གཟའ་ལྷག་པའི་ཉིན་མདོ་སྨད་རྭ་རྒྱ་དགོན་པའི་ཉེ་འདབས་གནས་རི་སེམས་ལུང་དུ། རྒྱ་གཞུང་གིས་གནས་རི་བསྔོག་འདོན་བྱ་རྒྱུར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་བྱས་འདུག
འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། མདོ་སྨད་རྭ་རྒྱ་དགོན་པའི་ཉེ་འདབས་ཆུ་བ་སྡེ་བའི་གནས་རི་སེམས་ལུང་དུ། རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་དངོས་སུ་མགོ་རྩོམ་འཆར་གྱིས། ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གཞུང་འབྲེལ་ཡོད་དཔོན་རིགས་རྣམས་གཏེར་ཁ་བསྔོག་འདོན་གྱི་ས་ཆར་ལྟ་སྐོར་དུ་ཡོང་གཏན་ཁེལ་ཡོད་སྟབས། གནས་རི་སེམས་ལུང་གི་སུམ་མདོ་རུ་ས་གནས་མང་ཚོགས་ཀྱིས་གུར་བརྒྱབ་སྟེ་འདུ་འཛོམས་བྱས་ཐོག རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་ ༤༤ ནང་འཁོད་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཁྲིམས་ཡིག་སོགས་འཕྲད་དར་སྟེང་བྲིས་ནས་རི་ངོས་སུ་འཐེན་ཏེ། གནས་རི་སེམས་ལུང་དུ་གཏེར་ཁ་བསྔོག་འདོན་བྱ་རྒྱུར་བཀག་འགོག་གི་ལས་འགུལ་སྤེལ་ཡོད་པ་མ་ཟད། སྡེ་མི་སྐོར་ཞིག་ས་གནས་ཁུལ་སྲིད་གཞུང་དང་ཞིང་ཆེན་ལ་གཏུགས་བཤེར་དུ་ཕྱིན་ཡོད་འདུག
མང་ཚོགས་ཀྱི་ངོ་རྒོལ་གནས་ཚུལ་དེ་བྱུང་རྗེས། ས་གནས་རྒྱ་གཞུང་གིས་མི་སྣ་ཆེད་གཏོང་བྱས་ཏེ། གནས་རི་སེམས་ལུང་གི་སུམ་མདོ་རུ་འདུ་འཛོམས་བྱས་ཡོད་པའི་མང་ཚོགས་ལ་རྒྱང་ནས་པར་བརྒྱབ་སྟེ་ཕྱིར་ལོག་ཡོད་པ་ཙམ་ལས། ད་ལྟའི་ཆར་དམིགས་བསལ་བཀའ་རྒྱ་དང་དམག་མི་ཆེད་གཏོང་གིས་མང་ཚོགས་ལ་དྲག་གནོན་ཉེས་རྡུང་རིགས་གང་ཡང་བྱུང་མི་འདུག
གསར་འགོད་པ། ཚེ་རིང་རྒྱལ།
རེད་འདི་རེད། སྣེ་འདི་དག་རྨང་གཞིའི་ངོ་རྒོད་བྱེད་སྟངས་ཡིན་ནི་རེད།
ཉེ་སྔོན་རེབ་གོང་སེང་གེ་གཞུང་མི་དམངས་ཀྱིས་རྒྱ་གཞུང་ལ་ངོ་རྒོད་བྱེད་སྟངས་དང་།
ད་ཐེངས་རྭ་རྒྱའི་མི་དམངས་ཀྱིས་ངོ་རྒོད་བྱེད་སྟངས་འདི་ཧ་ཅང་གི་གནད་འགག་ཞིག་རེད་ལ། ཡང་གཅིག་བཤད་ན་རྨོངས་བརྟོལ་གྱི་ངོ་རྒོད་རྣམ་པ་ཞིག་མངོན་ཡོང་དུས་ཕྱོགས་ཡོངས་ནས་འདི་འདྲའི་རིགས་ལ་གཞོལ་དགོས་རྒྱུ་གལ་ཆེན་རེད།
མ་ཟད་ང་ཚོའི་གཞུང་གི་དམུགས་ཡུལ་ཡང་འདི་ཡིན་ནི་རེད།
རྨ་རྒྱལ་སྦོམ་རའི་རྩ་བ་བསྔོགས་ཐལ། ། རྨ་ཆུ་སྔོན་མོ་སྐེད་ནས་བཀག་ཐལ། ། རྭ་རྒྱའི་རི་སྲུང་ལས་འགུལ་འདི་ལ། ། རེ་བ་ཡོད་ནི་རེད་ན་བཀའ་འགྱུར། །
ད་ཡིན་ན། རྐང་འོག་གི་ས་ག་ལེར་ཤོར་ནས་མི་རྣམས་བསྡད་ཐུབ་མེད་པ་བཟོ་བཞིན་པ་རེད། དཔའ་བོ་རྣམས་སྔ་མོ་ནས་ལམ་ལ་ཆས་ཟིན་པ་རེད། ཡིན་ནའི། བྲོས་བྱོལ་སྤྱི་ཚོགས་ཁྲོད་ད་དུང་ལྟ་གྲུབ་འདྲ་གླེང་། རེ་བ་མེད་ས་ཞིག་ལ་རེ་བ་ཡོད་མདོག་གི་སྐད་ཆ་འདྲ་ལབ། མང་གཙོ་གསོལ་རས་བསྩལ་ཡོད་བཞིན་དུ་ཕྱིར་བསྡུའི་ལམ་ནང་གཞོལ། ལྷན་རྒྱས་ཆུ་ཚོད་མང་པོ་ཡོད་ས་རེད་དེ། བོད་ནང་དུ་ཆུ་ཚོད་ལྷག་ཡོད་པ་མ་རེད། ཤི་གསོན་གཉིས་ལས་གཅིག་གདམ་དགོས་ཐུག་བསྡད་ཡོད་པ་རེད།