མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་མཛོད་དགེ་རུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དགོང་མོ་བོད་མདོ་སྨད་ཀན་ལྷོ་མཛོད་དགེ་རུ་རྒྱལ་གཅེས་དཔའ་བོ་བན་དེ་མཁར་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་འདུག

ཁ་སང་དགོང་མོའི་བོད་ནང་གི་ཆུ་ཚོད་ ༧ ཡས་མས་སུ།  བོད་མདོ་སྨད་ཀན་ལྷོ་ཁུལ་མཛོད་དགེ་ཡར་ཀི་སོག་སྡེ་ཡི་རང་ལོ་ ༢༡ ཡིན་རྒྱལ་གཅེས་དཔའ་བོ་བན་དེ་མཁར་ལགས་ཀྱིས།  གཙོད་གྲོང་ཁྱེར་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག

བྱམས་པ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་ཕ་ཡུལ་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་པའི་གཙོད་གྲོང་ཁྱེར་དུ་སོང་སྟེ། ” ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་ཀློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་ལ་རང་དབང་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས” ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་ཡོད་འདུག  

རྒྱལ་གཅེས་དཔའ་བོ་ཁོང་ནི་རྒྱ་གཞུང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་སུ་ཆ་བགོས་བྱས་ཡོད་པའི་མདོ་སྨད་མཛོད་དགེ་ཤོག་པ་ལྔའི་ནང་ཚན་རྐང་ཚའི་ཡར་ཀི་སོག་སྡེ་ནས་ཡིན་པ་དང་།  ཁོང་གི་ཕའི་མིང་ལ་ཚེ་རིང་ཐར་དང་མའི་མིང་ལ་ཀུན་བཟང་སྒྲོལ་མ། ཁོང་ལ་སྤུན་མཆེད་གཉིས་ཡོད་པའི་ཆེ་བའི་མིང་ལ་བྱམས་པ་དང་ཆུང་བའི་མིང་སངས་རྒྱས་དོན་འགྲུབ་ཟེར་གྱི་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱལ་གཅེས་དཔའ་བོ་ཁོང་གི་རང་ཁྱིམ་དུ་ཡུལ་ལུང་དགོན་སྡེ་ཁག་ནས་འདས་མཆོད་བསྔོ་སྨོན་བྱེད་བཞིན་པ་ཡོད་པ་དང་། ད་ལྟའི་ཆར་རྒྱ་དམག་གིས་དམ་དྲག་གི་དབང་གིས་ཞིབ་ཕྲའི་གནས་ཚུལ་ཤེས་ཁག་པོ་ཆགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༦ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༧ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 6

  1. ལྷོ་ཕྱོགས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁོང་རྣམས་ཀྱིས་སྐུ་ལུས་དང་སྐུ་སྲོག་མཐའ་དག་བོད་མི་རིགས་འདིའི་བདེ་སྡུག་གི་ཆེད་དུ་མེར་རུ་འཕུལ་བ་འདིར་ང་ཚོས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལ་ངོས་འཛིན་གནང་ན་མི་རུང་། ཚང་མས་སེམས་ཚོར་དང་སྙིང་སྟོབས་ཆེ་རུ་བསྐྱེད་དགོས་ལ། ང་ཚོས་ངེས་པར་ཏུ་ཁོང་རྣམ་པས་རླབས་ཆེན་གྱི་བློས་བཏང་གནང་བ་དེ་འཇམ་ཡལ་དུ་མ་སོང་བ་འབུར་དུ་ཐོན་པའི་གྲུབ་འབྲས་ཤིག་ལ་ཡོང་ཐབས་སུ་འབུངས་དགོས།

    Reply
  2. ལྗང་སྨྱུག says:
    ལོ་ 13 སྔོན།

    སྤྱི་ཚེས་ ༢༨ ཉིན་གྱི་དགོང་མོ་རེད་བས། སྤྱིར་བཏང་དུས་བབ་ཚང་གིས་ཟླ་དུས་ཚེ་གྲངས་འགོད་རྒྱུར་ཐུགས་བརྗེད་མ་ཤོར་བ་ཤིན་ཏུ་གལ། ཐུགས་རྗེ་ཆེ་གནས་ཚུལ་དུས་ཐོག་ཏུ་བཀོད་པར།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སླར་ཡང་དལ་བའི་རྟེན་བཟང་མི་ལུས་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།

    Reply
  4. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    ཨོཾ་མ་ཎྀ་པདྨེ་ཧཱུཾ། ཨོཾ་མ་ཎྀ་པདྨེ་ཧཱུཾ། ཨོཾ་མ་ཎྀ་པདྨེ་ཧཱུཾ། ངས་ཀྱང་རྒྱལ་གཅེས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད།།

    Reply
  5. བསམ་འགྲུབ་ཚེ་རིང་། says:
    ལོ་ 13 སྔོན།

    སྔོན་ཆད་མེར་སྲེག་གི་གསར་འགྱུར་གཅིག་རེ་གཉིས་རེ་སླེབས་ཡོང་སྐབས། ཚོར་བས་དེད་ཡོང་སྟེ་སེམས་ལ་སྐད་ཆ་བཤད་རྒྱུ་རྫོགས་མེད་རེ་ཡོད་མོད། ཁ་སང་དེ་རིང་མེར་སྲེག་གཏོང་མཁན་ཉིན་ལྟར་ཐོན་ཡོང་དུས་ད་ནི་ཅི་ཞིག་བཤད་དགོས་པ་དང་ཇི་ལྟར་བཤད་དགོས་པའང་ཤེས་ཀྱི་མི་འདུག་ལ། ཐ་ན་སོ་སོའི་སེམས་ལ་ཚོར་བ་ཡང་ཁ་གསལ་བོ་ཞིག་མི་འདུག

    Reply
  6. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 13 སྔོན།

    ཨོཾ་མ་ཎྀ་པདྨེ་ཧཱུཾ། རྒྱལ་གཅེས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese