གཟའ་སྤེན་པ་ནས་དུས་ཡུན་ཉིན་གཉིས་རིང་ཧྥ་རན་སིའི་རྒྱལ་སར་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་འཚོཊ་འཆར་ཡོད་འདུག
ཕྱི་ལོ་ ༢༠༠༩ ལོ་ནས་ལོ་ལྟར་ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སིར་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་གོ་སྒྲིག་ཞུ་བཞིན་པ་ལྟར། ད་ལོའི་བོད་ཀྱི་རིག་གཞུང་དུས་སྟོན་དེ་ཟླ་འདིའི་ཕྱི་ཚེས་ ༨ ནས་ ༩ ཉིན་བར། ཉིན་གྲངས་གཉིས་ཙམ་རིང་ཧྥ་རན་སའི་རྒྱལ་ས་ཕཱ་རེ་སིར་འཚོཊ་གཏན་ཁེལ་ཡོད་འདུག་ལ། ཐེངས་འདིའི་དུས་སྟོན་སྐབས་ལས་འགུལ་གྱི་རྣམ་གྲངས་ཁག་ནི། རྗེ་བཙུན་སྒྲོལ་མའི་དཀྱིལ་འཁོར་བཞེངས་རྒྱུ་དང་། ནང་ཆོས་དང་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གྱི་པར་རིས་འགྲེམས་སྟོན། བོད་ལུཊ་གསོ་རིག་གི་ཕུར་ཉེལ་ཁྲིད་སྤེལ། བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་ཆས་གོས་འགྲེམས་སྟོན།བོད་ཀྱི་དངོས་བྱུང་གློག་བརྙན་སྟོན་རྒྱུ། བོད་ཀྱི་ཟློས་གར་འཁྲབ་སྟོན།བོད་ཟས་ཚོང་འགྲེམས། བོད་པའི་དངོས་ཟོག་ཚོང་འགྲེམས། བོད་ཀྱི་ཐང་ཀའི་རི་མོ་དང་བོད་ཀྱི་ཡིག་གཟུཊ་བཅས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག