ཁ་སང་བོད་མདོ་སྨད་མཚོ་ལྷོ་ཁུལ་འབའ་རྫོང་དུ། སྐྱ་སེར་བོད་མི་ ༢༠ ཙམ་གྱིས་ཞི་བའི་ངོ་རྒོལ་གོམ་བགྲོད་བྱས་འདུག
ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་བོད་ནང་ཆུ་ཚོད་ ༧ སྐར་མ་ ༣༠ ཡས་མས་ཙམ་ལ། བོད་མདོ་སྨད་མཚོ་ལྷོ་ཁུལ་འབའ་རྫོང་གི་དཀར་མོ་དགོན་པའི་གྲྭ་བ་དང་ས་གནས་མང་ཚོགས་ ༢༠ ལྷག་གིས། ལག་ཏུ་ངོ་རྒོལ་འབོད་ཚིག་གི་འཕྲེད་དར་འཕྱར་བ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་པ། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་སྐྱོར་འདོན་སོགས་བྱེད་བཞིན། དཀར་མོ་དགོན་པ་ནས་ལམ་ཐག་སྤྱི་ལེ་ ༤༠ ཙམ་ཡོད་པའི་ཐང་རྒན་ཞང་བར་དུ་ཞི་བའི་ངོ་རྒོལ་གོམ་བགྲོད་བྱས་ཡོད་འདུག
རྒྱ་གར་དུ་གནས་སྡོད་གྲྭ་བསམ་གཏན་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གོམ་བགྲོད་གནང་མཁན་བོད་མི་དེ་དག་ཐང་རྒན་ཞང་དུ་འབྱོར་མ་ཐག ས་གནས་ཞང་གི་ཉེན་རྟོག་པ་དང་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་འཕྲེད་དར་བཙན་འཕྲོག་བྱས་ཤིང་། གོམ་བགྲོད་ལས་འགུལ་བ་རྣམས་འཇུ་བཟུང་བཀག་ཉར་བྱས་ཡོད་ཀྱང་། རྗེས་སུ་ས་གནས་མང་ཚོགས་ཀྱིས་ཞུ་འབོད་ཤུགས་དྲགས་པོ་བྱས་པར་བརྟེན་ནས་ཁོང་ཚོ་གློད་དགོས་བྱུང་ཡོད་འདུག ད་ལྟའི་ཆར་བསྐྱར་དུ་འཇུ་བཟུང་བཙན་ཁྲིད་ཀྱི་གནས་ཚུལ་བྱུང་མེད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
རང་གི་ཚེ་སྲོག་ལ་མ་འཛེམས་པའི་དཔའ་བོ་ཁྱེད་ཚོ་ནམ་ཡང་བོད་ཀྱི་བླ་སྲོག་ཡིན།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། ། དངོས་གནས་ཚིག་འདིས་ལུང་བསྟན་བརྒྱབ་ཤག་ཡ་ད་སེམས་པ་སྐྱོ་བ་ལ་ངས་སྤུན་གྲོགས་རྣམས་འབྲལ་བཞིན་འདུག་ཨ་ཙི་དཀོན་མཆོག་མཁྱེན།།།།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །