མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ གཞུང ” གི་སྲུང་མ་སུས་བྱེད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༦༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་ནས་སྤྱི་ཚོགས་ནང་བོད་གཞུང་ཕྱིར་བསྡུ་བྱས་ཏེ་མེད་པ་བཟོས་པ་རེད་ཟེར་མཁན་མང་པོ་བྱུང་སོང་། དེ་ལ་ང་རང་བློ་ཕམ་བྱུང་། བློ་ཕམ་དགོས་པའི་རྒྱུ་མཚན། ངས་ལོ་བཅུ་དྲུག་ནས་དོན་དྲུག་བར་བོད་གཞུང་བདག་པོ་བརྒྱབ་སྟེ་ཡོང་བ་ཡིན། དཀའ་ངལ་རིམ་པ་མང་པོ་བརྒྱུད་ནས་གཡས་སྐྱོར་གཡོན་སྐྱོར་བྱས་ཏེ་ཡོང་བ་ཡིན། ལོ་དྲུག་ཅུ་ཕྱིན་པའི་རྗེས་སུ་ངས་ཅིའི་ཕྱིར་བོད་གཞུང་ཕྱིར་བསྡུ་རྒྱག་གི་རེད་ཅེས་ཐུགས་ཕམ་ཆེན་པོ་མཛད་ཡོད། 

    ན་ནིང་ལོ་སྟོད་ཅིག་ནས་བཙན་བྱོལ་སྤྱི་ཚོགས་ནང་གོ་བརྡ་མ་འཕྲོད་པའི་གནས་ཚུལ་གསུམ་བྱུང་ཡོད། སྤྲོས་པའི་མཐའ་བརྒྱད་དང་བཅུ་དྲུག་གི་རྔ་མ་ད་དུང་ལྡོག་མེད། གཅིག་བྱས་ན་གོ་བརྡ་འཕྲོད་ཀྱང་མ་འཕྲོད་པའི་ཚུལ་མཛད་མཁན་ཡང་མང་པོ་ཡོད་པར་ངེས། གང་ལྟར། གནས་ཚུལ་དེ་དག་མི་མང་པོ་ཞིག་གི་ཀླད་དཀྱིལ་ནང་དུ་མ་ཤོང་བ་དང་། གློ་སྙིང་བར་ནས་མ་ཞུ་བའི་རྣམ་འགྱུར་སྣ་ཚོགས་བསྟན་ཡོད། དེ་༧གོང་ས་མཆོག་བོད་པའི་ཆབ་སྲིད་དང་འཛིན་སྐྱོང་ལས་བགྲེས་ཡོལ་གནང་རྒྱུ་དང་། གཞུང་ས་དགའ་ལྡན་ཕོ་བྲང་གི་མཚན་བྱང་བརྗེ་བསྒྱུར་བྱ་རྒྱུ། བཀའ་བློན་ཁྲི་པར་མཚན་དང་མཚན་ཐོབ་ཅི་ཞིག་སྤྲོད་རྒྱུ་འདི་རེད།

    དོན་གོ་ཞིང་སྨྲ་ཤེས་མཁན་ཞིག་ཡིན་ན་འདིའི་སྐོར་ལ་ནོར་ས་འཁྲུལ་ས་གང་ཡང་མེད། ༧གོང་ས་མཆོག་གིས་སྔ་རྗེས་ཐེངས་མང་གསལ་ཞིང་གསལ་བ་གསུངས་ཡོད། བོད་རྒྱལ་ཡོངས་ཚོགས་ཆེན་དང་སྤྱི་འཐུས་གྲོས་ཚོགས་ནང་སྦྱང་བཤད་སྔ་རྗེས་བྱས་ཏེ་ཐག་བཅད་ཚར་ཡོད། ལོ་རྒན་ལྔ་བཅུའི་རིང་དབྱིན་ཡིག་ནང་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་བཀོད་མྱོང་མེད། དེ་ལ་ད་བར་སྐད་རྒྱག་མཁན་དང་ངུ་ཤོར་མཁན་བྱུང་མེད། ན་ནིང་༧གོང་ས་མཆོག་བོད་པའི་ཆབ་སྲིད་ལས་བགྲེས་ཡོལ་གནང་། དགའ་ལྡན་ཕོ་བྲང་བོད་མིའི་འཛིན་སྐྱོང་ལས་ལོགས་སུ་ཐོན། བཀའ་བློན་ཁྲི་པའི་མཚན་ཡང་ངང་གིས་ནུབ་ནས་འགྲོ་སྐབས། ཐམ་ནས་ངུ་ཤུམ་རྒྱག་མཁན་དང་རུམ་ནས་རྨི་ལམ་གཏོང་མཁན་མང་པོ་འདུག

    ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་འདིར་ཡང་༧གོང་ས་མཆོག་གི་ཐུགས་མོས་དང་། རྒྱ་ཆེའི་མི་མང་གི་བཀའ་ལུང་ཐོབ་མེད། ༧གོང་ས་མཆོག་གིས་༼གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས༽ཞེས་འཐབ་རྩོད་ཀྱི་ངོ་བོ་མཚོན་པའི་མཚན་ཞིག་བསྩལ་ཡོད། ༼ སྲིད་སྐྱོང་བ ༽ཞེས་ལོ་རྒྱུས་ཀྱི་དཔང་པོར་རུང་བའི་མཚན་ཞིག་བསྩལ་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་མགོ་བྱས་ཏེ་བཙན་བྱོལ་ནང་གི་མགོ་དང་སྤྱི་ཚོགས་ཁྲོད་ཀྱི་རྐང་ཡིན་ཟེར་མཁན་གྲོས་ལ་དབང་བ་སྐོར་ཞིག་གིས་༧གོང་ས་མཆོག་གི་གསོལ་རས་ངོས་བཞེས་གནང་མེད།

    བོད་གཞུང་བསྡུ་གསོག་རྒྱབ་པ་མ་རེད། གཞུང་ཞེས་པའི་ཐ་སྙད་ཕྱིར་བསྡུ་བྱས་པ་རེད། ངྷ་རམ་ས་ལའི་སྒྲིག་འཛུགས་སྔར་བཞིན་གནས་ཡོད། བཙན་བྱོལ་བོད་གཞུང་དབུས་བོད་མིའི་སྒྲིག་འཛུགས་ལ་མཚན་སྒྱུར་ཞུས་ཡོད། འདི་བཤད་མཁན་ཞིག་གིས་སྨྲ་དག་པོས་བཤད་དགོས། ཉན་མཁན་ཞིག་གིས་དོན་གསལ་པོར་གོ་དགོས། བོད་གཞུང་གི་ཐ་སྙད་ཕྱིར་བསྡུ་བྱས་པར་མོས་མཐུན་མེད་ཟེར་ན་དེ་ནི་དོན་དག་གཞན་ཞིག་རེད། རྒྱལ་ཁབ་གཅིག་གི་འོག་ཏུ་ཏཱ་ལའི་བླ་མའི་མཚན་དང་བྲལ་བའི་གཞུང་གཉིས་པ་ཞིག་གྲ་མ་ཉམས་གྲུ་མ་ཞིག་པར་འཛིན་པའི་ནུས་པ་སུ་ལ་ཡོད།   

            ༸གོང་ས་མཆོག་གིས་ཨི་ཊ་ལི་ནས་འདི་ལྟར་གསུངས་ཡོད། བྱ་ཕྲུག་མའི་སྦོ་འོག་ནས་དྲོད་ཟེར་བ་ལྟར། ཏཱ་ལའི་བླ་མའི་མིང་འདིའི་འོག་ནས་ང་ཚོའི་དགའ་ལྡན་ཕོ་བྲང་གི་གཞུང་འདི་ཏཱ་ལའི་བླ་མའི་སྒྲིག་འཛུགས་(Institution)ཡིན་པ་ལྟ་བུ་བྱས་ཏེ་འགྲིག་གི་ཡོད། ད་ཆ་གསལ་པོ་བྱས་ནས་བཤད་ན་ང་དགོངས་པ་ཞུས་ཏེ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་མེད་པར་ཕྱིར་ཐོན་ཡང་གཞུང་ཞེས་པའི་མིང་འདི་ལྷག་བསྡད་ན་གཟབ་གཟབ་མ་བྱས་ཚེ། རྒྱ་གར་གཞུང་ནང་དོན་ཐོག་ང་ཚོར་ཤ་ཚ་ཡོད་ཀྱང་། ཆབ་སྲིད་འགྲོ་སྟངས་ཐོག་ནས་བོད་གཞུང་ཟེར་བ་ཡོད་པ་མ་རེད་ཅེས་རྒྱ་གར་གཞུང་གི་ངོས་ནས་བཤད་དགོས་པ་ཆགས་ན་ཡག་པོ་མེད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese