་འགྲོས་ལས་ཀྱང་མགྱོགས་པ་ཞིག་རེད་འདུག  དེ་ང་ཚོས་ངོ་ཤེས་པ་ཞིག་དགོས་པ་དང་འགྱུར་འགྲོས་དེར་སྐབས་རེར་མཉམ་རུབ་བྱས་ཏེ་མདུན་སྐྱོད་བྱེད་དགོས་རྒྱུ་དང་། སྐབས་རེ་གདོང་ལེན་བྱས་ཏེ་དགག་པ་རྒྱག་དགོས་ཀྱི་ཡོད། ལས་དོན་གཞི་རྒྱ་ཆེ་རུ་དང་ལས་བྱེད་མང་དུ་ཕྱིན་པའི་སྐབས། ཐོག་མའི་མི་གཅིག་གི་རིགས་གཅིག་རྐང་འཛིན་གྱི་ནུས་པ་དེ་སྔོན་ལྟར་མ་ཉམས་པ་དགོས་ལ། ཟླ་གཅིག་ཞག་གཅིག་ནང་གྲུབ་འབྲས་མིག་མཐོང་ལག་ཟིན་ཡོང་རྒྱུ་ཡོད་པ་དེ་ཚོའི་རིགས་གནང་ཐུབ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག” ཞེས་གསུངས་ཡོད་པ་རེད།  

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གསར་འཛུགས་ཀྱིས་ལས་གཞི་ཁག་མགོ་བརྩམས་ནས་ཟླ་གསུམ་ལྷག་འགྲོ་བཞིན་ཡོད་པ་དང་། དེང་དུས་བརྡ་འཕྲིན་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས། བོད་རང་གི་སྐད་དང་ཡི་གེ་ཆ་ཚང་ཞིག་བརྡ་འཕྲིན་ནང་འཇུག་ཐུབ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ལས་གཞི་གཙོ་བོ་གློག་ཀླད་ནང་བོད་ཀྱི་ཚིག་མཛོད་དང་། བརྡ་སྤྲོད། སྒྲ་གདངས་གསར་འཇུག་དང་། དྲ་རྒྱ་བརྒྱུད་ནས་ཐ་སྙད་གསར་རྙིང་དང་ཡུལ་སྐད་ཐ་སྙད་སོགས་བསྡུ་རུབ་ཀྱི་མཉམ་ལས་བཅས་གནང་གི་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 4

  1. མེ་རི says:
    ལོ་ 14 སྔོན།

    རིན་ཐང་གིས་ཕྱུག་པའི་འོས་སྦྱོར་གསར་སྤེལ་གྱི་རྩོམ་དེ་མཇལ་ཟིན། འདིའི་བརྗོད་བྱ་གནད་བསྡུས་ཤིག་གསར་འགོད་པ་ཉིད་ཀྱི་མིང་ཐོག་ནས་མཚོ་སྔོན་ཟིན་བྲིས་སུ་འགོད་ཆོག་པར་ཞུ།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    དུས་ཀྱི་འགྱུར་འགྲོས་དང་བསྟུན་པའི་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་འགུལ་བཟང་པོར་མངོན་པར་བསྟོད་དོ།།

    བཀྲིས་བདེ་ལེགས། སྨོན་ལམ་ལགས་དང་ཕྱག་རོགས་ལྷན་རྒྱས་ལ་ཐུགས་རྗེ་ཆེ་གནང་།

    ལས་གཞི་འདིའི་རེ་འདུན་ནི་མགྱོགས་ལོད་མིན་པས་ཞིབ་ཚགས་ཞིབ་འཇུག་གིས་ཕྱིས་སུ་དོན་གཉེར་ཅན་དག་གིས་དངོས་སུ་ལོངས་སྤྱོད་པའི་སྐབས་དགའ་མོས་ངང་གིས་དགྱེས་འགྲོ་བ་ཞིག་བཟོ་རོགས་དང་།

    བཀྲ་ཤིས་སོ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས།

    ་་་་་ བཙན་བྱོལ་རང་དབང་ལུང་པའི་ནང་མཐུན་རྐྱེན་འཛོམས་མཁན་ཚོས་གནང་མ་ཐུབ་མང་པོ་ཞིག་བོད་ནང་བཞུགས་མཁན་ཚོས་གནང་ཡོད་པ་དེ་ངོས་འཛིན་གསལ་པོའི་ཐོག་ནས། ཁོང་ཚོས་དཀའ་ངལ་བརྒྱབ་བཞག་པ་དེ་དག་ལ་ཡ་རབས་བཟང་སྤྱོད་ཐོག་དྲིན་དྲན་པ་དང་དྲིན་གཟོ་བ་གཉིས་དགོས་་་་་་་

    ཀིརྟི་རིན་པོ་ཆེ་མཆོག་གིས།
    ་
    ་་་ བརྡ་དང་ཐ་སྙད་གསར་བཟོའི་སྐོར་ལ་གསུངས་དོན། བརྡ་དང་ཐ་སྙད་མང་པོ་གསར་བཟོ་ལ་བརྟེན་ནས། མ་འོངས་པར་བཀའ་བསྟན་གཙོས་བོད་རང་གི་རིག་པའི་གཞུང་ལུགས་ཁག་ཀློག་སྐབས་གོ་བ་མ་ལོན་པ་དེ་འདྲ་མི་ཡོང་བ་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་་་་་་་་་

    Reply
  4. འདམ་བསོད་བྷོ། says:
    ལོ་ 14 སྔོན།

    རྒན་བློ་བཟང་སྨོན་ལམ་ལགས་ནི་བོད་པའི་སྐད་ཡིག་རིག་གཞུང་ཐོག་ཕྱག་རྗེས་རླབས་ཆེན་འཇོག་གནང་མཁན་ཞིག་ཡིན། བོད་ཕྱི་ནང་གཉིས་སུ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད།
    ཐེངས་འདིའི་ལས་གཞི་འདི་ཡང་ཧ་ཅང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་རེད། ཁྱེད་ཀྱི་ཐུགས་ཀྱི་བཞད་དགོངས་མཐའ་དག་ཡིད་བཞིན་དུ་འགྲུབ་ཅིང་། བོད་པའི་མི་རབས་ནས་མི་རབས་ལ་ཕན་ཐོགས་ཆེན་པོ་ཡོང་བ་ཞིག་ཏུ་འགྱུར་བའི་སྨོན་ལམ་གྲངས་མེད་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese