མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་ལ་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་པདྨ་འབྱུང་གནས་རྣམ་གཉིས་ཀྱིས་༸གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭཊ་སུ་བསྩལ་བའི་བཀའ་སློབ་ཐོག་གསལ་བཤད་གནང་སོང་།  

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ངྷ་ས་ས་གནས་ཐུན་མོང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀའི་སྟེང་། ངྷ་ས་མེག་གྷན་ཉིན་མོ་སློབ་གྲྭའི་ཚོཊ་ཁང་དུ། ཉེ་ཆར་༸གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭགས་སུ་བསྩལ་བའི་བཀའ་སློབ་ཁག་གི་ཐོག་གསལ་བཤད་བགྲོ་གླེང་ཤིག་ཚོཊ་ཡོད་སོང་།  

ཐེངས་འདིའི་བགྲོ་གླེང་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོཊ་ཟུར་དང་སྤྱི་འཐུས་ལས་ཐོཊ་པདྨ་འབྱུང་རྣམ་གཉིས་ཀྱིས། བཞུགས་སྒར་ཁུལ་གྱི་བོད་རིཊ་སེར་སྐྱ་མང་ཚོཊ་བརྒྱ་སྐོར་ཞིག་ལ། ༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་མང་ཚོཊ་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་བའི་སྔ་ཕྱིའི་བརྒྱུད་རིམ་དང་། ལྷག་པར་དུ་ཉེ་ཆར་༸གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭཊ་བཅས་སུ་བསྩལ་བའི་བཀའ་སློབ་ཁག་ལ་གསལ་བཤད། སྤྱི་ཚོཊ་ཁྲོད་བོད་མི་ཁག་ཅིག་གིས་བོད་གཞུང་གི་ཐ་སྙད་ཙམ་ལ་འགྱུར་བ་ཐེབས་པར་རྐྱེན་བྱས་ཏེ། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུཊ་དང་བོད་གཞུང་བསྡུ་གསོག་བརྒྱབ་ཡོད་སྐོར་གྱི་དཀྲོག་རྐྱེན་བཟོ་བཞིན་པར་དོཊ་སེལ་དང་ལན་འདེབས་བཅས་གནང་ཡོད།

དེའི་ཐད་མདོ་སྨད་དབུས་རྒྱུན་གྱི་ཚོཊ་གཙོ་སྐུ་ཞབས་བསྟན་པའི་དངོས་གྲུབ་ལཊ་ཀྱིས་བརྗོད་པ་ལྟར་ན། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀོད་ཁྱབ་འོག མ་འོངས་པའི་མདུན་ཕྲག་འདིའི་ནང་རྒྱ་བལ་གཉིས་ཀྱི་བོད་མི་འདུས་སྡོད་ས་གནས་ཁག་ ༣༠ ཙམ་གྱི་ནང་། ༸གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭཊ་སུ་བསྩལ་བའི་བཀའ་སློབ་ཁག་གི་ཐོག་མང་ཚོཊ་ལ་གསལ་བཤད་ཀྱི་བགྲོ་གླེང་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

སྐར་མ ༡༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

སྐར་མ ༤༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༤ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧

མཆན། 17

  1. བསོད་ནམས says:
    ལོ་ 13 སྔོན།

    ང་ཚོའི་རྙོག་སྒྲ་དེ་གོངས་ས་མཆོག་ལ་དད་པ་ཡོད་མེད་ལ་སྦྱར་ནས་བཤད་ཡ་དེ་ཆས་མ་རབ་རེད་མི་འདུག་པེ

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ཟླ་བ་བསོད་ནམས་ལགས་བསྐྱར་དུ་ཕེབས་འདུག ཐུགས་རྗེ་ཆེ། ཕ་རོལ་བོར་བསྟུན་དྲག་པའམ་ཞེད་དྲག་པ་དེ་འཆལ་མཐའ་ལྷུང་ཟིན་པའང་རང་གི་དགོངས་ཚུལ་ལྟར་རེད་དེ། དོན་དག་རྡོག་རྡོག་དེ་ཕ་རོལ་བོའི་བཤད་ཀྱིན་པ་ཞིག་ཚུར་རོལ་བས་ཀྱང་བཤད་ཡོང་དུས། མི་མང་གིས་དེ་ལ་བདེན་པར་མཐོང་གི་ཡོད་པ་རེད། རྒྱུ་མཚན་ཡང་བཤད་སྟངས་གཅིག་གྱུར་ཆགས་ཚར་བ་རེད། དེ་ཉེན་ཁ་མཐོང་གི་མི་འདུག་གམ།

    གཞན་ཁ་ཤས་ཤིག་ཀྱང་སླེབས་འདུག ལྷན་རྒྱས་ལ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པའི་ཐོབ་ཐང་ཡོད་པར་གུས་བརྩི་བརྒྱ་ཆའི་བརྒྱ་ཡོད་མོད། བརྗོད་སྟངས་དང་བརྗོད་དོན་ལ་མོས་མཐུན་བྱེད་ཐུབ་ས་མ་རེད། བོད་ལ་ལྷ་མིའི་རྣམ་འདྲེན་གཅིག་ཡོད་པ་རེད་ལ། དེ་གོང་ས་མཆོག་རེད། ཁ་ཤས་ཤིག་གིས་བསམ་གཟས་ནས་ཁོང་ངུ་ཆོག་ཆོག་དང་དགོད་སླ་བོ་ཡོད་མཁན་ཞིག་ལ་སྒྲུབ་ཀྱིན་འདུག དད་པ་ཡོད་མཁན་ཞིག་ལ་མཚོན་ན་འདི་ནི་དད་ལོག་རེད་ལ། བསྐྭར་འདེབས་ཀྱང་རེད། རྒྱུ་མཚན་ནི་ཁོང་གིས་སྲིད་འགན་རྩིས་སྤྲོད་གཙང་མ་གནང་ཟིན་པའི་རྗེས་སུ་སྲིད་དོན་ཐད་འདི་འདྲ་གནང་མདོག་ཁ་བོ་མ་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  3. བསོད་ནམས says:
    ལོ་ 13 སྔོན།

    རེད་ད་བོད་ནིང་ནས་མི་ཁ་ཤིས་བོད་རིང་བཙན་དོན་དུ་རིང་སྲོག་བློས་བཏང་གནངས་ཡོད་རེད་མི་མིང་པོ་བོད་གྱི་རྒྱལ་དར་སྦྲིང་ནས་བཙོན་འོག་ཏུ་སོང་ཡོད་རེད། ང་ཚོ་བྱི་ལོག་ནས་བོད་རིང་བཙོད་མ་ཆོག་པ་དང་བོད་གྱི་རྒྱལ་དར་ཡང་སྦྲང་ཆོག་མི་ཆོག་གི་ས་མཚམས་རེད་འདུག བོད་ནང་ནས་ལས་འགུལ་ག་ཚོད་ཤུག་ཆེ་བ་ནང་བཞིན་ང་ཚོ་འདིར་རྙོག་སྒྲ་དེ་བཞིན་ཆེ་རུ་འགྲོ་བ་དེ་དངོས་གནས་ཡ་བློ་ཕམ་མ་རེད་པེ། གཞོངས་དམངས་གཉིས་ཀས་བསམ་ལོ་གཏང་ཚོད་རེད་མི་འདུག་པེ། བོད་དེ་འདྲའི་མིང་པོས་བློས་བཏང་པ་དས་ང་ཚོས་ནིང་ལོག་ལ་བེད་སྤྱོད་དེ་འདྲ་བཏང་ན་ཡོང་ས་རེད་པེ།

    Reply
  4. ལུང་རྟོགས། says:
    ལོ་ 13 སྔོན།

    རྒྱ་གཞུང་གིས་བོད་ཀྱི་ཆོད་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་བཟོ་བཞིན་པར་ཚོར་སྣང་གང་ཡང་མེད་པར། བོད་གཞུང་གི་ཐ་སྙད་བསྒྱུར་བ་ཙམ་ལ་ཧ་ལས་ཧོན་ཐོར་བྱེད་མཁན་དང་། གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་ཤེས་བཞིན་དུ་ད་དུང་ཇི་མི་སྙམ་པར་ངར་ངར་ཤོར་ཤོར་བྱེད་མཁན་གྱི་དྲ་འབུ་འདི་དག་ནི། ཁ་སང་དྲ་གྲོགས་ཤིག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ན་སྡ་སར་གནས་སྡོད་བོད་མི་འགའ་རེ་ཁོང་ཁྲོ་ལང་གི་རེད་ཅེས་བྲིས་འདུག་པ་དེའི་གྲལ་ཡིན་པར་ངེས།

    Reply
  5. བསོད་དགའ། says:
    ལོ་ 13 སྔོན།

    བོད་གཞུང་གི་ཐ་སྙད་ཙམ་འགྱུར་བ་གཏོང་བར་ང་ཚོ་ནང་ཁུལ་ལ་འདི་འདྲའི་ཚོར་བ་ག་རེ་བྱས་ནས་བྱུང་གི་ཡོད་ན།དེར་ང་ཧ་སངས་ཀྱི་འདུག རྒྱ་དམར་གྱིས་བོད་གཞུང་མ་ཚད་བོད་མི་རིགས་རིག་གཞུང་དང་བཅས་པ་བཙན་འཕྲོག་དང་རྩ་མེད་གཏོང་གི་ཡོད་པ་དེར་འདི་འདྲའི་ཚོགས་འདུ་དང་དཔའ་ངོམ་དཔུང་སྒྲིག་བྱེད་རྒྱུ་མེད་པར། ནང་ཁུལ་མགོ་འབུར་འཇོམས་གཏོང་བ་ལ་མདོ་སྨད་རྒྱུན་ལས་སོགས་ཀྱིས་ལས་ཀ་སྣ་ཚོགས་བྱེད་བཞིན་པར་ཡ་མཚན་རེད།

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁྱོད་ཚོ་སྙིང་ཁམས་ཆེ་ཀི ༧ གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་ཤེས་བཞིན་དུ། ད་དུང་ཡར་ཡར་རེད། མར་མར་རེད་ལབ་ཀྱིན་འདུག ངོ་མ་བླུན་རྒན་གཡག་གི་སྙིང་རྩ་ཅན་ཟེར་བ་དེ་ཅི་མི་ལྡན།

    Reply
  7. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    གནས་ཚང་ལགས་དང་སླར་འཕྲད་པས་དགའ་ནས་ཡོད། ཉེ་སྔོན་རང་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་པ་དྲན་སོས་ཀྱིན་འདུག པེ་ཅིན་གཞུང་གི་ཁ་གདངས་ཚད་ལ་ང་ཚོས་ཡ་བྱེད་དགོས་དོན་ཡོད་བ་མ་རེད། རྒྱ་ནག་གི་ཁ་ནང་ནས་ཚིག་ཅི་འབུད་ལ་དོགས་ཟོན་བྱེད་ལུགས་འདི། དོན་ངོ་མས་འུ་ཅག་ལ་བདེན་དོན་རྩོད་རྒྱུའི་སྙིང་སྟོབས་མེད་སོང་བ་རེད། རྐྱེན་འདི་འདྲ་རྒྱུན་ཏུ་འཕྲད་ཀྱིན་ཡོད་ཙང་རྒྱ་ནག་གཞུང་གི་གང་བཤད་པ་ཆ་ཚང་ལ་ནུས་བ་རེ་ངམ་ངམ་ཤུགས་ཀྱིས་ཐོན་བཞིན་པ་རེད་ལབ་མྱོང་ཡོད། དེར་བརྟེན་གནད་འདིའི་ཕྱོགས་ནས་སྐུ་ཉིད་ཀྱི་ཀླད་རྩ་འགུལ་བསྐྱོད་མི་ཐུབ་ན། བསྐྱར་འགྲེལ་ཡང་འགྲེལ་བྱེད་དགོས་བའི་རྒྱུ་མཚན་མཐོང་མ་སོང་། སྐབས་དོན་འདི་ལྟ་སྟེ།
    ༡༽སྐུ་ཉིད་ཀྱི་སེམས་པ་འཚབ་འཚུབ་བྱེད་སའི་གནད་དེ། ༧གོང་ས་མཆོག་བོད་ལ་ཕེབས་དབང་དུ་བཏང་རུང་རང་དབང་དང་རང་བཙན་གྱི་དགོས་འདུན་ནི་འགྲུབ་རེ་མེད་པའི་ལྟ་ཚུལ་གྱིས་དབང་གིས་རེད་སྙམ། དེར་བརྟེན་རང་དབང་གི་གོ་རྟོགས་རྒྱ་བསྐྱེད་དེ་རང་དབང་དང་རང་བཙན་ལྟ་བུའི་དགོས་འདུན་ལ་གདོང་གཏད་དགོས་བར་བསམ་པའི་ཞོར་དུ། ད་ལྟའི་བོད་ཀྱི་གནས་བབ་དང་འབྲེལ་བའི་དད་སྟོབས་ངོས་ལེན་བྱེད་མི་འདོད་པ་ཙམ་རེད། དེ་མ་གཏོགས་འུ་ཅག་ཁྲོད་ཀྱི་རང་དབང་ལ་མོས་ཞིང་རང་དབང་གཙིག་ཏུ་བཀུར་མཁས་རྣམ་པ་ལྷན་རྒྱས་ཀྱི་གཏོང་ཕོད་ཀྱི་ལས་ནི། ད་ལྟའི་ཆ་ལ་རང་ཁྱིམ་གྱི་ཐབ་ཚང་ལས་བརྒལ་ཐུབ་ཀྱིན་མེད་པ་གསལ་བོ་རེད། འདི་ནི་རི་ཡུལ་གཉིས་ཀྱི་རྟོགས་སད་པ་དག་གིས་རང་དབང་ལ་མོས་གུས་བྱེད་སྟངས་ཤིག་ཡིན་པ་འདྲ། ཚད་འདི་ནས་བལྟས་ན་འུ་ཅག་རང་དབང་གི་ལྕམ་མོ་ལ་འཁྱིལ་ནས་རང་དབང་དང་རང་བཙན་བཞིན་གྱི་བུ་ཕྲུག་ཞིག་འཁྲུངས་རེ་ཤིན་ཏུ་དཀོན་པར་འདོད།
    ༢༽འུ་ཅག་གིས་རང་ཉིད་ལ་ཚང་རྩིས་རེ་བརྒྱབ་ནས་དགོས་འདུན་ལ་གདོང་གཏོད་ཚུལ་ཐད་དུ་ཞིབ་བལྟས་རེ་བྱས་ན། རང་དབང་བསམ་པའི་བློའི་ནུས་སྟོབས་སམ་དཔའ་སྟོབས་ཞིག་འབུས་ཡོད་དབང་དུ་བཏང་རུང་། དེ་ནི་མཐའ་གཅིག་ཏུ་རང་དབང་གི་གོ་རྟོགས་ཟབ་པའི་རྐྱེན་ཁོ་ནས་ལས་བྱུང་མཁན་གཅིག་ཀྱང་ཡོད་མི་སྲིད་ལ། སླད་ཡང་འབྱུང་བར་མི་འགྱུར། རྒྱུ་མཚན་ཡང་ལས་སླ་བོ་ཞིག་སྟེ་འུ་ཅག་གི་དཔའ་སྟོབས་འབུས་ས་ཁོ་རང་ཕ་མེས་ཡང་མེས་བརྒྱུད་པའི་རིག་སྟོབས་དང་དཔའ་ཉམས་དེ་ལ་ཡིད་ཆེས་བསྐྱེད་ལུགས་ཤིག་སྟེ། རང་ཁྱིམ་ལ་ངོ་ལོག་མི་བྱེད་རང་དགྲ་ལ་མགོ་བོ་མི་སྒུར་བྱས་བའི་དོན་རེད། ཏག་ཏག་ང་ཚོས་འདི་ལྟར་རང་ཉིད་ཀྱི་བློ་གདེང་འཁེལ་ས་དེར་ཡིད་ཆེས་དང་དད་སྟོབས་ཀྱིས་སྲུང་དགོས་བ་ཡིན་ལ། མངོན་འགྱུར་བྱེད་དགོས་བ་ཡིན།
    ༣༽བྱུང་ན་་་་བོད་མི་མཐེ་བོང་ཙམ་ཞིག་ཡིན་རུང་རང་དབང་གི་གོ་རྟོགས་སད་པའི་མ་ཟད་བསམ་རྒྱུ་འདི་དང་དྲན་རྒྱུ་འདི་ལས་མེད་ཚེ། ལྷ་མི་ཡོངས་འདི་ལ་མི་དགའ་གང་ལ་དགའ། འདི་ལ་མི་གཅེས་སུ་ལ་གཅེས། འོན་ཀྱང་བདག་གིས་ད་ལྟའི་བར་དུ་རང་དབང་གི་བསམ་བློ་ཁོ་ན་གཙུག་ཏུ་བཀུར་ནས་འཐབ་རྩོད་མཁན་བོད་མི་ཞིག་དང་མཇལ་བའི་སྐལ་བ་མ་བྱུང་། སླད་ཡང་ཕྲད་འགྲོ་བའི་བསམ་པ་མེད་ན། རང་དབང་གི་གོ་རྟོགས་ཟབ་ཅིང་བློ་གྲོས་ཀྱི་དཔུང་མཐུག་པའི་མི་བུ་ཞིག་ཡོད་ན་འདིར་བྱུང་བ་རེ་འགོད་རོགས་མཁྱེན་མཁྱེན།

    Reply
  8. བདེན་གཏམ། says:
    ལོ་ 13 སྔོན།

    གནས་ཚང་ཟེར་བ་ཁྱེད་རང་ཉོན་ཅིག
    དུས་ཐོག་མ་ནས་ད་བར་བོད་གཞུང་ཟེར་བ་དེ་གང་ཟག་སུ་འདྲ་ཞིག་གི་མེད་པ་བཟོས་ཡོད་མ་རེད། ཇི་སྲིད་བོད་མི་མང་གནས་པའི་བར་དེ་སྲིད་བོད་གཞུང་དེའང་གནས་གནས་པ་རེད།
    ཁྱེད་ལ་བོད་གཞུང་མེད་པ་བཟོས་རེད་སུའི་ལབ་བྱུང་། བོད་གཞུང་ད་བར་ཡོད་ཡོད་པ་རང་རེད།་ད་དུང་སྔར་ལས་དར་ཞིང་རྒྱས་པར་གནས་ཡོད་རེད། བོད་གཞུང་ཡོད་ན་ཡིན་ཅིག་མིན་ཅིག་ཡིག་ཐོག་བྲིས་དགོས་ཡ་གང་ཡང་ཡོད་མ་རེད། ཁྱོད་ལ་བོད་གཞུང་མེད་པ་བཟོས་རེད་ཟེར་ནས་འབོད་མཁན་མེད་པའི་ལྷང་ལྷང་ཞིག་གོ་འདུག་མོད། དེ་ནི་ཧ་ལམ་འདྲེའི་ལུང་མིན་ནམ་དཔྱད་པར་ཞུ།

    Reply
  9. གནས་ཚང་། says:
    ལོ་ 13 སྔོན།

    ཟླ་བ་བསོད་ནམས་ལགས་ཕེབས་ནས་དགོངས་ཚུལ་བཏོན་པར་གུས་བརྩི་ཡོད།
    ཡིན་ནའི། བོད་མི་ཀུན་ལ་ངོས་ལེན་ཡོང་མིན་ནི་བཤད་ཚོད་མི་ཐུབ་པ་ཞིག་རེད། བོད་མིར་དད་པ་ཡོད་པ་བདེན་པ་ཡིན་མོད། ཁ་ཚ་དགོས་ཐུག་གི་ལས་འགུལ་དག་དད་སྟོབས་ལས་བྱུང་བ་རེད་ཅེ་ན། དེ་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། སྐད་ཆ་འདི་བཤད་སྟངས་གཞན་ཞིག་གི་ལམ་ནས་བརྗོད་ན། ༼ཏཱ་ལའི་རུ་ཚོགས་ཀྱི་ངན་བསྐུལ༽ཞེས་པ་དེ་རེད་ལ། བསྟོད་པའི་ལམ་གྱི་སྨད་པའི་དཔེ་ཁོ་ན་ཞིག་ཀྱང་རེད། དེ་བས། ཚང་མ་ལོས་སྐད་ཆ་བཤད་སྐབས་གཟབ་གཟབ་གནང་རྒྱུ་ཧ་ཅང་གི་གལ་ཆེན་རེད་ལ། བོད་ཀྱི་གཏམ་དཔེར་ཡང་༼རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ༽ཞེས་ལས་གཉིས་སུ་མེད་པར་སྣང་བས། མེས་པོ་གོང་མ་དག་གིས་ཕྱི་རབས་པར་ནོམ་དུ་བཞག་པའི་གདམས་པ་དག་མ་བརྗེད་པ་གནང་རོགས་ཞེས་ཞུ་འདུན་བྱུང་སོང་།

    Reply
  10. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    ཀརྨ་རྡོ་རྗེ་ཡིས་དམིགས་སུ་དགར་བའི་ཚིག་དུམ་འདི་ཕྱི་གསལ་ནང་གསལ་དེ་བཟོ་རྒྱུ་གལ་ཆེན་རེད། གསར་འགོད་པས་ལྡ་བེ་ལྡིབ་བེ་ཞིག་ཤོད་ཀྱིན་འདུག
    སྤྱིར་བོད་མི་རིགས་འདི་རང་དབང་ལ་དུང་བ་ཟབ་ཅིང་། རང་དབང་ཁོ་ན་གཙིག་ཏུ་བཀུར་ནས་བསམ་ཕོད་པ་དང་། བཤད་ཕོད་པ། རྒྱུས་མངའ་བ་དག་ཡིན་དབང་དུ་བཏང་ན། བོད་སྤྱི་བའི་རྩ་དོན་འདི་མར་ཞག་བཞིན་དུ་འུ་ཅག་གི་སེམས་ཁ་ན་ལྡེམ་ལྡེམ་འོད་འཁྱིལ་ལེ་ཆགས་ཡོད་ལས་ཆེ་མོད། འོན་ཀྱང་འུ་ཅག་ལ་ཆ་མཚོན་ན་རང་དབང་གི་བསམ་གཞིགས་ལས་དད་སྟོབས་ཀྱི་ནུས་ཤུགས་ཁྱབ་ཆེ་ཞིང་རྩེར་སོན་པས་ན། རེ་ཞིག་ཁོ་བོས་འདི་ལྟར་བོད་མིའི་འདོད་འདུན་འགྲུབ་པར་དད་སྟོབས་ལས་ལྷག་པའི་མཐུ་དང་ནུས་བ་ཞིག་རྙེད་སོན་མ་བྱུང་ལ། སླད་ཡང་རང་དབང་གི་ལྷ་མོ་འཁྱིལ་བའི་རྟོགས་སད་ཀྱི་བློ་སྟོབས་ཞིག་འཁྲུངས་རེ་ཤིན་ཏུ་དཀའ་པར་འདོད། བསམ་གཞིགས་འདི་འདྲ་ལ་བརྟེན་བདག་གིས་བསམ་པར་འུ་ཅག་གིས་རང་ཉིད་ཀྱི་དད་སྟོབས་འདི་མངོན་འགྱུར་བྱེད་སའི་འཁོར་ཡུག་འདི། གཅེས་སྐྱོངས་ཐུབ་དགོས་ཞིང་དུས་ཚོད་དམ་འཛིན་བྱེད་དགོས་བར་འདོད། མཐར་གཏུག་ན་འུ་ཅག་ལ་ཆིག་སྒྲིལ་གྱི་ནུས་སྟོབས་ཞིག་རང་དབང་གི་བདེན་སྟོབས་རྟོགས་པའི་སྒོ་ཆེན་ནང་ནས་འབྱུང་རྒྱུ་མིན་པར། དད་སྟོབས་ཀྱི་ཨམ་ཚུགས་བསྡམས་པའི་སྙིང་རུས་ཕྱོགས་ནས་འབྱུང་བར་འདོད།

    Reply
  11. གནས་ཚང་། says:
    ལོ་ 13 སྔོན།

    དྲང་པོར་ཞུས་ན། མེར་མཆོད་དཔའ་བོ་དཔའ་མོ་ལྷན་རྒྱས་ནས་འབོད་སྐད་གསུམ་བསྒྲགས་ཡོད་པ་རེད། བོད་རང་བཙན། རང་དབང་། གོང་ས་མཆོག་ཕྱིར་ཕེབས་དགོས་ཞེས་པ་དེ་གསུམ་རེད་ལ། གོང་ས་མཆོག་ཕྱིར་ཕེབས་ན་འདོད་འདུན་སྔ་མ་གཉིས་འགྲུབ་སྲིད་པར་ངོས་འཛིན་གནང་བཞིན་པ་ཞིག་རེད། དེ་བས། དོན་ངོ་མ་དེ་དོན་ངོ་མར་བཞག་ནས་ལྟ་དགོས་པ་ལས་མཐོང་བཞིན་ཐོས་བཞིན་མ་གོ་བའི་བརྟུལ་ཞུགས་འཛིན་པ་ནི་ལྐུགས་རྟགས་ཚ་བོའམ། ཡང་ན། དམིགས་ཡུལ་ངན་བཅངས་ཀྱི་བྱེད་སྤྱོད་ཅིག་རེད།

    ཡང་གཞན་ཞིག་གིས་བོད་གཞུང་གི་མིང་མེད་པར་བཟོས་པ་དེ་ཡར་རྒྱས་ཤིག་ཡིན་ཚུལ་ལབ་བཞིན་འདུག འོ་ན། རྒྱ་གཞུང་གིས་བོད་གཞུང་མེད་པར་བཟོས་པའི་གསལ་བསྒྲགས་ལོ་ངོ ༥༠ཡར་སྔོན་བྱུང་ཡོད་པས། དེའང་དུས་ལ་དཔག་པའི་ཡར་རྒྱས་ཤིག་ཡིན་དགོས་པར་མ་ཟད། བྲོས་བྱོལ་ཡོང་མཁན་ཐ་དག་མར་རྒྱས་ཀྱི་དཔེ་མཚོན་དུ་ཚུད་ཟིན་པ་མ་རེད་དམ། རྒྱ་གཞུང་གིས་ད་ལྟའི་བར་དུ་ལབ་པ་ཐ་དག་དྲང་བདེན་ཆགས་ཟིན་པ་མ་རེད་དམ། ལར་སྐད་ཆ་བཤད་སྟངས་ཡོད་ཀྱང་བཤད་མ་ཤེས་ན་རང་མགོ་རང་གཅོག་དང་རང་སྲོག་རང་གཅོད་དུ་མི་འགྱུར་བའི་ངེས་པ་གཏན་ནས་མེད་པས། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ལ་དགོས་པའང་སྐད་ཆ་འདིའི་རིགས་རེད།

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གཞིས་ལུས་མི་དམངས་ཀྱི་སེམས་ན་༧གོང་ས་མཆོག་ཕུད་པའི་རང་དབང་ཞེས་པ་ཞིག་ཀྱང་ཡོད་པ་རེད། རང་དབང་ཞེས་པའི་ཁྱབ་ཚད་རྒྱ་ཆེ་ཆུང་ག་ཚོད་ཡོད་མེད་གཉའ་འབྲོང་ཐུ་བུས་མཁྱེན་ཡོད་ཤག། མ་ཟད་མེ་ལྕེའི་ནང་གི་འབོད་སྒྲ་གསན་མྱོང་ཡོད་ན་དེ་བས་ཀྱང་གསལ་གསལ་ཐིང་ཐིང་ཆ་རྒྱུས་ཡ་རྒྱུས་ཡོད་ཚོད་ཡིན།

    Reply
  13. གཉའ་འབྲོང་ཐུ་བུ། says:
    ལོ་ 13 སྔོན།

    བོད་གཞིས་ལུས་མི་མང་གི་སེམས་ན་གོང་ས་མཆོག་ལས་སུ་ཡང་མི་འདུག དཀྲོག་གཏམ་བཤད་རྒྱུ་མང་ན་བོད་ཕྱི་ནང་གི་འབྲེལ་ལམ་ལ་ཉེན་ཁ་ཤིན་ཏུ་ཆེ་བས་ཀུན་གྱིས་གཟབ་དགོས་པའི་དུས་ལ་བསླེབས་འདུག

    Reply
  14. བདེན་གཏམ། says:
    ལོ་ 13 སྔོན།

    འགྱུར་བ་ཞེས་པ་ནི་དུས་ཀྱི་ཆོས་ཉིད་རེད། དེ་ང་ཚོའི་མདོང་ལེན་བྱེད་དགོས་པ་ཞིག་རེད།
    ལར་ནས། རྒྱལ་ཁབ་དང་སྤྱི་ཚོགས་གང་ཞིག་ཡར་རྒྱས་ཡོང་བ་ལ་འགྱུར་བ་ཞེས་པ་དེ་སྔོན་དུ་འགྲོ་དགོས། མདོར་ན་འགྱུར་བ་ལ་རྟེན་ནས་ཡར་རྒྱས་ཡོང་དགོས། དེ་བཞིན་འུ་ཅག་གི་བཙན་བྱོལ་གཞུང་འདིའི་ཐ་རྙད་ཀྱི་འགྱུར་དེ་ཡང་ཡར་རྒྱས་ཀྱི་རང་བཞིན་ལས་མར་རྒྱས་མ་ཡིན་པར་མཁྱེན་པའི་ཐོག་ནས་དགའ་ཚོར་དྲག་པོ་སྐྱེས་དགོས།

    Reply
  15. གནས་ཚང་། says:
    ལོ་ 13 སྔོན།

    ཐ་སྙད་ཙམ་དེ་དོན་ལ་ལོ་རྒྱུས་ཀྱི་རྒྱུན་བཅད་ཡོད་པའི་ཁར། ར་མིན་ལུག་མིན་ཞིག་ཏུ་འགྱུར་ཚར་བ་རེད། ད་སྐྱིད་པོ་འདྲ་བཤད་ནས་སྡོད་ས་ཞིག་མེད་པ་འདྲ།

    Reply
  16. དཀར་མཛེས་བསོད་བུ། says:
    ལོ་ 13 སྔོན།

    ཐ་སྙད་ཙམ་གནད་ཆུང་ན་དུས་ཚོད་བཏང་ནས་གསལ་བསྒྲགས་དང་བགྲོ་གླེང་བྱེད་པ་དོན་སྙིང་གང་ཡོད་དམ།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ ཁག་ཅིག་གིས་བོད་གཞུང་གི་ཐ་སྙད་ཙམ་ལ་འགྱུར་བ་ཐེབས་པར་རྐྱེན་བྱས་ཏེ། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུཊ་དང་བོད་གཞུང་བསྡུ་གསོག་བརྒྱབ་ཡོད་སྐོར་གྱི་དཀྲོག་རྐྱེན་བཟོ་བཞིན་པར་དོཊ་སེལ་དང་ལན་འདེབས་བཅས་གནང་ཡོད།་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese