མི་ཕམ་ཚངས་ཐིག
ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་དེ་འཇིག་རྟེན་ལས་ཆོས་ཀྱི་དབྱིངས་སུ་གཤེགས་པ་རེད། རྒྱལ་ཁབ་ ༣༠ ལྷག་ཏུ་འཁྱམས་སྡོད་ངང་ཡོད་པའི་བོད་མི་སེམས་ཤུགས་དང་ལ་རྒྱ་ཅན་མང་ཆེ་བའི་མི་ལོ་ ༦༠ མ་ཟིན་ཙམ་གྱི་རེ་སྨོན་དང་རྨི་ལམ་དེ་ཚེ་ལས་འདས་པའི་ཚོར་སྣང་བྱུང་བ་རེད།
བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཚེ་སྲོག་སོང་བ་ཀུན་གྱི་རྣམ་ཤེས་དག་གིས་ངུ་འབོད་བྱས་པའི་ཚོར་གདུང་ཞིག་རང་བཞིན་གྱིས་བྱུང་བ་རེད། ལྷག་བསམ་དང་ལ་རྒྱ་ཡིས་ཕྱུག་པའི་གངས་རིའི་ལྕམ་སྲིང་ཀུན་གྱིས་ཁྲག་དང་མིག་ཆུ་ནི་དྲྭ་རྒྱ་ཁག་མ་གཏོགས་ཕྱི་ས་གཞན་ཞིག་གང་ན་ཡོད།
དེའི་སྐབས་ཀྱི་ཆབ་སྲིད་མི་སྣས་བབ་ཅོལ་དང་ནང་འགལ་གྱི་གསུང་བཤད་མང་དུ་གནང་ཡང་། ཉོག་རིང་བསྐྱར་ཟློས་ཟད་མེད་ཀྱི་ལབ་བརྡོལ་ནི་ལོ་ངོ་ཕྱེད་གཉིས་རིང་མ་རྫོགས་པར་བཤད་ཀྱང་དོན་འབབ་ས་ཞིག་མེད་པ་གཟུར་གནས་བློ་ལྡན་ཀུན་གྱིས་ཤེས་གསལ་རེད།
དུས་དང་ནུས་པ་ཆུད་ཟོས་ཀྱི་ཉོག་གཏམ་དེ་རེ་ཞིག་རྫོགས་ནས་ཉན་མཁན་རྣམས་ལོ་ངོ་ཕྱེད་ཙམ་རིང་ཁོ་ཆད་རྣ་འཇམ་དུ་བསྡད་ཡོད་པ་འདྲ། ངོ་མཚར་དགོས་པ་ཞིག་ནི། ཉེ་ཆར་ལ་དྭགས་དང་ཨེ་ཊ་ལིའུ་སོགས་ནས་རང་ཅག་བོད་མིའི་༧སྐྱབས་མགོན་རྒྱལ་དབང་མཆོག་གིས་ཡང་བསྐྱར་དེའི་སྐོར་ལ་གླེང་སློང་ཤུགས་ཆེར་གནང་འདུག་པ་དེར་དགོས་པ་ཆེན་པོ་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།
འོན་ཀྱང་བླུན་པོ་ཕྲན་ལ་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་གི་ཟབ་གསང་གིས་ཀྱང་དེ་སྔོན་གྱི་དོན་གནད་དེ་དག་ད་དུང་གསལ་བོར་ཆགས་མ་སོང་། དེའི་ཕྱིར་ཕྲན་གྱིས་འདིར་གཟུར་གནས་བློ་ལྡན་བོད་མི་སུ་ཡིན་རྣམས་ལ་དྲི་བ་སྟབས་བདེ་ཞིག་འདྲི་ཆོག་པར་ཞུ། རང་རེའི་བཙན་བྱོལ་བོད་མི་རྣམས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་གཞུང་དེའི་མིང་ལ་དབྱིན་ཡིག་གིས་(Government)ཞེས་བཏགས་པ་གཏན་ནས་འདོགས་མི་རུང་བ་དང་། གལ་ཏེ་བཏགས་ན་དཀའ་ངལ་འཕྲད་རྒྱུ་ཡིན་པར་དམ་བཅའ་བ་བདེན་པའི་དབང་དུ་ཐོང་། ཡིན་ཡང་བོད་ཡིག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཟེར་བ་དེ་བཞག་ན། དེ་ལ་སུ་ཞིག་གིས་དཀའ་ངལ་སྤྲོད་རྒྱུ་རེད་དམ། གཞུང་ཟེར་བ་དེ་ང་ཚོའི་བོད་པ་རང་སྐད་དུ་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་ལ་གོ་བས་སྒྲུབ་མི་ཐུབ་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་ན། སྐད་ཡིག་གཞན་ཞིག་གིས་དེ་རྒྱལ་ཁབ་ཅིག་གི་དོན་དུ་སྒྲུབ་ནས་དཀའ་ངལ་སྤྲོད་ཐུབ་པ་ཞིག་ནི་མི་སྲིད་པ་ཞིག་མ་རེད་དམ། གལ་ཏེ་ཐུབ་པར་འདོད་མཁན་ཡོད་ན་ཕྲན་དང་ཕྲན་འདྲ་བའི་བླུན་པོ་ཀུན་ལ་གསལ་བཤད་ཅིག་གནང་རོགས་ཞུ།
ཕྱི་ལོ་ ༢༠༡༡ ལོའི་སྐུའི་འཁྲུངས་སྐར་ཉིན། ཨ་རིའི་རྒྱལ་ས་ཝ་ཤུན་ཀྲོན་དུ། ༸གོང་ས་མཆོག་སྐུ་ཉིད་ཀྱིས། “དེ་ག་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེད་པ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས་དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབས་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད” ཞེས་གསུངས་གནང་འདུག་པ་དེ་ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ནས་ཐད་ཀར་རྒྱང་བསྲིངས་བྱས་བ་ད་དུང་དྲྭ་ལམ་ནས་གཟིགས་ན་༸གོང་ས་མཆོག་གིས་བོད་སྐད་དང་བོད་ཡིག་ཐོག་ཏུ་བོད་གཞུང་ཞེས་པ་འདོགས་རུང་བར་གསུང་བའི་གོ་བ་ལེན་སླ་བར་སྙམ། དྲི་བ་མདོར་བསྡུས་ན། བོད་ཡིག་གི་ཐོག་ཏུ་བོད་གཞུང་ཞེས་བརྗོད་མི་རུང་བའི་རྒྱུ་མཚན་ཅི་རེད་དམ།
ཡང་ཕྱི་ལོ་ ༢༠༡༢ ལོ་ཕྱི་ཟླ་ ༦ ཚེས་ ༢༨ ལ་ཡང་བསྐྱར་ཨེའུ་ཁྲི་ལིར་བོད་མི་སེར་སྐྱ་མང་ཚོགས་ལ་བསྩལ་པའི་བཀའ་སློབ་ཏུ། “༼གྷ་ཝར་མན་ཌ༽ (Government)བརྗོད་དུས་དེ་ནི་མིང་ཚིག་ཟུར་གསལ་ཞིག་རེད། ང་ཚོ་བོད་པའི་ཡི་གེའི་ནང་ལ་གཞུང་ཟེར་བ་འདི། དགོན་པ་གཞུང་རྐྱང་དང། བླ་བྲང་གཞུང་རྐྱང་། གཟིམ་ཤག་གཞུང་རྐྱང་ཞེས་བརྗོད་ཀྱི་ཡོད། དཔེར་ན་གཙང་པོ་ལ་ཆ་བཞག་ན་གཙང་པོའི་གཞུང་ཟེར་གྱི་ཡོད། ང་ཚོའི་བོད་སྐད་ནང་གཞུང་ཟེར་བ་འདི་འཇུག་ཡུལ་རྒྱ་ཆེན་པོ་ཞིག་ཡོད། དབྱིན་ཇིའི་སྐད་ནང་“གྷ་ཝར་མན་ཌ་” (Government)བརྗོད་པ་ཡིན་ན་རྡོག་རྡོག་གཅིག་ཆགས་ཡོད། ཤེས་སོང་ངམ” ཞེས་སོགས་གསུངས་འདུག བོད་གཞུང་ཟེར་བ་དེ་ཉིད་མཐའ་གཅིག་ཏུ་(Government )ཟེར་བའི་རྒྱལ་ཁབ་ཅིག་ལ་གོ་བ་རེད་ཅེས་ནི་གསུང་མི་སྲིད་པ་ཞིག་མ་རེད་དམ། དེའི་ཕྱིར་བོད་སྐད་དུ་བོད་གཞུང་ཟེར་བ་དེ་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་ལ་གོ་མི་དགོས་པས། བོད་སྐད་དང་བོད་ཡིག་ཐོག་༼ བཙན་བྱོལ་བོད་གཞུང ༽ཞེས་བཏགས་ན་དྲང་བདེན་གྱི་རིན་ཐང་ལྡན་ལ་དོན་དངོས་ལ་གཞོལ་བ། ཐ་ན་བརྗོད་བདེ་ཞིང་དོན་འདུས་པ། དབྱིན་ཇི་ཐོག་ཏུ་(Council of Tibet in Exile)ཞེས་བཏགས་ན་བོད་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་དངོས་ཤིག་འགྲེལ་ན་གོ་ཆོག་ལ། ཡང་མཐའ་གཅིག་ཏུ་གོ་མི་དགོས་པར་གཞན་དུ་འགྲེལ་སླ་བས་བོད་མི་ཀུན་གྱི་སྐུ་ཚབ་ལ་ཡང་གོ་ཆོག ད་ལྟའི་དབྱིན་ཇིའི་ཐོག་ཏུ་ཡོད་པའི་མིང་(Central Tibetan Administration)ཟེར་མིང་དེ་ནི་དབྱིན་སྐད་མ་སྐད་པ་ཚོས་ཁྱད་མཚར་དོན་གྱིས་དབུལ་བ་ཞིག་ཏུ་མཐོང་གིན་འདུག་པས། བོད་ལ་བཀྲ་ཤིས་པའི་མ་འོངས་པ་དང་། དོན་འགྲུབ་པའི་བོད་མི་རིགས་ཀྱི་བསྟན་སྲིད་ཅིག་དགོས་ན་རྒྱལ་སྤྱིའི་མིག་ལམ་དུ་ངོ་ཚ་མི་དགོས་པའི་མིང་ཞིག་གི་གཞིར་བཟུང་ནས་དོན་ལེགས་པའི་ཕྱོགས་ལ་གོམ་སྟབས་བསྒྱུར་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། གནས་སྐབས་སུ་མིང་ལ་མི་ཐུག་པ་འདྲ་ཡང་། མིང་དོན་ལྡན་ཞིག་ནི་མ་འོངས་པའི་ཆབ་སྲིད་དང་མི་རབས་ལ་གལ་གནད་ཤིན་ཏུ་ཆེ།
དྲི་བ་གཞན་གཅིག་ནི། ༧གོང་ས་མཆོག་གིས། “ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་དམངས་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་བློ་བཟང་སེངྒེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། དམངས་གཙོ་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་མགོ་ཁྲིད་སྲིད་སྐྱོང་ལ་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད། ད་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་རྒྱུ་བྱུང་། དེ་འདྲ་ཡིན་དུས་སྲིད་སྐྱོང་ཞེས་བརྗོད་ན་“པོ་ལི་ཀྲི་ཀལ་ལི་ཌར་” (Political Leader)དང་ང་ཚོས་སྲིད་སྐྱོང་ཞེས་བརྗོད་པ་གཉིས་ཏག་ཏག་འགྲོ་གི་འདུག (Prime Minister)བརྗོད་ན་ཚིག་འདི་ཧར་པོ་ཞིག་འདུག” ཅེས་པ་སོགས་ཀྱི་ནང་དོན་གཅིག་མཚུངས་སུ། ༧གོང་ས་མཆོག་གིས་ལོ་གཅིག་གི་སྔོན་ནས་གསུངས་ཡོད་མོད། ད་དུང་ང་ཚོས་བཀའ་བློན་ཁྲི་པ་ཞེས་འབོད་ཀྱིན་ཡོད་པ་འདི་ནི། གོང་ན་རྒྱལ་པོའམ་དཔོན་པོ་ཞིག་མེད་བཞིན་དུ་བཀའ་བློན་འབོད་པའི་གཞི་རྩ་ཅུང་ཙམ་ཡང་མེད་བཞིན་དུ་བཀའ་བློན་འབོད་པ་འདི་སུ་ཞིག་གིས་འཆར་གཞི་དང་། གང་ཞིག་གི་དགོས་གནད་ཡིན་པ་ནི་ཕྲན་ལྟ་བུའི་བླུན་པོ་ཞིག་གིས་རྟོགས་ཤིན་ཏུ་དཀའ་བས་མཁྱེན་ལྡན་བྱམས་བརྩེ་ཅན་ཞིག་གིས་ཕྲན་དང་ཕྲན་ལྟ་བུ་རྣམས་ལ་གསལ་བཤད་རེ་གནང་མཁན་བྱུང་ན་བཀའ་དྲིན་ཤིན་ཏུ་ཆེ།
བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་ཁག་ཅིག་གི་བྱ་སྤྱོད་དང་དམིགས་ཡུལ་དགོས་གནད་རྣམས་ལ་ཕྲན་ནི་མགོ་རྨོངས་ཤིང་དྲི་བ་སྟོང་ཕྲག་གིས་འདེད་པའི་བརྒྱུད་རིམ་ཞིག་རེད། འོན་ཀྱང་ང་ཚོར་དྲི་བ་འདྲི་ཡུལ་ཞིག་ཡོད་པ་ནི་སེམས་མེད་གློག་གི་དྲྭ་རྒྱའི་རླབས་ཕྲེང་ཞིག་ལས་མེད་པས་རེ་ཞིག་འདིར་འཇོག་གོ །
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༢ ཉིན།
ཚེ་རིང་རྡོ་རྗེ་ལགས།
ཁྱེད་ཀྱིས་༧གོང་ས་མཆོག་གི་དགོངས་དོན་རྟོགས་ཡོད་མདོག་དང་། དད་པ་ཆེ་མདོག མ་ཟད་གཞན་དག་གིས་ཁྲེལ་མེད་ཀྱི་བྱ་བ་བྱེད་ཀྱི་ཡོད་མདོག་བཤད་འདུག་མོད། དོན་དངོས་ལ་སུ་ཡིས་བྱ་ངན་བྱས་པ་རེད། དྲྭ་མིང་ནས་སྨོས་ལ་ཤོད་དང་ལྟ་ཆོག ཁྱེད་ཀྱིས་ལན་རྒྱབ་ཤེས་ན་མི་ཕམ་ཚང་ཐིག་གིས་དྲི་བ་དྲིས་པ་ཁག་ལ་ལན་རྡོག་རྡོག་ཁ་གསལ་ཞིག་གནང་རོགས་ཞུ།
༧རྒྱལ་བ་རིན་པོ་ཆེ། གུས་པའི་ཆོས་སྲིད་ཀྱི་དབུ་ཁྲིད། མངོན་སུམ་ཚད་མའི་གྲུབ་པའི་འཕགས་མཆོག ལོས་རྒྱུས་ཀྱི་འགག་རྩ་ནས་བཞེངས་པའི་དཔའ་བོ། རྒྱ་དཀར་ནག་གི་ཆབ་སྲིད་ཀྱི་གཡོ་སྒྱུའི་འོག་ཏུ་ཁྱེད་ཀྱིས་བདེན་དོན་མང་པོ་ཞིག་ཡོངས་གྲགས་གནང་མ་བདེ་བར་མ་གསང་རང་གསང་བྱུང་ཡང་། ལོ་ངོ་དྲུག་ཅུར་གཉོར་བའི་ཁྲེལ་འདས་བྱིས་པ་འགའ་ཡིས་ཁྱེད་ལ་རྒོལ་བར་བརྩམས་བྱུང་། དུས་རྒྱུན་ཁྱེད་ཀྱིས་གནས་ལུགས་བརྗོད་ན་བསྲེག་བཅད་བརྡར་གསུམ་གྱི་དཔྱད་པ་དགོས་པའི་མན་ངག་ལན་ཚར་གྲངས་མེད་ཅིག་བསྐྱར་ཡང་། བབ་ཅོལ་དང་ཕྱོགས་ཞེན་ལ་གོམས་པའི་བྱིས་པ་ལང་ཤོར་དག་ནི་ས་ཕུག་ཁ་བྱང་ལྟ་རུ་འཛུལ་བས་བདེན་པའི་ཉི་ཟེར་གྱིས་ནམ་ཡང་མ་ཕན། ད་དུང་ཁྱེད་ཀྱི་རིན་ཐང་ངོ་མ་མི་རྟོགས་པའི་བུ་ཕྲུག་མང་པོ་ཡང་ཁྲེལ་འདས་དག་གི་འཆལ་སྒྲར་འུར་འདྲོགས་ལངས་ན། ཐུགས་ཕམ་གྱི་ཚོར་སྣང་རེ་ལོས་འཁྲུངས།
ཡིན་ནའང། དཔྱད་པ་གསུམ་གྱིས་འཁྲུལ་མེད་དུ་གྲུབ་པའི་ངེས་དོན་གྱི་༧སྐྱབས་མགོན་ལགས། ལོ་ངོ་དྲུག་ཅུའི་བྱམས་སྐྱོང་ཐོབ་པའི་བུ་ཕྲུག་གྲངས་མེད་ཅིག་ནི་དྲང་བདེན་སྐྱོར་བའི་རྟོགས་པ་སད་ཡོད་པས། ཁྱེད་ནི་སྐུ་གོང་མ་ལྟར་གྱི་དཔའ་བོ་དཔུང་མེད་ཁེར་རྒྱུག་ཅིག་གཏན་ནས་མིན། བདེན་པ་མཐོང་བའི་བུ་ཕྲུག་དག་གིས་ནམ་ཡང་གནས་ལུསག་ཀྱི་མདུན་ནས་མགོ་མི་སྒུར། ༧སྐྱབས་མགོན་ལགས། ཐུགས་ཕམ་མ་གནང་རོགས། ང་ཚོ་ནམ་ཡང་ཁྱེད་ཀྱི་བདེན་པའི་ལམ་སྟོན་གྱི་ཕྱི་བཞིན་འབྲང་གིན་ཡོད།
༼ཡིག་ནོར་ཞིག་བྱུང་བ་བཅོས་ནས་བསྐྱར་དུ་བཀོད་པར་དྲ་གྲོགས་ཚོར་དགོངས་དག་ཞུ་༽
འབྲུག་གྲགས་མ་རེད་ས་འབུ་རེད། །ས་འབུ་གྲགས་པས་ས་ཞིག་འཇིགས། །རྒྱ་མྱུལ་ཟེར་ན་མཐོ་དྲག་འདུག །རྒྱ་ལྡག་ཟེར་ན་འཚམས་ས་རེད། །
ཟམ་གདོང་གཞུང་བསད་ལག་མར་རེད། །ཁྱེད་རང་དེ་ཡི་རྗས་འཇུག་རེད། །རྒྱ་དམར་འཕོངས་མགོ་ཕྱི་མཁན་རེད། །རང་ཤ་ཁྱི་ལ་སྦྱིན་མཁན་རེད། །
འབྲུག་གྲགས་རྒྱལ་པོའི་བདེན་གཏམ་སྲོང་པོ་ལ། འཇིགས་མེད་སེངྒེས་རྒྱ་དམར་མྱུལ་མ་ཟེར། །ཞོ་ལྟར་ཆགས་པ་ཁྲག་བཞིན་དཀྲུག་པའི་ལས། །རྒྱ་དམར་མྱུལ་མ་མིན་པ་སུ་ཡིས་བྱེད། །
མི་ཕམ་ཚངས་ཐིག་མཆོག་བདེན་གསུང་རྡོ་རྗེའི་ཟེགས་ཕྲེང་ལ་བསམ་ཡོད་དང་གཟུར་གནས་སུ་འདྲ་ཞིག་ཡིནའང་མངོན་པར་རབ་ཏུ་བསྟོད་ངེས། འོན་ཀྱང་ཟམ་གདོང་འགོལ་བོ་བདེན་པ་རླུང་བསྐུར་གྱིས་བོད་བོད་ལུགས་ཟུང་ལ་སྒྲེང་བའི་དར་ནག་དེས་བོད་ཀྱི་ཁ་ལ་ཐལ་བ་བཏབ་ཞིག་ཡིན་པས་ད་སུ་ལའང་ཞུ་ཡུལ་རེ་ས་མེད་པར་ཡིད་ཕམ་གྱི་མཆི་མ་ཁོག་མིད་ནས་ཉི་མ་འགྲོ་ཐབས་དང་། ཐང་མ་སྐམ་བྱས་ནས་ཡོད། དེའང་ང་ཚོས་མགོ་གཏད་ས་དེས་ཀླད་ཕིག་པ་ཞིག་རེད་དོ།།
འབྲུག་གྲགས་རྒྱལ་བོ་མ་རེད་རྒྱ་དམར་གྱི་། །མྱུལ་མ་ཡིན་པས་རྟགས་ཀྱིས་གཡོ་རྒྱུའི་གཏམ། །གྲོས་གྲོས་ལྡན་པ་སུ་ཡིས་ཉན་འཇོག་སྲིད། །བཙན་པའི་བུ་རྒྱུད་ཡིན་ན་དེ་ཉིད་ཤེས།
དོན་དུ་དགོས་དབང་བྲལ་བར་མིང་བསད་མཁན། །སྔར་ལས་ལྷག་སྒྲུབ་མ་རེད་སྔར་འཇོམས་རེད། ། །གངས་ཅན་མིང་བྱིང་བསད་ནས་བསྒྲིག་འཛུགས་སུ། །བརྒྱུར་བའི་དོན་ལ་བློ་ལྡན་སུ་ཞིག་གུས། །དགོས་མེད་དོན་མེད་ཤེས་པས་ཞེན་པ་ལོག །
དགོས་དབང་མིང་ལ་ཇི་ལྟར་བཏགས་ན་ཡང་། །དགོས་པའི་ལས་དོན་སྔར་ལྷག་སྒྲུབ་བཞིན་མཆིས། །དགོས་པ་མེད་པས་ཚིག་ལ་མ་རྩོད་པར། །དགོས་པའི་བསྟན་སྲིད་ཞབས་ཞུར་འབད་གལ་ཆེ། །
དྲ་ཐོག་སྲིད་གཞུང་གི་སྲིད་འཛིན་ལ་ཨ་མཆོད་ཅིག་ཡོང་ས་རེད། ཧ་ཧ་ཧ་ཧ།
བདག་དང་ཁྱོད་ལ་མཁོ་བ་རང་ཡུང་རང་བདག་ཡིན།
བདག་དང་ཁྱེད་ཀྱིས་ནུས་པ་རང་ཁོག་སྟོང་པ་སྒྱོང་ནུས་ཙམ།
བདག་དང་ཁྱོད་ཀྱི་བསམ་པ་སྐྱིད་ཉལ་རྒྱགས་རྒྱུ་ཁོ་ན་ཡིན།
བདག་དང་ཁྱོད་ཀྱིས་བྱ་བ་གཞན་སེམས་དཀྲུགས་རྒྱུར་འབད་པ་རེ།
བདག་དང་ཁྱོད་ཀྱི་མངོན་འདོད་རང་རིགས་བདེ་བའི་ཆེད་དུ་ཕྱོགས་ན་ལེགས།
དྲ་གྲོགས་ལགས་ཀྱིས་དེ་རིང་བསྐྱར་དུ་འཁུན་སྒྲ་ཞིག་བསྒྲགས་འདུག གནད་དོན་འདིའི་ཐོག་ཨག་སྐད་རྒྱག་མཁན་དང་ཤོས་དང་མང་ཤོས་ཀྱི་ནང་དུ་ང་ཡང་ཡོད། ང་ཚོས་ཨག་སྐད་བརྒྱབ་ནས་ཕན་ཅང་ཐོགས་ཚོད་མི་འདུག
ཁྱེད་ཀྱི་ཚིག་ཟུར་ན་དབྱིན་སྐད་ཀྱི་ཚིག་དེ་government in exile ཞེས་པ་འདོགས་འདོད་མོས་གནང་གི་མེད་པ་འདྲ། ང་ལ་དེ་ལ་ཡང་འདོད་པ་མེད། government in exile དང་government གཉིས་ལ་ཁྱད་པར་ལོས་ཡོད། government ཞེས་བོས་ན་སྐྱོན་རེ་འབྱུང་སྲིད་མཐའ་ཙམ་ཡིན་སྲིད་ཀྱང་ government in exile ཞེས་བོས་ན་དེ་འདྲའི་ཉེན་ཁ་ཚ་བོ་ཞིག་ཡོང་དོན་ཡེ་ནས་མེད། ཉེན་ཁ་ཅུང་ཟད་རེ་ཡོད་ན་དེ་ལ་གདོང་ལེན་བྱེད་དགོས། འདི་ལ་གདོང་ལེན་བྱེད་རིན་ཀྱང་ཡོད། ཉེན་ཁ་ཅུང་ཟད་ཙམ་ཡང་མེད་པའི་ཉལ་ས་དྲོན་པོ་ཞིག་ལ་ང་ཚོས་རེ་བ་བྱེད་པ་ནི་རང་ཡུལ་སྟོར་ཟིན་པའི་མི་རིགས་ཤིག་ལ་ཡོང་སྲིད་དམ། འོན་ཀྱང་ད་ནི་ཚར་བ་རེད། ཁ་ཤེད་ཅན་དག་གི་དབང་ཤུགས་ལ་སོང་ནས་གཏན་པོ་ལམ་ཙམ་བཟོས་ཟིན་པ་རེད། ད་དགུལ་དགོས་ན་དེ་ལས་ཤུགས་ཆེ་བ་ཞིག་མེད་ན་སྒུལ་ཐུབ་ཀྱི་མ་རེད།
ད་ངའི་རེ་བ་གཞན་ཞིག་རྒྱག་གིན་ཡོད། མི་རིང་དེའི་སྐོར་ལ་ཞིབ་ཕྲའི་བསམ་ཚུལ་ཡང་འབུལ་རྩིས་ཡོད། དེ་ནི་སྲིད་གཞུང་གི་ས་གནས་སྤར་རྒྱུ་དེ་ཡིན། དེ་ནི་ས་ཐོག་གི་སྲིད་གཞུང་ལས་དྲ་ཐོག་ལ་འཕོ་རྒྱུ་དེ་ཡིན། དྲ་ཐོག་གི་སྲིད་གཞུང་ཟེར་བ་ཞིག་ཡོང་ཆོག་པར་མཐོང་། གལ་སྲིད་དེ་བྱུང་ན་དེ་དུས་འཆུག་མི་ཉན།
རིག་པ།
ཁྱེད་ཀྱིས་རྩོམ་ཡིག་འདིའི་བསམ་བློའི་རྒྱབ་ལྗོངས་ལ་རྒྱབ་སྐྱོར་མེད་མོད། རྩོམ་ཡིག་གི་གླེང་གཞིའི་གནད་དོན་དང་། གནད་དོན་གླེང་སློང་གནང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། གསུངས་འདུག་མོད། བསམ་བློའི་རྒྱབ་ལྗོངས་ལ་རྒྱབ་སྐྱོར་མེད་ཞེས་པའི་དོན་ཅི་ཡིན་དང་། རྒྱུ་མཚན་གང་ཡིན་ལ་གསལ་བཤད་ཞིག་གནང་ཐུབ་བམ།
མི་ཕམ་ཚངས་ཐིག་གིས་གནད་དུ་ཁེས་པའི་གསུངས་པར་་རྒྱབ་སྐྱོར་ལོས་བྱེད། ཡིན་ནའང་འབྲས་བུ་སྨིན་རྒྱུ་ཁ་པོ་རེད།
རྩོམ་ཡིག་འབྲི་སྟངས་དང་ཚིག་སྦྱོར་དེ་འདྲ་ཞིག་རེད།
ནམ་རྒྱུན་ཆབ་སྲིད་ཐོག་ཐུགས་སྣང་དང་རྩ་དོན་ལ་འགན་འཁྱེར་མཁན་ཞིག་གི་བཟོ་ལྟ་འདུག
རྩོམ་ཡིག་འདིའི་བསམ་བློའི་རྒྱབ་ལྗོངས་ལ་རྒྱབ་སྐྱོར་མེད་མོད། རྩོམ་ཡིག་གི་གླེང་གཞིའི་གནད་དོན་དང་། གནད་དོན་གླེང་སློང་གནང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།
Central Tibetan Administration
དབུས་བོད་མིའི་སྒྲིག་འཛུགས།
བདེན་པ་ཉིད་རྒྱལ་འགྱུར་ཅིག །
སྲིད་སྐྱོང་། བློ་བཟང་སེང་གེ།
མི་ཕམ་ཚངས་ཐིག་གིས་བཤད་པར་རྒྱབ་སྐྱོར་ཡོད།
བོད་གཞུང་དགའ་ལྡན་ཕོ་བྲང་ཕྱིར་བསྡུའི་སྔ་རྗེས་ཀྱི་༸བཀའ་མོལ་མང་པོའི་ནང་ནས་ངེས་དགོས་པའི་གནད་དོན་ཅིག་ནི་དབྱིན་སྐད་དུ་དེ་ལྟར་འབོད་མི་དགོས་པའི་རྒྱུ་མཚན་གསལ་བཤད་དང་།
རང་རེའི་སྐད་ཡིག་གཞུང་ཞེས་པར་སྐབས་སྟོབས་ཀྱི་གོ་རྒྱུ་མང་པོ་ཡོད་པའི་དངོས་ཡོད་ལ་བལྟས་ན། བོད་སྐད་དུ་བཙན་བྱོལ་བོད་གཞུང་ཞེས་མུ་སྤྱད་ན་མི་འོས་པ་དེ་འདྲ་གང་ཡང་མེད། གྲོས་ཚོགས་ཀྱི་ཚོགས་དུས་རྟག་པར་འདིའི་སྐོར་གླེང་མི་དགོས་པར་ད་ནས་སྔར་བཞིན་སོར་བཞག་གིས་བཀའ་ཤག་གི་ལོ་དུས་རེརེ་མིང་བྱང་རེ་བརྗེ་མི་དགོས་པར་གནང་འོས།
ཆབ་སྲིད་ཀྱི་དུས་མཚམས་གལ་པོ་ཆེ་འདིའི་ཆ་ཙམ་ལས་དངོས་དོན་ར་མ་འཕྲོད་པའམ། འཕྲོད་ཀྱང་དགོས་དབང་གིས་སྤྱོད་མཁན་མང་པོ་ཞིག་ཡོད་ཀྱང་། ཕྱི་མ་ནི་རང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ནས་ཡིན་གྱི་རེད། དེ་ལ་འདིར་ཤོད་མི་དགོས་པར། གཙོ་བོ་ནི་སྔ་མ་རྣམས་ཀྱི་ཆེད་སྣེ་མོར་་གཏོགས་པ་ཚོས་ཐོག་མར་རང་ཉིད་ཀྱིས་ཤེས་རྟོགས་དང་དེ་ནས་གཞན་ལ་དངོས་དོན་གསལ་བཤད་བྱ་རྒྱུ་ནི་ད་ལྟའི་སྐབས་འདིར་གལ་པོ་ཆེར་མཐོང་།
དེ་བཞིན་བཀའ་བློན་གྱི་ཚབ་ཏུའང་་སྲིད་སྐྱོང་ཞེས་སྤྱོད་དགོས་པའི་དགེ་མཚན་དང་རྒྱུ་མཚན་མང་པོ་ཞིག་ཉེ་དུས་གསུང་བཤད་དེ་ཚོའི་ནང་ནས་གསལ་རྟོགས་འོང་གི་མི་འདུག་གམ།
ངས་བལྟས་ན་ད་རེས་སླར་ཡང་གྲོས་ཚོགས་ཀྱིས་མིག་སྔར་ལ་དྭགས་དང་ཨེ་ཌ་ལིར་གནང་བའི་དེའི་སྐོར་གྱི་གསུང་བཤད་དག་སློབ་སྦྱོང་མཐིལ་ཕྱིན་པ་གནང་སྟེ། མ་འོངས་པར་འདིའི་སྐོར་ལ་གྲོས་ཚོགས་ཀྱི་དུས་ཚོད་སྐྱེལ་མི་དགོས་པར་བྱ་དགོས་སྙམ།
དུས་ཆོག་གི་ཆར་པ་ཞེས་པ་ལྟར་རྩོམ་ཡིག་འདིའང་དུས་ཐོག་གི་གཏམ་དུ་འཁུམས་སོ།།
ཁ་ཤེས་ཀྱིས་མི་ཕམ་ཚངས་ཐིག་ལ་ཁོས་མཚང་རྒོལ་ནང་ལ་བྱེད་ཀྱི་འདུག་ཟེར་ནས་སྡིག་ར་འཐེན་གྱི་འདུག་མོད། དྲང་མོ་བཤད་ན། གདམ་ངག་གི་མཆོག་མཚང་ལ་ཕོག་དགོས་ནི་རེད། གདམ་ངག་གཉེན་ལ་བཤད་དགོས་པ་ལས། དགྲ་ལ་རྒྱབ་བཤད་དགོས་པ་མ་རེད་མོད། ད་ཐང་ཁོང་གིས་ཤུགས་བསྟན་བྱས་འདུག མངོན་པར་བསྟོད་དོ།
ཨོ་་་ཡང་མི་ཕམ་ཚངས་ཐིག་གིས་བདེན་པའི་དྲང་ཐིག་བརྒྱབ་བྱུང་། འདི་ལ་བརྒོལ་ཐུབ་མཁན་མེད་ངེས། འོན་ཀྱང་དོན་མ་གོ་ན་ཚིག་རྩིག་རེ་བཤད་ན་ཐང་ཡ།
གོང་ས་མཆོག་ལ་གསུང་འདུག་བསམ་ཏེ། རེད་མི་འདུག ཡག་པོ་བྲིས་འདུག གལ་ཆེན་ཞིག་བྲིས་འདུག བཀའ་དྲིན་ཆེ། དངོས་གནས་རེད། ངོས་གནས་ཐུགས་བསམ་བཞེས་འདུག
འདི་ནི་གནད་འགག་ཧ་ཅིང་ཆེན་པོ་ཞིག་རེད། འདི་ལ་དངོས་བསྟན་དང་ཤུགས་བསྟན་མང་དུ་འདུག འདི་ཀུན་གྱིས་བསམ་བློ་གཟབ་གཟབ་ཞིག་བཏང་ན་ལེགས།