མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་ཀྱི་ཁྱད་པར་གླེང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

              ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་ཀྱི་ཁྱད་པར་གླེང་།


ངའི་བསམ་བློ་ཡུན་རིང་བཏང་བ་ལས་ཐོན་པའི་ཞི་བའི་འཐབ་རྩོད་ཀྱི་བསྐོར་ལ། དེ་སྔ་ཡང་བསམ་ཚུལ་ཁ་ཤས་སྤྱི་ཚོགས་ནང་དུ་སྤེལ་མྱོང་ན་ཡང་། དུས་ད་ལྟ་ཡང་བོད་མི་ཆེས་མི་ཉུང་བ་ཞིག་གིས་ངའི་ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་བར་གྱི་ཁྱད་པར་ཤེས་ཀྱི་མེད་པའི་བསམ་ཚུལ་ཡང་ཡང་གོ་རྒྱུ་འདུག་པར་བརྟེན། སླར་ཡང་ངས་འདི་ནས་ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་བར་གྱི་ཁྱད་པར་ངོ་སྤྲོད་ཅིག་བྱས་ན་བསམ་བྱུང་། ཞི་བའི་གོམ་བགྲོད་ནི། ཞི་བའི་འཐབ་རྩོད་ཀྱི་སྡེ་ཚན་བྱེ་བྲག་བ་ཞིག་ཆགས་ཡོད། སྡེ་ཚན་འདི་ལ་ཞུགས་པ་ནི། ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཆ་ཤས་ཤིག་བླངས་པ་མ་གཏོགས། ཞི་བའི་འཐབ་རྩོད་ལ་དངོས་སུ་ཞུགས་མེད་པ་རེད། དཔེར་ན། ངའི་བརྩེ་བའི་མ་ལོ་དང་ནུ་མོ་གཉིས་ལྟ་བུ་རེད། ཁོ་གཉིས་ཞི་བའི་གོམ་བགྲོད་ལ་ཞུགས་པ་ལས་ཞི་བའི་འཐབ་རྩོད་ལ་ཞུགས་མེད་པ་ནི། ཞི་བའི་གོམ་བགྲོད་ལ་བར་ཆད་བྱུང་བ་དང་མཚམས་འཇོག་དགོས་བྱུང་དེ། སྔར་སོང་གཞིར་བཞག་གི་རང་གི་འཚོ་བ་སྒེར་ལ་ཞུགས་ཆོག་པ་དང་ཞུགས་ཀྱི་ཡོད་པ་དེ་ཡིན། ཞི་བའི་གོམ་བགྲོད་པས་གང་ནས་འགོ་བརྩམ་པ་ནས་དེ་ནས། ས་གང་ཞིག་བར་དུ་འགྲོ་དབང་བྱུང་བ་དེ་ཡི་བར་དུ་གོམ་བགྲོད་གནང་རྗེས། བཙན་བྱོལ་ནང་གི་ལས་འགུལ་གཞན་དག་འདྲ་བར་ཕྱི་ནུར་བྱེད་པ་དང་དགོས་དབང་ཡིན་མིན་གང་ལྟར་ཡང་། མཚམས་བཞག་ན་པ་ཆོག་པ་ཡིན། དེ་དང་ཁྱབ་འཇུག་དེ་ལ་དགོས་འདུན་དང་ཞུ་སྐུལ་ཡོད་པ་ལས་དམ་བཅའ་དང་བློས་གཏོང་མེད་ཅེས་བཤད་ཆོག་པ་ཡིན་དུས། ཞི་བའི་གོམ་བགྲོད་ནི་ཞི་བའི་འཐབ་རྩོད་ནང་གི་ལས་འགུལ་ཞིག་ལ་ངོས་འཛིན་པ་ལས། ངའི་བསམ་པ་དང་གླེང་བཞིན་པའི་འཐབ་རྩོད་ཅིག་ཆགས་མེད། ཞི་བའི་གོམ་བགྲོད་ནི་མདོར་ན་དྲིལ་བསྒྲགས་ཤིག་ཆགས་ཡོད་པ་དེ་ཡིན། དྲིལ་བསྒྲགས་ནི་དུས་ཚོད་དང་སྐབས་ལ་བསྟུན་དགོས་ཀྱི་ཡོད་པ་རེད། དེ་བཞིན་དུ་ངས་ཞི་བའི་གོམ་བགྲོད་ནི་ལ་ཞུགས་བློ་ཡོད་མཁན་རྗེས་སོར་ཕེབས་མཁན་རྣམས་ལ་གསལ་བོ་ཞུ་འདོད་པ་ནི། ཞི་བའི་འཐབ་རྩོད་པ་བྱེད་དམ། ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་སུ་གཏོགས་པ། ཞི་བའི་གོམ་བགྲོད་པ་བྱེད། དེ་གཉིས་ཀྱི་འདམ་ག་དང་རང་དབང་སྐྱེ་བོ་སྒེར་སོ་སོ་ལ་ཡོད་པ་ལས། ངས་ནམ་ཡང་དེ་ལ་སྟངས་འཛིན་བྱེད་མི་སྲིད་པ་དེ་ཡིན། མཚམས་འདི་ནས་ཚང་མའི་སེམས་ནང་དུ་ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་པའི་སྐོར་དེ་འདྲ་ཞིག་རེད་འདུག འོ་ན། ཞི་བའི་འཐབ་རྩོད་པ་ག་འདྲ་ཞིག་ཡོད་དམ་སྙམ་གྱི་ཡོད་ངེས་རེད། ཞི་བའི་འཐབ་རྩོད་པ་བྱེད་པར་མེད་དུ་མི་རུང་བའི་དོན་དག་གཉིས་ཡོད། གཅིག དམ་བཅའ་ཡིན། གཉིས་པ། བློས་གཏོང་ཡིན། འདི་གཉིས་མེད་པར་ཞི་བའི་འཐབ་རྩོད་པ་ཞིག་ཡོང་ཐུབ་མེད། དེས་ན་དམ་བཅའ་ཇི་འདྲ་ཞིག་འཇོག་དགོས་མིན་དེ་ལ་ཐུག་ཡོད། དམ་བཅའ་ནི། ཞི་བའི་འཐབ་རྩོད་ལ་ཞུགས་མཁན་སྐྱེ་བོ་སྒེར་རང་ཉིད་ནས་“ངའི་དམ་བཅའ་འཇོག རང་གིས་རང་ལ་དམ་བཅའ་འཇོག བོད་ལ་རང་དབང་དང་ཞི་བདེ་མ་ཐོབ་བར། ༧གོང་ས་མཆོག་ཕྱིར་རང་ཡུལ་ལ་མ་ལོག་པར། བོད་རྒྱ་ཞི་འགྲིག་ཡོང་བའི་ཆེད་དུ། ངས་ཞི་བའི་འཐབ་རྩོད་ཁྲོད་ནས་མ་ཤི་བར་དུ་རང་ནུས་ཡོད་ཚད་ཀྱིས་རང་གི་ལུས་ངག་ཡིད་གསུམ་བོད་མིའི་སྤྱི་དོན་ལས་སྒེར་དོན་མི་བྱེད„ཅེས་བོད་མི་སྒེར་རང་ཉིད་ལ་དྭང་བླང་གི་དམ་བཅའ་བརྟན་པོ་དགོས་པ་དེ་ཡིན། བློས་གཏོང་ནི། ཞི་བའི་འཐབ་རྩོད་ལ་ཞུགས་མཁན་གྱི་སྐྱེ་བོ་རང་ཉིད་ཀྱིས“ཉི་མ་དེ་རིང་ནས། ངའི་ལུས་ངག་ཡིད་གསུམ་བོད་མིའི་རང་དབང་དང་ཞི་བདེ། རྒྱ་བོད་ཞི་འགྲིག ༧གོང་ས་ལྷ་མིའི་རྣམ་འདྲེན་རང་ཡུལ་དུ་ཆིབས་བསུ་ཞུ་ཆེད། ལུས་ངག་ཡིད་གསུམ་པོ་བློས་གཏོང་བྱེད་ཀྱི་ཡིན་ལ། དེ་རིང་ནས་ང་བོད་མི་ས་ཡ་དྲུག་གི་བདེ་སྡུག་གླེང་བ་དང་ཞི་འབོད་ཀྱི་མི་ཞིག་ཡིན་པ་ལས་སྒེར་དོན་གཉེར་མཁན་གྱི་མི་དེ་མི་བྱེད་ཅེས་སེམས་བསམ་པའི་དཀྱིལ་ནས་བློས་གཏོང་གི་བསམ་བློ་དེ་རྙེད་དགོས་པ་མ་ཟད། ཐ་ན་ཚེ་སྲོག་ལ་གཏོར་རྒོལ་བྱེད་མཁན་གྱི་མདུན་དུ་སླེབས་ཀྱང་། རང་ཉིད་ལ་བོད་མི་རིགས་ཀྱི་བདེན་པ་མཐའ་གསལ་བྱེད་པའི་འགན་ཁུར་ཡོད་པའི་ཞི་བའི་འཐབ་རྩོད་པ་ཡིན་པས་ར་སྤྲོད་བྱེད་ཐུབ་མཁན་ཞིག་ཡིན་དགོས་པ་དེ་ཡིན། མདོར་ན་ཞི་བའི་འཐབ་རྩོད་ནི། རང་གི་ལུས་ངག་ཡིད་གསུམ་གྱི་བོད་དོན་བདེན་མཐའ་མ་གསལ་བར་དང་ཡང་ན་རང་ཉིད་མ་ཤི་བར་དུ། ཞི་བའི་འཐབ་རྩོད་བྱེད་རྒྱུ་དེ་ཡིན། མཐའ་དོན། ངའི་ཞི་བའི་འཐབ་རྩོད་ཀྱི་གྲུབ་འབྲས་སོན་མིན་དེ་ནི། སྤྱིར་བཏང་གི་ཕལ་བའི་མི་ང་གཅིག་པུའི་གྲུབ་ཐུབ་པ་ཞིག་ཡིན་པར་ངས་ནམ་ཡང་གླེང་མེད་ལ། དེ་ལྟར་འོང་བ་ཞིག་ཀྱང་ཆགས་མེད། ཡིན་ཡང་། ངས་རང་ཉིད་བོད་ལ་སྐྱེས་པའི་བོད་མི་དཀྱུས་མ་ཞིག་གི་ཐེགས་ཚད་ཀྱི་འགན་འཁྲི་འདི་འཁུར་ཡོད་ཅེས་པ་མཉམ་དུ་ངས་གང་བཤད་པ་ལས་ངས་གང་ཞིག་བྱེད་པའི་འགུལ་བསྐྱོད་ལ་ཞིབ་དུ་བརྟག་པར་འཚལ།། ༢༠༡༢/༨/༢༥ཉིན་བལ་ཡུ་བཙོན་ཁང་ནས།        དྲུང་ཡིག་དོན་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese