མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་རེབ་བཀའ་ཟུར་དང་སྤྱི་ཟུར་མང་པོ་ཞིག་ཕེབས་མི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp


དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཉིན་གསུམ་པར། གསར་འགོད་པས་བཀའ་ཟུར་ཁག་ཅིག་ལ་ཐེངས་འདིའི་ཚོགས་བཅར་བའི་གནས་སྟངས་དང་། ཚོགས་འདུ་གོ་སྒྲིག་གནང་ཕྱོགས། ད་རེབ་ཚོགས་ཆེན་གྱི་བསམ་ཚུལ་ཕྱོགས་བསྡོམས་ཁག་མ་འོངས་པར་ལག་ལེན་བསྟར་ཕྱོགས་བཅས་ཀྱི་ཐད་དགོངས་ཚུལ་དྲིས་ཡོད།  

ཚོགས་འདུའི་ཉིན་གསུམ་པར་གསར་འགོད་པས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་གི་ཚོཊ་བཅར་བའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་མེད་དྲིས་པར་པའི་ལན་དུ་ཁོང་མོས “དེའི་ཐོག་ང་རང་ལ་དམིཊ་བསལ་ལྟ་ཚུལ་གང་ཡང་མེད། བཀའ་ཟུར་དང་སྤྱི་ཟུར་མང་པོ་ཞིག་ཕེབས་མི་འདུག ཡིན་ནའང་བཀའ་ཟུར་མང་པོ་ཞིག་དགུང་ལོ་བགྲེས་པོ་ཆཊ་ཡོད་པ་རེད། ང་རང་བཀའ་ཟུར་ཁ་ཤས་ལ་ཐུག་འཕྲད་གནང་སྟེ་བཀའ་མོལ་ཞུ་རྒྱུ་བྱུང་། ཁོང་ཚོས་ཚོཊ་འདུར་བཅར་འདོད་ཡོད་ཀྱང་གཟུགས་པོས་ལྕོགས་ཀྱི་མི་འདུག་གསུངས་སོང་། དེ་བཞིན་སྤྱི་ཟུར་རྣམ་པ་ཚོ་ཡང་དེ་འདྲ་བྱས་ཏེ་ཕེབས་མ་ཐུབ་པ་ཡོད་སྲིད་ཀྱི་རེད། ད་རེབ་གཞོན་སྐྱེས་མང་པོ་ཞིག་ཕེབས་འདུག་ལ། ང་རང་གི་ཚོཊ་ཆུང་ནང་གཞོན་སྐྱེས་ཚོ་ཧ་ལས་པའི་སེམས་ཤུཊ་དང་འཁུར་ལེན་མཁན་དེ་འདྲ་རེད། གནས་སྟངས་དེར་བལྟས་ན་རྒན་པ་ཚོ་མ་ཕེབས་ཀྱང་གཞོན་པ་ཚོས་འཁུར་ཡག་པོ་ལེན་གྱི་འདུག་བསམ་ནས་ཞེ་དྲག་དགའ་བོ་བྱུང་” ཞེས་གསུངས་སོང་།

ཡང་བཀའ་ཟུར་མཆོག་ལ་ཚོཊ་འདུའི་མཐའ་མའི་གྲོས་ཆོད་ལག་བསྟར་ཐུབ་མིན་ཐོག་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་སྐབས། “ འདས་པའི་ཚོཊ་ཆེན་ཁག་གི་སྙན་ཐོ་ལག་ལེན་བསྟར་ཡོད་མེད་དེ་ང་ཚོར་གསལ་བོ་ཞིག་ཞུ་རྒྱུ་མེད།  ཡིན་ནའང་ཐེངས་སྔོན་མ་དག་ལ་བྱུང་མ་སོང་ད་ཐེངས་ཀྱང་ཡོང་གི་མ་རེད་ལབ་རྒྱུ་ཡོད་པ་མ་རེད་སྙམ། ང་རང་གིས་ག་རེ་བསམ་གྱི་ཡོད་ཟེར་ན། བཀའ་སྤྱི་གཉིས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་དོན་ཚན་གཉིས་གསུམ་ཙམ་ལས་མེད་ཀྱང་དེ་ལག་ལེན་དུ་བསྟར་ཏེ་མི་དམངས་ལ་གསལ་བཤད་གནང་རྒྱུ་དེ་གལ་ཆེན་པོ་རེད་དྲན་ཡོད” ཅེས་དང་། “ ད་ལྟའི་ཆར་ཁུར་ཆེ་རུ་ཕྱིན་ཡོད་པ་རེད། ང་རང་གི་ཉམས་མྱོང་ཐོག་ནས་ཞུས་ན་ཚོཊ་མི་ཚོའི་བསམ་བློ་གཏོང་སྟངས་ཀྱང་རྒྱ་ཆེ་རུ་ཕྱིན་འདུག དེ་ཡིན་དུས་སྤྱི་ཚོཊ་ནང་མར་བབས་ཏེ་གྲུབ་འབྲས་སྟོན་རྒྱུའི་ཐོག་ལ་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་བ་ཡིན་ན། མི་དམངས་ལ་སེམས་ཤུཊ་ཆེན་པོ་འདུག་བསམ་པ་ཞིག་འདུག” ཅེས་གསུངས།

བཀའ་ཟུར་ཚེ་རིང་ཕུན་ཚོཊ་མཆོག་ལ་ཚོཊ་འདུ་གོ་སྒྲིག་དང་ཚོགས་ཆུང་ཆ་བགོས་གནང་ཕྱོགས་ཐོག་དགོངས་ཚུལ་དྲིས་པར། “ ཐེངས་འདིའི་ཚོཊ་ཆུང་ཆ་བགོས་བྱེད་སྟངས་སྔོན་དག་ལས་ཡག་པོར་མཐོང་སོང་། ཚོཊ་ཆུང་གང་ཡིན་རུང་བཀའ་ཟུར་དང་སྤྱི་འཐུས་ཚང་མ་ཆ་བགོས་བྱས་འདུག ད་རེབ་ལོ་གཞོན་པ་མང་པོ་ཞིག་ཕེབས་འདུག ང་ཚོའི་ཚོཊ་ཆུང་ནང་དོན་ཚན་རེ་རེའི་ཐོག་གྲོས་བསྡུར་བྱས་ཡོང་དུས། ལོ་གཞོན་པ་དང་ཕྱི་རྒྱལ་ནས་ཕེབས་མཁན་ཚོས་གནད་དུ་སྨིན་པ་བཤད་ཀྱི་འདུག བཀའ་ཟུར་ལ་མཚོན་ན་ལོ་སྔོན་མ་ལས་ཉུང་དུ་ཕྱིན་འདུག་ཀྱང་། ཁོང་ཚོ་ཕེབས་མ་ཐུབ་པ་དེ་སྒེར་གྱི་དཀའ་ངལ་ཏན་ཏན་ཡོད་ཀྱི་རེད། དེ་མིན་ཁག་ཅིག་ཕྱི་རྒྱལ་ནས་འགྲོ་སོང་ལ་བསམ་བློ་བཏང་སྟེ་མ་ཡོང་བ་རེད་བསམ་གྱི་འདུག ” ཅེས་གསུངས།

ཁོང་གིས་ཚོཊ་ཆེན་གྱི་གྲོས་ཆོད་ལག་ལེན་བསྟར་ཕྱོཊ་ཐོག “ གྲོས་ཆོད་ལག་བསྟར་ཐུབ་དང་མ་ཐུབ་ཟེར་བ་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། སྤྱིར་དམངས་གཙོའི་ལམ་སྲོལ་ཐོག་གྲོས་ཆོད་གང་བཞག་པ་དེ། འཛིན་སྐྱོང་དང་སྤྱི་འཐུས་ཀྱིས་ལག་བསྟར་བྱེད་མ་ཐུབ་ན། སྐབས་དང་བསྟུན་ཏེ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་གནང་དགོས་པ་ཞིག་ཡིན་ཡང་། སྐབས་སྔོན་མའི་ཚོཊ་ཆེན་གྱི་གྲོས་ཆོད་ལག་ལེན་བསྟར་ཐུབ་དང་མ་ཐུབ་ཀྱི་སྐོར་བོད་མིའི་རང་དབང་ཚགས་པར་ནང་ཆ་ཚང་བཀོད་ཡོད། དེ་ལ་དྲི་བ་མ་གཏོང་རོཊ་གསུངས་སོང་། གང་ལྟར། སྤྱིའི་ཆ་ནས་ཚོཊ་ཆེན་རིམ་པ་ཁག་ལ་གྲུབ་འབྲས་གང་འཚམ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ད་བར་ཚོཊ་ཆེན་ཁག་ཏུ་གནད་དོན་ཆེན་པོའི་ཐོག་གྲུབ་འབྲས་འདི་བྱུང་བ་རེད་ཟེར་བའི་བསམ་ཚུལ་གང་ཡང་བྱུང་མ་སོང” ཞེས་གསུངས་སོང་།  

བཀའ་ཟུར་མཆོག་གིས་ཐེངས་འདིའི་ཚོགས་ཆེན་གྱི་གལ་གནད་སྐོར་ལ“ ང་རང་སྒེར་ངོས་ནས་ཐེངས་འདིའི་ཚོཊ་ཆེན་འདི་དེ་སྔའི་ཚོགས་ཆེན་ཁག་ལས་གལ་ཆེ་ཤོས་སུ་མཐོང་གི་ཡོད། ད་བར་བོད་ནང་བོད་མི་ ༥༡ གིས་རང་ལུས་མེར་བསྲེགས་བཏང་ཡོད། དེ་ཙམ་དུ་མ་ཟད། བོད་མི་མང་པོ་ཞིག་དམར་གསོད་དང་བཙོན་འཇུག་བྱས་ཡོད། གནས་སྟངས་དེའི་ཐོག་ད་ལྟའི་འཛིན་སྐྱོང་རེད། སྤྱི་འཐུས་རེད། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གིས་ཁོང་ཚོའི་དགོས་འདུན་དེ་བསྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། ང་རང་གིས་བསམ་ཚུལ་ཡིན་ན། བོད་མི་ན་གཞོན་དང་བླངས་བ་ ༡༠༠ ཙམ་གྱིས་དུས་རྒྱུན་དུ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལས་འགུལ་འདྲ་མིན་སྤེལ་དགོས་པ་མ་ཟད། ལས་འགུལ་དེ་ཇི་སྲིད་བོད་དོན་ལ་འགྱུར་བ་མ་ཐེབས་བར་སྤེལ་དགོས་ཀྱི་འདུག དེ་མིན་ང་ཚོས་སྐབས་རེར་ལས་འགུལ་རེ་སྤེལ་ཏེ། དེའི་རྗེས་འཇའ་ཡལ་བ་ནང་བཞིན་ལས་འགུལ་མ་སྤེལ་ན་བོད་དོན་ལ་འགྱུར་བ་ཐེབས་ཀྱི་མ་རེད” ཅེས་གསུངས།

བཀའ་ཟུར་དང་མདོ་སྨད་སྤྱི་འཐུས་ལས་ཐོགས་ཐུབ་བསྟན་ལུང་རིཊ་མཆོག་ལ་ཚོགས་ཆེན་ཐོག་སྤྱི་ཡོངས་ཀྱི་གཟིགས་ཚུལ་དྲིས་པར།  “ ད་རེབ་སྐབས་སྔོན་མ་དག་དང་བསྡུར་ན་ཚོགས་མི་མང་བ་ཕེབས་འདུག ཚོགས་མིའི་གྲངས་འབོར་སྔར་ལས་མང་བ་དང་ས་གནས་ཀྱང་སྔོན་མ་དག་ལས་ཁྱབ་ཆེ་བ་འདུག ཡིན་ནའང་བཀའ་ཟུར་རྣམ་པ་དང་སྤྱི་ཟུར་རྣམ་པ་ཕེབས་མ་ཐུབ་པའི་གནས་སྟངས་མང་པོ་བྱུང་འདུག ” ཅེས་གསུངས།

གྲོས་ཆོད་ལག་བསྟར་གནང་ཕྱོཊ་ཐོག་ཁོང་གིས། “གྲོས་ཆོད་ལག་བསྟར་ཐུབ་དང་མ་ཐུབ་ཟེར་བ་དེ་མཐའ་གཅིག་ཏུ་ཞུ་ཁག་པོ་རེད། ལག་བསྟར་བྱས་དང་མ་བྱས་ཟེར་གྱི་ཡོད་པ་མ་རེད། མང་པོ་ཞིག་ལ་བསྟུན་དགོས་དུས་ལག་ལེན་འཁེལ་ཐུབ་དང་མ་ཐུབ་ཡོང་སྲིད་པ་རེད། སྡེ་ཚན་དང་ཁོངས་སོ་སོ་ནས་གནང་དགོས་པ་དེ་གནང་གི་ཡོད་པ་རེད”ཅེས་དང་། “ང་རང་གི་བསམ་པར་ད་རེབ་ཀྱི་ཚོགས་ཆེན་འདིའི་ནང་། གསར་རྩོམ་བྱ་དགོས་པ་མང་པོ་ཡོད་པ་མ་རེད་དྲན་གྱི་ཡོད། སྔོན་མ་གནང་བསྡད་པ་དེ་མཇུག་སྐྱོང་གནང་རྒྱུ་དང་སྔར་ལས་ཚགས་ཚུད་དུ་གཏོང་རྒྱུ་དེ་གལ་ཆེ་ཤོས་རེད” ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 5

  1. སྟག་རྩེ་དཔལ་ལྡན says:
    ལོ་ 13 སྔོན།

    ཕེབས་མེད་པ་སུ་དང་སུ་ཡིན་པར་གསལ་བཤད་ཅིག་བྱས་ན། རྗེས་ཕྱོགས་དམངས་གཙོའི་འདེམ་ཕྱོགས་ལ་ཕན་གྱི་རེད་བསམ། དངོས་གནས་མི་བུ་གང་། བོད་ཀྱི་རྩ་དོན་གྱི་སྐུབ་སྟེགས་ཡོད་མཁན་ཞིག་ཡིན་ན་གནས་ཚུལ་ཆེ་ཆུང་ལ་མ་ལྟོས་པར་ཕེབས་དགོས་པའི་བཟོ་འདྲ་རེད་དེ། རང་དོན་གཙོ་ཆེ་བས་ཡིན་གྱི་རེད། །

    Reply
  2. thapkegyatso says:
    ལོ་ 13 སྔོན།

    རྒྱུན་དུ་བསྒྱིངས་ཡོད་ནི་གལ་ལ་ཐུག་དུས་ཡིབ་འགྲོྲོྲོྲོ་བའི་བཀའ་སྤྱི་ཟུར་བ་སུ་སུ་མེད་པ་ཤེས་མཁན་ཡོད་ན།དུས་ལས་མ་ཡོལ་བར་མི་དམངས་ལ་ངོ་སྤྲོད་ཡོང་བའི་རེ་བ་ཡོད།དེ་བཞིན་བྱས་ན་ནི་སྐྱོན་བཙལ་བ་མ་ཡིན་པར་མི་མང་ལ་སྣང་གསལ་བཞིན་དཀར་འོད་གནང་བ་ལགས།

    Reply
  3. བསོད་དགའ། says:
    ལོ་ 13 སྔོན།

    ༡༩༦༠ལོ་ནས་དུས་ད་ལྟ་བར་དུ་བཙན་བྱོལ་ནང་གི་བཀའ་བློན་དང་སྤྱི་འཐུས་ཟུར་བ་དེ་ཚོའི་ནང་དུ་ཕྱི་རྒྱལ་གྱི་མི་སེར་བཟོས་མེད་མཁན་ཧ་ལམ་ཉུང་ཉུང་རེད། ཁོ་ཚོའི་བུ་རབས་ཚ་རྒྱུད་ཚང་མ་སྐྲ་སེར་སྤྲེའུ་རིགས་ཀྱི་ཕྱོགས་ལ་ཐིམ་ཚར་རེད། དེ་ནི་འཐབ་རྩོད་ཅིག་གི་སྒང་ནས་བཤད་ན་མགོ་འདོགས་པ་དང་ཞབས་འདྲེན་པ་རེད། ལྷག་པར་ད་ཆ་བར་བོད་ཟས་བོད་གྱོན་རྗེས་དམིགས་བསལ་ཚོགས་ཆེན་ལ་མི་ཡོང་བ་དེ་ངོ་ཚ་དགོས་པ་ཞིག་རེད། བོད་ནང་ནས་རྒྱ་དམར་འོག་ནས་བོད་མི༥༡་ལྷག་གི་རང་ལུས་མེར་བསྲེགས་ཐུབ་ན།བཙན་བྱོལ་ནས་བཀའ་ཟུར་སྤྱི་ཟུར་དེ་ཚོ་ཚོགས་ཆེན་ཞིག་ཕེབས་རྒྱུའི་འགན་མ་འཁུར་ནས་གཡོ་བ་དེ་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་མི་སྲིད།

    Reply
  4. Lhakpatsering says:
    ལོ་ 13 སྔོན།

    བཀའ་ཟུར་སྐོར་ཞིག་སྐུ་གྲོངས་ཚར་བ་རེད། སྤྱི་ཟུར་སྐོར་ཞིག་སྒོར་མོའི་ནང་ལ་མགོ་འཁོར་ཏེ་བོད་སྤྱི་དོན་བརྗེད་ཚར་བ་རེད། ཨང་དང་ཤོས་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་མི་ཤེས་ལྡན་པ་དང་། ཆབ་སྲིད་ལས་འགུལ་བ་མང་པོ་ཞིག་ཕེབས་མི་འདུག་ཟེར་བ་ཞིག་གོ་སོང་། དེ་ཐབས་སྐྱོ་བོ་ཞེ་དྲག་རེད། གཅིག་བྱས་ན་དམིགས་བསལ་ཚོགས་ཆེན་གྱི་རིན་ཐང་བརླགས་ཚར་བ་ཡིན་རྒྱུ་རེད།

    Reply
  5. ཚེ་རིང་བསོད་ནམས། says:
    ལོ་ 13 སྔོན།

    བཀའ་ཟུར་སྤྱི་ཟུར་གནད་འགག་ཅན་མང་པོ་ཞིག་ཕེབས་མེད་པ་མ་ཟད། ཕྱི་རྒྱལ་ཁག་གི་བོད་མི་ཤེས་ཡོན་ཅན་དང་ལས་འགུལ་བ། ཆབ་སྲིད་པ་སོགས་མང་དག་ཅིག་ཕེབས་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese