མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཟབ་གཟབ་མ་བྱས་ན་བོད་མི་ཚོ་འགྱོད་པ་སྐྱེ་པའི་ཉི་མ་ཞིག་ཤར་སྲིད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ཉི་མའི་
ཉིན་ངྷ་སར་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་བྱས་ཏེ། ཚོཊ་གཙོ་སྤེན་པ་ཚེ་རིང་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། བཀའ་ཟུར་ཐུབ་བསྟན་ལུང་རིཊ་བཅས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ་སོང་།  

ངྷ་རམ་ས་ལའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུཊ་སྒར་ངྷ་སའི་དྲན་གསོའི་དཔའ་བོའི་རྡོ་རིང་མདུན་ཐང་དུ་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་ཞུས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཀའ་ཤག་སྐུ་ཚབ་ཏུ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དམིཊ་བསལ་སྐུ་མགྲོན་དུ་བཀའ་ཟུར་དང་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་མཆོག་གཙོས། སྤྱི་འཐུས་དང་སྤྱི་ཟུར། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། སེར་སྐྱ་མང་ཚོཊ་དང་སློབ་ཕྲུག་བཅས་ཁྱོན་མི་ ༥༠༠ ལྷག་འཛོམས་ཡོད།

མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་པ་དབུ་བཞུཊ་ཐོག་བོད་ཀྱི་ཟློས་གར་ཚོཊ་པས་རྔ་རོལ་དང་བཅས་བདེན་ཚིག་སྨོན་ལམ་སྐྱོར་རྗེས། ཚོཊ་ཞུཊ་པ་ཚོས་བོད་ནང་མེར་བསྲེཊ་བཏང་བའི་བོད་མི་ཚོར་མྱ་ངན་ངག་བཅད་སྐར་མ་གཅིག་དང་། ཉིན་དེར་དབུ་མའི་ལམ་ལས་འགུལ་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལཊ་སུ་ཞི་བའི་འཐབ་རྩོད་པའི་གཟེངས་རྟཊ་འབུལ་བཞེས་གནང་ཡོད་ལ། གོ་སྒྲིག་པས་ངོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་བོད་སྐྱོད་པ་གླིང་ཚ་མ་སྨད་གཉིས་ལ་གཟིམ་ཆུང་མཇལ་ཁ་བསྩལ་ཏེ། ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་དང་བཅས་བཀའ་སློབ་གནང་ཡོད་འདུག

མཛད་སྒོའི་ཐོག་མར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལས་རོཊ་བློ་བཟང་ཆོས་འབྱོར་ལཊ་ཀྱིས། དབུ་མའི་ལམ་གྱི་ཐོག་མའི་ཡོང་སྟངས་དང་འཕེལ་རིམ། དེའི་གྲུབ་འབྲས་སྐོར་མང་ཚོཊ་ལ་ངོ་སྤྲོད་དང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་བཙན་བྱོལ་བོད་མིའི་གཞིས་ཆཊ་ཁག་ཏུ་ཟབ་སྦྱོང་ཅི་སྤེལ། སྤྱི་ཚོཊ་ནང་མང་གཙོ་དང་ཆབ་སྲིད་ཁ་ལ་ཁྱེར་ཏེ། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

དེའི་རྗེས་བཀའ་ཟུར་ཐུབ་བསྟན་ལུང་རིཊ་མཆོག་གིས་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་གནས་སྟངས་དང་གླིང་ཆེན་ཨེ་ཤ་ཡར་ཐད་ཀར་འབྲེལ་བ་ཆཊ་ཡོད་པ་ཞིག་དང་། ༸གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི། རྒྱ་རིཊ་མང་ཚོཊ་ཀྱི་ཁེ་ཕན་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བའི་ཡང་དག་གི་སྲིད་བྱུས་ཤིག་དང་། སྲིད་བྱུས་དེར་རྒྱ་ཆེའི་བོད་རིཊ་མང་ཚོཊ་མང་ཆེ་བས་ཚད་མཐོའི་རྒྱབ་སྐྱོར་དང་། སྤྱི་འཐུས་ལྷན་ཚོཊ་ཀྱིས་སྤྱི་མོས་ཐོག་གཏན་ལ་ཕབ་པ་ཞིག་ཡིན་སྟབས། གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་དང་། གཞི་རིམ་མང་ཚོཊ་བཅས་ཀྱིས་སྲིད་བྱུས་དེར་བརྩི་བཀུར་དང་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ། བར་ལམ་ནས་བཙན་བྱོལ་བོད་མིའི་དྲ་རྒྱ་ཁག་ཏུ་ཁག་ཏུ། དྲ་རྒྱ་རྩོམ་སྒྲིག་པས་ཟིན་བྲིས་ནང་མཆན་རྒྱག་མཁན་ཚོར་སྟངས་འཛིན་ཡག་པོ་མ་བྱས་པའི་སྟབས་ཀྱིས། སྨྱུག་མིང་བེད་སྤྱོད་གཏོང་མཁན་ཁག་ཅིག་གིས་༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་སྐུར་འདེབས་ཞུ་བཞིན་ཡོད་སྐོར། བཙན་བྱོལ་སྤྱི་ཚོཊ་ཁྲོད་ཀྱི་ན་གཞོན་སློབ་ཕྲུག་ཚོར་བོད་ཡིག་གཅེས་འཛིན་གྱི་འདུ་ཤེས་མེད་པར་ཤེས་ཡོན་དང་ཀུན་སྤྱོད་གང་ཐད་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ད་ལྟའི་དུས་རབས་འདི་དཔལ་འབྱོར་གྱི་དུས་རབས་ཤིག་དང་། འཛམ་གླིང་སྲིད་བྱུས་ཀྱང་དཔལ་འབྱོར་སྲིད་བྱུས་དང་འབྲེལ་བ་ཆཊ་ཡོད་སྟབས། རྒྱལ་ཁབ་སུ་ཡིན་རུང་རྒྱ་ནག་ལ་དཔལ་འབྱོར་ཐོག་བསྟུན་མཁས་མི་བྱེད་ཐབས་མེད་དུ་གྱུར་ཏེ། བོད་པའི་གནས་སྟངས་ཐོག་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་བྱ་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་སྐོར་དང་། དེ་སྔོན་ཝེ་ཊི་ནམ་གྱི་ནང་པའི་དགེ་སློང་ཞིག་གིས་རང་ལུས་མེར་བསྲེཊ་བཏང་རྗེས། རྒྱལ་སྤྱིའི་སྟེང་ལོ་ ༢༠ ཙམ་གྱི་རིང་དམག་འཁྲུག་མཚམས་འཇོག་དགོས་པའི་གནས་སྟངས་བྱུང་ཡོད་ཅིང་། རྒྱལ་ཁབ་ཁག་ཅིག་ཏུ་མེར་བསྲེཊ་གནས་ཚུལ་གྱི་རྐྱེན་པས་སྤྱི་ཚོཊ་ནང་གསར་བརྗེ་ཤུཊ་ཆེན་པོ་བྱུང་ཡོད་ཚུལ། བོད་ནང་མེར་བསྲེཊ་གཏོང་མཁན་ ༥༡ ཙམ་བྱུང་ཡོད་ཀྱང་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲཊ་ཙམ་ལས་རྒྱབ་སྐྱོར་ཆེན་པོ་ཐོབ་མེད་པ་དེ། གཙོ་བོ་རྒྱལ་ཁབ་བར་གྱི་དཔལ་འབྱོར་གནས་སྟངས་ལས་བྱུང་བ་ཞིག་ཡིན་སྐོར། བོད་མི་ཚོས་རྒྱ་བོད་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ལ་ཕན་པའི་ལམ་དབུ་མའི་སྲིད་བྱུས་ཕར་བཞག་སྟེ། རང་བཙན་དང་དེ་མིན་གྱི་ལམ་ཁ་གཞན་ཞིག་ཏུ་བསྐྱོད་ན། གཟབ་གཟབ་མ་བྱས་ཚེ་ཉིན་ཞིག་བོད་མི་ཚོར་འགྱོད་པ་སྐྱེ་རྒྱུའི་དུས་ཚོད་ཅིག་ཤར་སྲིད་པའི་སྐོར་ནན་བརྗོད་གནང་ཡོད།

བཀའ་ཟུར་མཆོག་གིས། “དེང་སྐབས་ཁག་ཅིག་གིས་དབུ་མའི་ལམ་གྱི་གྲུབ་འབྲས་ཐོན་གྱི་མི་འདུག རང་བཙན་ཐོག་འགྲོ་དགོས་ཀྱི་འདུག་ཟེར་ནས་སེམས་ཚོར་དང་འདྲེས་ཏེ་གསུང་བསྡད་ཀྱི་ཡོད། ཚོར་བ་ནི་ཚོར་བ་རང་རེད། ཚོར་བ་འཕར་རྒྱུ་ཡོད་ལ་ཆཊ་རྒྱུ་ཡང་ཡོད། དེ་ཁ་ཐུག་གི་ཁོར་ཡིག་དང་འདྲེས་ཏེ་འགྲོ་ཡ་ཞིག་རེད། ང་ཚོའི་འཐབ་རྩོད་ཁོར་ཡུག་དང་ཚོར་བ་འདྲེས་ཏེ་འགྲོ་ཡ་ཞིག་མིན་པར་ཕུཊ་ཀྱི་གནད་དོན་ཞིག་དང་འབྲེལ་བ་ཆཊ་ཡོད་དུས། དེར་ཚང་མས་གཟབ་གཟབ་གནང་དགོས་པ་རེད། ད་ཆར་འཛམ་གླིང་སྟེང་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་དེ། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བྱུང་བ་མ་རེད་ཅེས་སུ་གཅིག་གིས་ལབ་ཐུབ་ཀྱི་མེད”ཅེས་གསུངས།

བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བཀའ་ཤག་སྐབས་སྔོན་མའི་དུས་ནས་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་ལས་བསྡོམས་དང་འབྲེལ་བའི་ཚོཊ་འདུ་ཁག་ཏུ། གཞུང་འབྲེལ་གྱི་སྐུ་ཚབ་གཏོང་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་ཀྱང་། དབུ་མའི་ལམ་གྱི་ཚོཊ་འདུའི་ངོ་བོ་ལོཊ་ཀ་ཡིན་སྟབས་ཚོཊ་ཐོག་ཏུ་བཅར་བ་ཡིན་ཚུལ་ངོ་སྤྲོད་དང་འབྲེལ། “དབུ་མའི་ལམ་གྱི་སྲིད་བྱུས་དེ་མང་ཚོཊ་ཀྱི་འདོད་པ་གཞི་རྩར་བཞག་སྟེ། སྤྱི་འཐུས་གྲོས་ཚོཊ་ཀྱིས་སྤྱི་མོས་ཐོག་གཏན་ལ་ཕབ་པ་ཞིག་ཡིན་དུས། སོ་སོའི་བྱེད་སྟངས་མང་གཙོའི་འགྲོ་ལུཊ་དང་མཐུན་གྱི་ཡོད་མེད་ཐོག་བསམ་བློ་གཏོང་དགོས་པ་རེད། ཁ་ཤས་ཀྱིས་འཐབ་རྩོད་ཐོག་ང་ཚོར་རང་དབང་ཡོད་བསམ་ཀྱི་ཡོད་པ་རེད། ཁ་ཤས་ཀྱིས་རྒྱ་གར་གྱི་འཐབ་རྩོད་ལ་དཔེ་ལྟ་གི་འདུག་ལ། ཡང་ཁ་ཤས་ཀྱིས་རང་བཙན་ཡོད་བསྡད་པའི་ལུང་པ་ཁག་ལ་དཔེ་ལྟ་གི་འདུག དེ་ཚོ་རྦད་དེ་ནོར་ཡོད་པ་རེད། ང་ཚོའི་གནས་སྟངས་དེ་གང་འདྲ་ཆཊ་འདུག རྒྱ་གར་རང་བཙན་རྩོད་སྐབས་བཙན་བྱོལ་གཞུང་ཡོད་པ་མ་རེད། རྒྱ་གར་རྒྱལ་ཁབ་ཡོངས་རྫོཊ་དབྱིན་ཇིའི་སྲིད་དབང་འོག་ཡོད་སྐབས་གཞུང་དེ་རང་ཆཊ་ཡོད། མི་མང་གི་ངོས་ནས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཏེ་ཆིག་སྒྲིལ་གྱི་ནུས་པ་བཏོན་ཡོད།”ཅེས་གསུངས། 

བཀའ་བློན་མཆོག་གིས། “ང་ཚོ་མ་འདྲ་བ་ག་རེ་ཡོད་པ་རེད་ཟེར་ན། བོད་རྒྱ་གཉིས་ལོ་རྒྱུས་ཐ་དད་ཡིན་པའི་རྒྱལ་ཁབ་གཉིས་རེད། དེ་རིང་ཉིན་མོ་འདིར་ང་ཚོའི་རྒྱལ་ཁབ་བཙན་དབང་འོག་ལྷུང་ཡོད། རྒྱ་ནག་གི་དབང་སྒྱུར་འོག་ལྷུང་བསྡད་པའི་སྐབས་ལ། ༸གོང་ས་མཆོག་གི་ཐུཊ་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོར་འདིར་ལོ་རྒྱུས་ཀྱི་རྒྱུན་མཐུད་པའི་སྒྲིག་འཛུཊ་ཤིག་ཡོད་པ་རེད། མི་དམངས་ཀྱི་སྐུ་ཚབ་བྱས་ཏེ་གཞུང་ཞིག་གི་ངོ་བོའི་ཐོག་ཐག་གཅོད་བྱས་པའི་གཞུང་འདི་ཚང་མས་བརྩི་དགོས་ཀྱི་རེད་དང་མ་རེད། དེ་མ་ཡིན་པར་གཞུང་འགྲོ་སའི་ལམ་ཁ་གཅིག་དང་། ང་ཚོ་རང་དབང་དང་དམངས་གཙོ་ཡིན་ཟེར་ནས་ཚུར་བེད་སྤྱོད་བཏང་སྟེ། ལམ་ཁ་གཞན་ཞིག་ལ་ཕྱིན་པ་ཡིན་ན། དེ་སུ་ལ་ཕན་གྱི་ཡོད་པ་རེད། དེ་སུ་ལ་དགོས་པ་ཆཊ་ཀྱི་རེད། དམངས་གཙོའི་སྤྱི་ཚོཊ་ནང་བསམ་ཚུལ་འདྲ་མིན་ཡོང་ཆོག་གི་རེད། བསམ་ཚུལ་འདྲ་མིན་གསུང་ཆོག་གི་རེད། ད་ལྟ་ཡོད་བསྡད་པའི་སྲིད་བྱུས་འགྱུར་ལ་གཏོང་དགོས་ལབ་ན། ང་ཚོ་ནང་ཁུལ་དུ་གོ་བསྡུར་བྱས་ཏེ་འགྱུར་བ་གཏོང་རྒྱུའི་སྐད་ཆ་བཤད་ན་དམངས་གཙོའི་འགྲོ་སྟངས་དེ་རེད། དེ་མ་གཏོཊ་གནང་ཕྱོགས་དེ་ཕྱོཊ་འགལ་ཚོཊ་པ་ཞིག་ཡིན་པའི་བཟོ་འདྲ་བོ་བྱས་ཏེ། ད་ལྟའི་གཞུང་གི་བྱེད་ཕྱོགས་ནུས་མེད་བཟོ་ཐབས་བྱེད་ཀྱི་འདུག དེ་སུ་ཞིག་ལ་དགོས་པའི་ལས་ཀ་རེད། དེའི་ཐོག་དགོངས་པ་བཞེས་རྒྱུ་དེ་གལ་ཆེན་པོ་རེད། དབུ་མའི་ལམ་མིན་པའི་ཐབས་ལམ་གཞན་པ་ཡོང་མི་ཆོག་ཟེར་མཁན་ནམ་ཡང་ཡོད་པ་མ་རེད། དེ་ལས་གཞན་པའི་ལམ་ཁ་གཞན་ག་རེ་ཡིན་ན་འཆར་གཞི་བསྣམས་ཕེབས་རོཊ་གནང་། ཡིན་ནའང་། ཡོང་སྟངས་དེ་དམངས་གཙོའི་འགྲོ་ལུཊ་ཤིག་གི་ཐོག་ནས་ཡོང་དགོས་པ་རེད།”ཅེས་གསུངས།  

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་ཐོག་མར་བཙན་བྱོལ་དུ་ཕེབས་སྐབས། རྒྱ་གར་སྲིད་བློན་ནེ་རུ་མཆོག་གིས་བོད་རང་བཙན་ལ་ངོས་ལེན་མ་བྱས་པའི་སྔ་ཕྱིའི་རྒྱབ་ལྗོངས་དང་། ༸གོང་ས་མཆོག་གིས་བོད་མིའི་མདུན་ལམ་ཐོག་དགོངས་བཞེས་གནང་སྟེ་དུས་ཡུན་རིང་པོར་སྐུ་ལས་བསྐྱོན་ཚུལ་དང་། བོད་ཀྱི་གནད་དོན་རྒྱ་གཞུང་དང་གདོང་ཐུག་གིས་ཐག་གཅོད་དགོས་པ་དང་། གནད་དོན་དེ་སེལ་བར་མཁྲེཊ་པའི་ལངས་ཕྱོཊ་བཟུང་ན་འགྲིག་གི་མེད་སྟབས་ལམ་དབུ་མའི་སྲིད་བྱུས་ཀྱི་དགོངས་ཚུལ་བཏོན་ཏེ། དེར་མང་ཚོཊ་ཀྱིས་རྒྱབ་སྐྱོར་ཐོག་གྲོས་ཚོཊ་ནས་སྤྱི་མོས་གཏན་འབེབས་བྱུང་ཡོད་སྐོར་ངོ་སྤྲོད་གནང་སྟེ། མ་གཞི་རང་བཙན་རྩོད་མཁན་ཚོས་རང་བཙན་རྩོད་རྒྱུ་ནི་སོ་སོའི་ཐོབ་ཐང་ཆཊ་ཡོད་རུང་། ཆིག་སྒྲིལ་གྱི་ནུས་པ་འཐོར་བཤིག་ཏུ་མ་འགྲོ་བ་ཞིག་གནང་དགོས་རྒྱུ་དང་། འབར་མ་དང་རྒྱ་ནག་མང་གཙོ་དོན་གཉེར་བའི་ཁྲོད། ནང་ཁུལ་དུ་ཁ་མ་འཆམ་པའི་གནས་སྟངས་འོག་ཚོཊ་པ་ཁག་དུམ་བུ་མང་པོར་གྱུར་ཡོད་སྟབས། བོད་རིཊ་མང་ཚོཊ་ནང་ཆིག་སྒྲིལ་ནུས་པ་སྲ་བརྟན་དུ་གནས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ། ང་ཚོའི་འཐབ་རྩོད་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་རྗེས། བོད་མི་ནང་ཁུལ་དུམ་བུ་མང་པོ་ཆཊ་ན། གནས་སྟངས་ཉེན་ཁ་ཅན་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་དང་། འདས་པའི་ལོ་ ༦༠ རིང་དམངས་གཙོའི་འཕེལ་རིམ་དང་ཆབ་སྲིད་ལངས་ཕྱོཊ་ཐོག་སྐུ་མདུན་གྱིས་སྐུ་ལས་མང་པོ་བསྐྱོན་ཏེ། བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་ཚད་མཐོ་པོ་བསླེབས་བཅུག་ཡོད་པ་དེ། བོད་མི་ཁག་གིས་ལོ་ ༥ ནས་༡༠ ནང་མེད་པ་བཟོས་ན་གང་ཆཊ་མིན་དང། བོད་པའི་རྩ་དོན་རྒྱལ་སྤྱིའི་ཐོག་བསྐྱར་དུ་བསླངས་དགོས་ན་དེར་དཀའ་ངལ་ག་ཚོད་ཡོད་མེད། མ་འོངས་པའི་ལོ་ ༡༠ ནས་ ༡༥ བར་༸གོང་ས་མཆོག་གི་སྐུ་གཟུཊ་གནས་བབ་དང་། རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ་གང་འདྲ་ཆཊ་ཀྱི་ཡོད་མེད་ཐོག་གཏམ་བཤད་སྤེལ་སོང་།  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་གི་བཀའ་དགོངས་ལ། །
    གཟབ་གཟབ་མ་བྱས་ལྷོད་འགྱུར་ན། །
    ཕྱི་ནང་བོད་རིགས་ཡོད་ཚད་ལ། །
    འགྱོད་པ་སྐྱེ་པའི་ཉིན་ཤར་སྲིད། །

    Reply
  2. མྱི་དཀར says:
    ལོ་ 13 སྔོན།

    ཚོགས་གཙོ་མཆོག་གི་གསུངས་བ་དེ་ངོ་མ་བདེ་པ་རེད་སྤྲིར་ང་ཚོ་ཡང་གཞན་དང་འདྲ་པར་མང་གཙོའི་ལུང་པ་ཞིག་ཡིན་ཙང་སོ་སོའི་ལྟ་བ་དང་གྲུབ་མཐའ་གང་ཡིན་གྱང་དེ་ལ་དགག་གཞག་མེད་པའི་ཐོག་ནས་གཞུང་དང་མཐུན་ལམ་ཡོང་བ་གལ་ཆེན་པོ་རེད་ཁྱོད་ཀྱི་ལྟ་བ་རང་བཙན་དང་ང་ཡིའི་ལྟ་བ་དབུ་མ་བྱས་བའི་རྩོད་པ་དེ་བཞག་ནས་རྩ་བའི་འབབ་ས་གཅིག་གི་ཐོག་ལ་འབབ་ན་དེ་ནི་ཆིག་སྒྲིལ་རེད།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གཞུང་དམངས་ཀྱི་ཆིག་སྒྲིལ་ནི་སྔར་བཞིན་ཡིན་ཡང་བར་ལམ་འགལ་འདུ་མེད་ས་ནས་འགལ་ཟླ་བཟོས་པ་འདྲ་ཞིག་བྱས་སོང་།

    རྒྱ་ནག་ལ་བསྟུན་མཁས་ཡོད་ཚད་བློས་གཏོང་གིས་མགོ་འབུལ་ལུས་འབུལ་དེ་ལས་ལྷག་གཅིག་གང་འདྲ་ཞིག་བྱེད་དགོས་པ་རེད། གཞུང་འབྲེལ་ལས་འགུལ་ནི་བྱང་ཆུབ་སེམས་མཆོག་དང་ཞལ་འདོན་དགུ་སྐྱོར་མ་གཏོགས་གུང་ཁྲན་ལ་འཕོག་འཐུག་འགྲོ་བའི་རིགས་ཅི་ཡང་མེད་པ་རེད། བྱས་ན་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་འབྲས་བུ་རང་སྐྱོང་གི་སྒོ་འཕང་དེ་ངོ་བོ་རང་བཞིན་གྱི་བསྒྲུབས་ཡོད་དམ། གལ་ཏེ་ངོ་བོ་རང་བཞིན་གྱི་བསྒྲུབས་ཡོད་ན་སྐུ་ཚབས་ཚོགས་པས་ཞི་མོལ་གྲོས་མོལ་ལ་བསྒྱུར་གྲོས་མོལ་འབྲེལ་མོལ་བསྒྱུར་བྱས་པའི་བརྒྱུད་རིམ་ནང་འབྲས་བུ་ཅི་ཡང་མེད་པ་མ་ཟད། སྐུ་ཚབས་ཚོགས་པ་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་མགྲོན་དུ་བཞུགས་བཞིན་པའི་སྐབས་སུ་ཡང་བོད་ནང་དམར་གསོད་དང་བཙོན་འཇུག་རྡུང་བརྡེག་ཚ་ནན་བྱེད་པར་ཁྱུག་ཙམ་ཡང་འཚམས་འཇོག་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། བོད་རྒྱའི་འབྲེལ་མཐུད་པ་སྐུ་ཚབས་ཚོས་ཐད་ཀར་ཀྲུང་ནན་ཧེའེ་དབུས་གཞུང་ལ་སྐད་ཆ་བཤད་མི་ཐུབ་པར་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གཏམ་བརྗོད་ཟློས་གར་ལ་གསན་གཟིགས་གནང་དགོས་དོན་ག་རེ་རེད། འོ་ན་ཀྲུང་ནན་ཧེའེ་ནས་དངོས་ཤུགས་རྒྱུད་གསུམ་ནས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པའི་རྒྱུ་མཚན་ཅི་རེད།
    བྱས་ཙང་རང་སྐྱོང་མངོན་འདོད་བཅོས་མ་མ་ཡིན་པ་ཞིག་ཡོད་པའི་ཡིད་ཆེས་སྤྲོད་དགོས་པ་རེད་ཟེར་ན་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་པ་རེད། མངོན་འདོད་བཅོས་མ་མ་ཡིན་པའི་རྣམ་འགྱུར་ག་ཚོད་བསྟོན་ན་ཡང་འབྲས་བུ་རང་སྐྱོང་གི་སྒོ་འཕང་མགྱོགས་མྱུར་འཐོབ་པའི་གདེང་ཚོད་ག་རེ་ཡོད། རྨི་ལམ་རྨིས་པ་ནི་ཡིན་རྒྱུ་མ་རེད་པ།

    Reply
  4. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    གཞུང་འཛིན་བཀའ་ཤག་ཞིག་གཞུང་འབྲེལ་མིན་པའི་ཚོགས་འདུ་ཁག་ལ་བཅར་བའི་སྐོར་ལ་ཚོགས་པའི་ངོ་བོ་ལ་ཁྱད་པར་མེད་པར་ཆོག་ན་ཆོག་མཉམ་དང་། མ་ཆོག་ན་མ་ཆོག་མཉམ་བཟོ་རྒྱུ་གལ་ཆེ། དེ་མིན་གཞོན་ནུ་ཚོགས་འདུ་ལ་བཅར་མི་ཆོག་ཟེར་བ་དང་གཅིག་མཚུངས་ཤིག་ཏུ་གྱུར། ལྡི་ལི་ཆུ་སྒང་གི་ཚོགས་འདུ་ལ་བཅར་ཆོག་ལ། གཞོན་ནུ་ཚོགས་འདུ་ལ་བཅར་མི་ཆོག་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་མ་མཐོང་།

    Reply
  5. བཙན་པོ། says:
    ལོ་ 13 སྔོན།

    གཞུང་མང་ཆིག་སྒྲིལ་གྱི་རྣམ་པ་ཇེ་གསལ་དུ་འགྲོ་བཞིན་འདུག དབུ་མའི་ལམ་ལས་འགུལ་ཁང་དང་དབུས་ཀྱི་མཛད་གཙོ་སུ་ཡིན་རུང། གལ་ཆེ་ཤོས་རྒྱ་ནག་དང་བསྟུན་མཁས་བྱེད་དགོས་པ་རེད། རང་སྐྱོང་གི་མངོན་འདོད་བཅོས་མ་མ་ཡིན་པ་ཞིག་ཡོད་པའི་ཡིད་ཆེས་སྤྲོད་དགོས་པ་རེད། དེ་ལྟར་བྱས་ན་རང་སྐྱོང་གང་མགྱོགས་ཐོབ་ཀྱི་རེད།།

    Reply
  6. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    རྒྱ་མཚོ་ལགས་ཀྱི་གསུངས་བ་ལ་མངོན་པར་བསྟོད་དོ། ༼གཞུང་གི་སྐད་ཆ་དེ་གཞུང་གི་སྡིངས་ཆ་བརྒྱུད་ནས་ང་ཚོར་གནང་རོགས།༽

    Reply
  7. གནས་ཚང་། says:
    ལོ་ 13 སྔོན།

    དེ་ངོ་མ་རེད། གཞུང་འབྲེལ་མིན་པའི་ཚོགས་པར་གཞུང་འབྲེལ་བ་ཚོ་བཅར་ནས་གཏམ་བཤད་སྤེལ་བ་དེ་ཆུ་སྒང་གསར་མ་ཞེས་པའི་ཚོགས་པ་ཉི་ཚེ་བ་དེ་སྔར་བེད་སྤྱོད་གཏོང་སྟངས་དང་གཅིག་པ་རེད། སྐྱོ་གར་གཞན་ཞིག་མ་རེད་སུས་ཟེར། ཤི་ལྟས་ཤིག་མ་རེད་ཅེས་ཀྱང་ལབ་མི་ཐུབ་པར་སྣང་།

    Reply
  8. ཤག་སྒང་པ། says:
    ལོ་ 13 སྔོན།

    མཆན་འདི་ལ་རྒྱུ་མཚན་འདུག་གོ།

    Reply
  9. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་བེད་སྤྱོད་དང་ཐེ་ཇུས་མི་བྱེད་པ་དེ་ཆབ་སྲིད་རིག་པའི་གཞུང་ལུགས་ནང་ཡོད་པ་རེད། འོན་ཀྱང་ད་རེས་གཞུང་འབྲེལ་མིན་པའི་དབུ་མའི་ལས་འགུལ་ཁང་གི་ཚོགས་པའི་སྡིངས་ཆ་བརྒྱུད་ནས་གཞུང་འབྲེལ་གྱི་མི་སྣས་གཏམ་བཤད་གནང་བ་དེས་ཆབ་སྲིད་རིག་པའི་གཞུང་ལུགས་དང་འགལ་བ་རེད་ལ། བཀའ་ཤག་སྐབས་སྔོན་མ་ནས་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་བེད་སྤྱོད་དང་ཐེ་ཇུས་བྱེད་མི་ཆོག་པའི་སྒྲིག་གཞི་དང་ཡོངས་སུ་རྒྱབ་འགལ་རེད། དེ་ལྟར་རྒྱུན་དུ་ཕྱིན་པ་ཡིན་ན་གཞུང་གི་སྒྲིག་གཞི་ལ་སུས་འགན་ལེན་དང་བརྩི་བསྲུང་བྱེད་ཀྱི་རེད། གཞུང་གི་གཏམ་བཤད་ཡིན་ན་ངེས་པར་དུ་གཞུང་གི་སྡིངས་ཆ་བརྒྱུད་ནས་གཏམ་བཤད་གནང་དགོས་ངེས་རེད་མ་གཏོག་གཞུང་འབྲེལ་མིན་པའི་ཚོགས་པའི་སྡིང་ཆ་བརྒྱུད་ནས་གཏམ་བཤད་གནང་བའི་ལམ་ལུགས་ལ་བཅོས་བསྒྱུར་ངེས་པར་དགོས་པ་རེད། དེ་ནི་གཞན་གང་ཡང་མིན་པར་གཞུང་འབྲེལ་མིན་པའི་ཚོགས་པ་ཉི་ཚེ་བ་ཞིག་ལ་གཞུང་གི་རྒྱབ་སྐྱོར་དང་བེད་སྤྱོད་བཏང་བ་ཞིག་ཆགས་ཀྱི་ཡོད་ཙང་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ལ་འཕོག་འཐུག་མི་འགྲོ་བ་གནང་གལ་ཆེ།

    Reply
  10. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གཟབ་གཟབ་མ་གནང་ན་མི་རིགས་ཆེན་པོའི་རིང་ལུགས་ཀྱི་འཆིང་ཐག་འོག་གཡོ་སྒྱུ་དང་སྤྱང་གྲུང་རང་བཞིན་ལྡན་པའི་རྒྱ་རིགས་དུང་ཕྱུར་བཅུ་གསུམ་ལྷག་ནང་མ་འཐིམ་པའི་ངེས་པ་མ་མཆིས་ན་སྐབས་དེ་དུས་བོད་གྲངས་ཉུང་མི་རིགས་འདི་འགྱོད་པ་རྟས་མི་ཟིན་པའི་ཉི་མ་ཞིག་ཤར་སྲིད་པ་རེད་ད།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་་་། མ་གཞི་རང་བཙན་རྩོད་མཁན་ཚོས་རང་བཙན་རྩོད་རྒྱུ་ནི་སོ་སོའི་ཐོབ་ཐང་ཆཊ་ཡོད་རུང་། ཆིག་སྒྲིལ་གྱི་ནུས་པ་འཐོར་བཤིག་ཏུ་མ་འགྲོ་བ་ཞིག་གནང་དགོས་རྒྱུ་་་་་་་་་་་་་ཟེར།

    Reply
  12. རྒྱ་མཚོ། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་སྲིད་བྱུས་ལ་ལྟ་སྟངས་གཞན་མེད། གཞུང་དང་གྲོས་ཚོགས་ཀྱིས་བཤད་སྟངས་སེམས་ལ་འབབ་པ་འདུག ལས་འགུལ་ཁང་གིས་ང་ཚོར་འགྲེལ་བཤད་བརྒྱབ་པ་དེ་ཚོས་ང་ཚོ་མང་ཚོགས་ལ་ཕན་མ་སོང་། རྗེས་མ་ནས་ང་ཚོས་གཞུང་དང་གྲོས་ཚོགས་ཀྱི་ཕན་ནས་ལས་འགུལ་ཁང་ཟེར་བ་འདི་ཚོའི་བཤད་སྟངས་ལ་ཉན་གི་མིན། གཞུང་གི་སྐད་ཆ་དེ་གཞུང་གི་སྡིངས་ཆ་བརྒྱུད་ནས་ང་ཚོར་གནང་རོགས།

    Reply
  13. ཤག་སྒང་པ། says:
    ལོ་ 13 སྔོན།

    དེང་སང་གི་དུས་སུ་སྐད་ཆ་ཚང་མ་ཕྱི་ཁོག་གིས་བཏུམས་ནས་གསུངས་ན་གོ་གི་མ་རེད་དཱ།

    ཡིད་གཟབ་མི་བྱེད་མཁན་དེ་མི་སྒེར་སུ་དང་། ཚོགས་སྒེར་སུ་དང་སུ་ཞིག་རེད་མཛུབ་སྟོན་དགོས་པ་ལས།

    སྤྱི་སྦོམ་ཞིག་ཏུ་བོར་བ་དེས་ལས་དོན་མི་གྲུབ་པས་གསལ་ཁ་ཕྱེ་ནས་གསུངས་ན་ལམ་ནོར་མི་འགྲོ་བར་ཆེས་ཕན་ཐོགས་ཀྱི་རེད་སྙམ།

    དེ་མིན་སྟོང་པ་ཙམ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese