མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་གི་རེ་འདོད་དང་ལངས་ཕྱོགས་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

དབུ་མའི་ལམ་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ལྟ་བ་རེད་དམ། བོད་མི་མང་གི་རེ་འདོད་དང་ལངས་ཕྱོགས་རེད།

ངས་དབུ་མའི་ལམ་ཞེས་པའི་ལངས་ཕྱོགས་འདིའི་ཐད་དུ། ཡུན་རིང་བོར་བསམ་བློ་གཏོང་ཁུལ་དང་བརྟག་དཔྱད་བྱེད་ཁུལ་བྱས་པ་ཡིན། ང་ལ་དོགས་པ་ཞིག་རང་བཞིན་གྱིས་སྐྱེ་ནས་འོང་བ་ནི། དབུ་མའི་ལམ་འདི། ༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ལྟ་བ་ཞིག་ཡིན་ནམ། བོད་མི་མང་གི་འཐབ་རྩོད་ཀྱི་ལངས་ཕྱོགས་དང་རེ་འདོད་ཅིག་ཡིན་མིན་དེ་གཉིས་རེད། གལ་སྲིད། ༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ལྟ་བ་དང་དགོངས་ཚུལ་གཅིག་པུ་ཞིག་ཆགས་ཡོད་ཚེ། དེ་ཡི་བདག་དབང་ཡོངས་རྫོགས་དང་འགན་འཁུར་༧རྒྱལ་བ་རིན་ཆེ་སྐུ་སྒེར་ལ་ཡོད་སྟབས། ༧རྒྱལ་བ་རིན་ཆེ་ཚང་གི་དབུ་ཁྲིད་པའི་རང་གི་གཞུང་དེ་ཡི་ལངས་ཕྱོགས་དང་ལྟ་ཚུལ་ལྟ་བུར་ངོས་བཟུང་དེ། རྒྱལ་བ་རིན་པོ་ཆེ་ཡིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མཚམས་བཞག་ཉིན་དེ་ནས་མཚམས་འཇོག་དགོས་པ་ཞིག་ཆགས་ཀྱི་ཡོད་པ་ཡིན། དེ་ལྟར་མ་ཡིན་པར་དེ་ནི་བོད་མི་མང་གི་འཐབ་རྩོད་ཀྱི་ལངས་ཕྱོགས་དང་རེ་འདོད་གཉིས་ཀ་ཆགས་ཚེ་༧རྒྱལ་བ་རིན་པོ་ཆེ་ཚང་གི་ཆབ་སྲིད་ཐུགས་འགན་བཞེས་མིན་ལ་མ་ལྟོས་པར་བོད་མི་མང་གིས་ལངས་ཕྱོགས་དང་རེ་འདོད་དེར་བརྟན་པོ་དང་ཁ་གསལ་བོ། དྲང་པོ་དྲང་བཞག འཐབ་རྩོད་ཀྱི་ནུས་ཤུགས་གོང་མཐོར་གཏོང་དགོས་ཀྱི་ཡོད་པ་རེད། ད་ལྟའི་ཆར་བཙན་བྱོལ་བོད་མི་གཙོ་བའི་བོད་མི་ཆེས་མི་ཉུང་བ་ཞིག་གིས་མངོན་ལྐོག་གང་རུང་ནས་༧གོང་ས་མཆོག་སྐུ་སྒེར་གྱི་དགོངས་ཚུལ་དང་ལྟ་བ་ལངས་ཕྱོགས་ཤིག་ལ་ངོས་འཛིན་བྱེད་མཁན་ནི་ཉིན་རེ་ལས་ཇེ་མང་དུ་འགྲོ་བ་མཐོང་ཐོས་བྱུང་རྒྱུ་ཡོད་པ་དེ་ནི། བོད་མི་མང་གི་བདེན་པའི་འཐབ་རྩོད་ཀྱི་ནུས་ཤུགས་ཆུང་དུ་གཏོང་བ་དང་ནུས་མེད་ཅན་དུ་བསྒྱུར་བའི་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་རེད། དབུ་མའི་ལམ་གྱི་མཐར་ཐུག་གི་མངོན་འདོད་ནི་ཀྲུང་གོ་མི་མང་སྤྱི་ཚོགས་རང་ལུགས་ཀྱི་སྒྲོམ་གཞིའི་ནང་ལོགས་ཀྱི་ཆེས་མཐོའི་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་ཐོབ་པར་བརྩོན་ལེན་བྱེད་རྒྱུ་དེ་ཆགས་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་མངོན་འདོད་དེ་ཁས་ལེན་བྱས་པ་ཡིན་ན། བོད་མི་རྣམས་ཀྲུང་གོའི་རྒྱལ་དར་འོག་གིི་རང་སྲིད་རང་སྐྱོང་ཡིན་པའི་མངའ་སྡེ་གསར་བ་ཞིག་གི་ངོ་བོར་གནས་རྒྱུ་ཁས་ལེན་གནང་གི་ཡོད་པ་དེ་ཡིན། དེ་ལྟར་ཁས་ལེན་བྱེད་པར་གྲལ་སྒྲིག་བྱེད་མཁན་གྱི་བོད་མི་གང་ན་སུ་ཡོད་པ་དག་གིས། སྐད་ཆ་བཤད་སྟངས་དང་བསམ་བློ་གཏོང་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། སྐད་ཆ་བཤད་ཕྱོགས་ནི་ང་ཚོའི་དགྲ་རྒྱ་མི་ཡིན་ཟེར་བ་དང་། ང་ཚོ་རྒྱ་ནག་མི་མང་དང་མཉམ་དུ་གནས་ཐབས་མེད་སྙམ་པའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་མ་བཏང་ཐབས་མེད་ཆགས་ཡོད། སྔ་ཕྱི་བར་གསུམ་དུ་བོད་མི་མང་གིས་བདེན་པའི་འཐབ་རྩོད་བྱེད་སའི་ཁ་གཏད་ནི། ཀྲུང་གོའི་སྲིད་གཞུང་གི་གཡོ་ཐལ་ཆེ་བའི་སྲིད་ཇུས་དང་འདྲ་མཉམ་མི་བྱེད་པའི་ལངས་ཕྱོགས་དེ་ཡིན་པ་ལས། རྒྱ་ནག་མི་མང་དུང་ཕྱུར་བཅོ་ལྔ་མ་ཡིན་པ་སེམས་དང་ཁ་མཐུན་པ་བྱས་ཏེ། ལས་འགུལ་དང་གཏམ་བཤད་གང་ཞིག་སྤེལ་སྐབས་ཀྱང་ཁ་གསལ་བོ་བཟོ་དགོས་པ་དང་རྒྱ་ནག་མི་མང་ལ་ཕོག་ཐུག་མ་ཤོར་བ་བྱེད་རྒྱུ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཆགས་ཡོད་པ་རེད། དཔེར་ན། རྒྱ་མི་གཅིག་གི་བོད་དོན་དུ་བདེན་པ་བརྗོད་པ་དང་བོད་མི་བརྒྱ་ཡིས་བོད་དོན་གླེང་བ་ལས། རྒྱ་ནག་གི་མི་གཅིག་གིས་བོད་མིའི་སྐྱིད་སྡུག་འཛམ་གླིང་ལ་སྒྲོག་པ་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་ལྟ་བུ་ཡིན། གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་ཀྱང་། མི་མང་ལ་འཐབ་རྩོད་ཀྱི་ལངས་ཕྱོགས་དང་རེ་འདོད་གོ་བརྡ་འཕྲོད་པ་ཞིག་ཁ་ལག་གཉིས་ཀྱིས་གནང་དགོས་པ་དེ་ནི་ཆེས་མེད་དུ་མི་རུང་བའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཆགས་ཡོད། ༧རྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་སློབ་གང་གནང་བ། བོད་མི་གཙོ་བའི་འཛམ་གླིང་མི་མང་ལ། སྔ་ཕྱི་བར་གསུམ་དུ་ཕྱི་གསལ་ནང་གསལ་མཛད་དེ་གསུང་ཡོད་ཀྱང་། བོད་མི་རྣམས་ཀྱིས་(བོད་མི་ཚང་མ་འདིའི་ནང་དུ་མི་འདུ)ལངས་ཕྱོགས་དང་འཐབ་རྩོད་བྱེད་ཕྱོགས། བསམ་བློ་གཏོང་ཕྱོགས་དང་སྐད་ཆ་བཤད་ཕྱོགས་ལ་ཏན་ཏན་ནོར་འཁྲུལ་ཚབ་ཆེན་ཤོར་གྱི་མེད་འགྲོ་བསམ་གྱི་འདུག གལ་སྲིད། དབུ་མའི་ལམ་འདི་བོད་མི་མང་བརྒྱ་ཆ་དྲུག་ཅུའི་ལས་བརྒལ་བའི་ལངས་ཕྱོགས་དང་རེ་འདོད་ངོ་མ་ཆགས་ཀྱི་ཡོད་ཚེ། ཀྲུང་གོའི་རྒྱལ་དར་འཕྱར་ནས་རང་སྲིད་རང་སྐྱོང་གི་ཐོབ་ཐང་བརྩད་ཀྱང་རྒྱུ་མཚན་གང་དུའང་འགལ་མེད་ངེས་རེད། དེ་ལྟར་མ་ཡིན་པར། དབུ་མའི་ལམ་གྱི་འཐབ་རྩོད་འདི་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དགོངས་ཚུལ་དང་ལངས་ཕྱོགས་ཤིག་ཡིན་ཚེ། བོད་མི་མང་གིས་རང་གི་འཐབ་རྩོད་ཀྱི་ལངས་ཕྱོགས་དང་རེ་འདོད་ཁ་གསལ་བོ་དང་མངོན་གསལ་དོད་པོའི་སྒོ་ནས་གླེང་རྒྱུ་དང་འཐབ་རྩོད་བྱེད་རྒྱུ་ནི་གལ་ཆེན་ཡིན་ལ། ༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སུ་གསལ་བོ་བཟོས་ན་ཡག་པ་ལས། ནམ་ཞིག་༧རྒྱལ་བ་རིན་པོ་ཆེ་མེད་དུས་སུ། ལེ་འདེལ་བྱེད་རྒྱུ་བྱུང་ན་ཧ་ལས་པའི་ཐབས་སྐྱོ་བོ་དང་། ཕྱིས་སུ་ང་ཚོས་དེ་འདྲ་བསམ་མེད་ཀྱང་། ང་ཚོའི་བླ་མའི་བཀའ་གསུང་ལ་གྱེན་ལོག་བྱེད་མ་ཐུབ་པ་འདྲ་བོ། དེ་འདྲ་བཤད་པ་དང་དྲན་ནས་གླེང་ཕྱོགས་བཟོས་ན་ནི། བོད་མི་རིགས་ཀྱི་འཐབ་རྩོད་ལངས་ཕྱོགས་ཁྲོད་ཀྱི་ངོ་ཚ་དང་བོད་མི་རིགས་ཀྱི་རྐང་འདྲེན་དུ་གྱུར་བ་རེད། བོད་མི་རྣམས་ཀྱིས་གསལ་བོ་ཤེས་དགོས་པ་ཞིག་ནི། བོད་མིའི་འཐབ་རྩོད་བྱེད་ཕྱོགས་དང་བླ་མར་དད་གུས་བྱེད་ཕྱོགས་ལོགས་ཀ་ཡིན་དུས། གཅིག་ཏུ་མ་བསྲེས་པ་ཞིག་དགོས་ཀྱི་ཡོད། དབུ་མའི་ལམ་ལ་དངོས་ནས་བོད་མི་མང་གི་མངོན་འདོད་དང་ལངས་ཕྱོགས། རེ་འདོད་བཅས་བཟུང་ཡོད་ཚེ། བོད་མི་རྣམས་གང་དུ་གནས་ཤིང་འཚོ་བའི་རྒྱལ་ཁབ་དང་ཡུལ་གྲུ་དེ་ནས། དབུ་མའི་ལམ་དང་མཐུན་པའི་འཐབ་རྩོད་དང་གཏམ་གླེང་། འབྲེལ་འདྲིས་བྱེད་ས་གཙོ་བོ་ནི་རྒྱ་རིགས་ཤེས་ཡོན་པ་དང་རྒྱ་རིགས་མི་མང་ཆགས་ཡོད་ལ། བོད་ཀྱི་གནད་དོན་ནི་ཀྲུང་གོའི་སྲིད་གཞུང་གིས་བསྒྲགས་པ་ལྟ་བུ་ཞིག་མ་ཡིན་པར། མི་རིགས་འདྲ་མཉམ་གྱི་ཁེ་དབང་འཐབ་རྩོད་ཅིག་དང་བོད་མི་རིགས་ཀྱི་ཆོས་ལུགས། སྲོལ་རྒྱུན་ལེགས་བྱུང་། སྐད་དང་ཡི་གེ་དར་སྤེལ་བྱེད་ཆོག་པ་བཅས་ཀྱི་འགྲོ་བ་མིའི་བདག་དབང་བདག་ཐོབ་ཀྱི་རྩོད་ལེན་ཞིག་ཡིན་པ་ངོ་སྤྲོད་དང་སྦྲགས། བོད་མི་རིགས་ཀྱི་འཐབ་རྩོད་ནི་ཁ་ཞེ་གཉིས་མེད་ཀྱིས་འཚེ་བ་མེད་པ་དང་མི་རིགས་གཞན་ཕམ་པར་རྒྱག་འདོད་ཀྱི་སྒེར་སེམས་ཁོ་ནའི་འཐབ་རྩོད་ཅིག་མ་ཡིན་པར། འགྲོ་བ་མིའི་རིགས་ལྷན་སྐྱེས་ཀྱི་ཐོབ་ཐང་དང་འགྲོ་བ་མི་རྣམས་སྤུན་ཟླ་ལྟ་བུའི་འདུ་ཤེས་ཀྱི་ཕྱུག་པའི་རླབས་ཆེ་བའི་ཞི་བའི་འཐབ་རྩོད་ཅིག་ཡིན་པ་ཤེས་སུ་འཇུག་དགོས། དེ་ལྟར་བྱེད་མ་ཐུབ་པར། དབུ་མའི་ལམ་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་དང་དགོངས་ཚུལ། ༧གོང་ས་མཆོག་གི་སྐུ་སྒེར་གྱི་ལྟ་གྲུབ་ལྟ་བུར་འདོད་ཡོད་ཚེ། མངོན་ལྐོག་མེད་པར་མདུན་ལ་ཐོན་འོང་ནས། “ངས་བོད་མི་རིགས་ཀྱི་འཐབ་རྩོད་ལ་བཟུང་བའི་རྣམ་འགྱུར་དང་ལངས་ཕྱོགས་འདི་ཡིན”སྐད་གསེང་མཐོན་པོའི་སྒོ་ནས་བསམ་གླེང་སྤྱོད་གསུམ་ལ་བརྩོན་དང་ཨ་མའི་བུ་དང་། གངས་ཅན་བོད་ལ་ཤ་ཚ་བ་དང་སྙིང་ཉེ་བ་ཡིན། དེ་མིན་བདག་པོ་མེད་པའི་རླུང་ནང་གི་སྐད་ཆ་དེ་དག་གང་སར་མ་སྟོར་བར་བོད་མིའི་ཆིག་སྒྲིལ་མཉམ་གནས་ཀྱི་འཐབ་རྩོད་ལ། རྒྱུ་དངོས་སྦྱོར་གསུམ་གང་ཞིག་གཏོང་འཕོད་ཀྱི་ཡོད་ན། རང་ཉིད་བོད་ལ་སྐྱེ་བའི་འགན་འཁྲུ་དང་འགྲོ་བ་མི་ལ་སྐྱེ་བའི་འདྲ་མཉམ་གྱི་འདུ་ཤེས་གཙང་མ་དེ་ཉིད། བདེན་པའི་དྲུང་ནས་མ་བརླག་པ་གནོངས། ཟུར་གནོན། ༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་བར་གྱི་འབྲེལ་བ་དངོས་ནས་གང་ཡིན་ནམ་ཞེས་པའི་དྲི་བ་འདིར་བོད་མི་རྣམས་ཀྱིས་ལན་ཡག་པོ་ཞིག་འདེབས་རན་རེད། ངའི་བསམ་ན་དྲི་བ་གཉིས་ལས་མེད། གཅིག་ནི་བླ་སློབ་ཀྱི་འབྲེལ་བ་རེད། དེ་ལྟར་ཁས་ལེན་མཁན་རྣམས་ཀྱིས་“བླ་མའི་ཅི་གསུང་ཆོས་”ཟེར་བའི་དོན་དག་ཤེས་ངེས་རེད། གཉིས་པ་དེ་ནི། དཔོན་འབངས་ཀྱི་འབྲེལ་བ་རེད། དེ་ལྟར་འདོད་མཁན་དག་གིས་“རྒྱལ་བའི་བཀའ་ལ་ལན་གཅིག་”ཟེར་བའི་ནང་དོན་ལ་བསམ་བློ་གཏོང་རན་རེད། ལྷག་པར་ཏུ་དབུ་མའི་ལམ་ནི། ༧རྒྱལ་བ་རིན་པོ་ཆེས་སྐུ་ཚེ་གང་བོར་དཀའ་ལས་བརྒྱབས། བརྟག་དཔྱད་རབ་དང་རིམ་པ་བྱས་པ་ལས་འཁྲུངས་པའི་རླབས་ཆེ་བའི་མི་རིགས་ཤིག་གི་ཆེད། རྩལ་དུ་བཏོན་གནང་བའི་འཐབ་རྩོད་བྱེད་ཐབས་ཤིག་ཆགས་ཡོད་པ་མ་ཟད། མི་རིགས་སུས་རྒྱབ་སྐྱོར་བྱས་ཀྱང་བྱེད་བདེ་བ། རྒྱལ་ཁབ་སུས་བལྟས་ཀྱང་འགྲོ་བ་མིའི་འདྲ་མཉམ་གྱི་བདག་དབང་ཞིག་ཆགས་ཡོད་པ་དང་། མི་རིགས་སུ་དང་རྒྱལ་ཁབ་དེ་ཡི་དབུ་ཁྲིད་སུས་རྒྱབ་སྐྱོར་དང་སྐད་ཆ་བཤད་དགོས་བྱུང་ན་བཤད་བདེ་བ་དང་དོན་སྙིང་ལྡན་ཞིང་རླབས་ཆེ་བ། མི་རིགས་སུའི་བདེ་སྡུག་ལ་འཕོག་ཐུག་བཟོ་མི་དགོས་པའི་སྲིད་ན་དཀོན་པའི་འཚེ་མེད་ཞི་བའི་འཐབ་རྩོད་དང་ཞི་བའི་སྙིང་སྟོབས་ཤུགས་ཤིག་ཆགས་ཡོད་པ་དེ་ཡིན། འོན་ཀྱང་། དུས་རྒྱུན་བོད་མིའི་བཤད་སྲོལ་ལ། “ལྷ་ཡོད་སར་འདྲེ་ཡོད་”ཅེས་པ་ལྟར། མ་བརྟག་མ་དཔྱད་པར་གཡམ་རྒྱུགས་བྱེད་པར་དགའ་མཁན་དག་ལ་མཚོན་ན། “ཁ་ཚོད་ཡོད་ཀྱི་ནང་ནས་ཚིག་ཚོད་མེད་”ཡོང་རྒྱུར་ངོ་ཚ་མེད་པའི་བྱེད་སྟངས་དེ་ནི་རླུང་ནང་གི་འུར་ལྟ་བུ་ཡིན་པ་བསམ་ཡོད། ཀུན་གྱིས་ཤེས་གསལ་ཡིན་དུས། རིགས་དེ་ཡི་སྐད་ཆ་ལ་བདག་པོ་རྒྱག་རན་མེད་པ་ཤེས་གསལ་ཆགས་ཡོད་ཀྱང་། དཀྲོགས་གཏམ་ལ་དགའ་བའི་མི་དེ་ཡི་རིགས་ཀྱི་གཏམ་ལ་རིན་ཐང་མེད་པར་གད་སྙིགས་ཁྲོད་གཡུགས་རྒྱུ་བརྗེད་མི་རུང་ངོ་ཞེས་སྐུལ་ལྕགས་བྱེད་འདོད་བྱུང་། མཐའ་དོན། མི་རིགས་སུ་འདྲ་ཞིག་ཡིན་ཡང་། རང་གི་མི་རིགས་ཀྱི་རིག་གཞུང་། སྐད་དང་ཡི་གེ ཡ་རབས་གོམ་གཤིས་དང་སྲོལ་རྒྱུན་ལེགས་བྱང་ལ་དགའ་བ་ནི་ནོར་འཁྲུལ་གཏན་ནས་མིན་ལ། དེ་ཡི་ཆེད་འབད་འབུངས་ལྷོད་མེད་བྱེད་པ་ནི་མི་རིགས་དེར་སྐྱེ་བའི་འགན་འཁྲི་ཆགས་ཡོད་སྟབས། ངས་ཀྱང་རང་མི་རིགས་ཀྱི་འགན་འཁྲི་ཐེགས་ཚད་ཅིག་ཕྲག་པར་བླངས་པ་དེར་དགེ་མཚན་ལས་ནོར་འཁྲུལ་གཏན་ནས་ཤོར་མེད་པར་སྤོབས་པ་དང་རེ་འདོད་མ་བརླག་པའི་སྒོ་ནས་སེམས་ཀྱི་སྟོབས་དང་བཅས་ངོས་འཛིན་བྱེད་ཀྱི་ཡོད།།           དྲུང་ཡིག་དོན་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༤ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༤ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

༢༠༢༦/༠༥/༡༤
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 1

  1. TashiGonpo says:
    ལོ་ 14 སྔོན།

    མིག་འདེད་ཙམ་བྱས་པ་ཡིན།
    ལོངས་ཕྱོགས་མ་ཟེར། ལངས་ཕྱོགས་གསུངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese