མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགྱུར་བརྒྱུད་ལམ་ཐོག་སྟངས་འཛིན་བྱ་དགོས་ཀྱི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་དབྱིན་ཇིའི་ཁྲིམས་དཔོན་ལཱེ་ཝེ་སན་གྱིས་བརྒྱུད་ལམ་ཉམས་ཞིབ་སྙན་ཐོ་ཞིག་ཁྱབ་བསྒྲགས་བྱས་ཏེ། མ་འོངས་པར་དབྱིན་ཡུལ་ནང་གི་གསར་ལམ་ཐོག་ཁྲིམས་གཞི་གསར་པ་གཏན་འབེབས་དང་། བརྒྱུད་ལམ་ལ་ལྟ་རྟོག་དང་ཁྲིམས་གཞི་ལག་བསྟར་བྱེད་མཁན་གྱི་སྒྲིག་འཛུགས་གསར་འཛུགས་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་དབྱིན་ཇིའི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་སྐུ་ཞབས་ལཱེ་ཝེ་སན་(Lord Justice Leveson)ལགས་ཀྱིས་འདས་པའི་ཟླ་ངོ་ ༡༦ རིང་རིང་དབྱིན་ཡུལ་ནང་གི་གསར་འགྱུར་བརྒྱུད་ལམ་ཐོག་ཞིབ་འཇུག་བྱས་པའི་ལཱེ་ཝེ་སན་སྙན་ཐོ་(Leveson report)ཞེས་པ། ཤོག་གྲངས་ ༢༠༠༠ ཅན་ཞིག་དབྱིན་ཇིའི་སྲིད་བློན་ལ་ཕུལ་བ་དང་སྦྲགས་ཡོངས་ཁྱབ་ཐོག་ཕྱིར་བསྒྲགས་གནང་ཡོད་འདུག གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་གིས་ཐད་གཏོང་བྱས་ཡོད་པ་མ་ཟད། གནས་ཚུལ་དེ་ཐོན་རྗེས་སྨྲ་བརྗོད་རང་དབང་དང་ཁྲིམས་གཞི་བཀག་སྡོམ་བར་གྱི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད།

སྙན་ཐོ་དེའི་ཚན་པ་དང་པོའི་ནང་དབྱིན་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་གྱི་གནས་སྟངས་དང་། གསར་འགོད་ལས་དོན་གཉེར་ཕྱོགས། གསར་འགོད་པའི་ཀུན་སྤྱོད་སོགས་ལ་ཞིབ་འཇུག་བྱས་ཏེ། དོན་རྐྱེན་རིགས་ཀྱི་ཐད་གསར་འགྱུར་བརྒྱུད་ལམ་ཁག་དང་གསར་འགོད་པ་ཚོས་གནས་ཚུལ་རྫུན་བཟོ་དང་། ནོར་འཁྲུལ་ཅན་སྤེལ་ཏེ་སྤྱི་ཚོགས་ནང་ལ་བརྡབ་གསིག་བཏང་པ་དངོས་སུ་མཐོང་ཐོས་ཡོད་མཁན་མི་ ༣༣༧ ཙམ་གྱི་བདེན་དཔང་སྐད་ཆ་ལུང་འདྲེན་དང་། མི་ ༢༩༧ ཙམ་གྱི་སྙན་ཞུའི་ཡིག་ཆ་བཅས་བསྡུ་བསྒྲིགས་གནང་ཡོད་འདུག  

ཚན་པ་གཉིས་པའི་ནང་། གསར་ཁང་ངམ་གསར་འགོད་པ་རེ་ཟུང་དང་ཉེན་རྟོག་པ་ངན་པ་ལག་འབྲེལ་བྱས་པ་དང་། གསར་ཁང་ངམ་གསར་འགོད་པ་དང་ཆབ་སྲིད་མི་སྣ་ངན་པ་ལག་འབྲེལ་བྱས་པ། གསར་ཁང་ངམ་གསར་འགོད་པ་དང་མང་ཚོགས་བར་གྱི་འབྲེལ་བ་བཅས་སྡེ་ཚན་གསུམ་དུ་བཀར་ཏེ། མ་འོངས་པར་གསར་ཁང་ངམ་གསར་འགོད་པ་དང་སྡེ་ཚན་དེ་དག་བར་གྱི་འབྲེལ་བར་སྟངས་འཛིན་བྱེད་པའི་ཁྲིམས་གཞི་གསར་བཟོ་དང་། བརྒྱུད་ལམ་ཐོག་ལྟ་རྟོག་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་པའི་དགོངས་འཆར་བཏོན་ཡོད་འདུག

སྙན་ཐོ་དེ་ཕྱིར་བསྒྲགས་སྐབས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ལཱེ་ཝེ་སན་ལགས་ཀྱིས། དམངས་གཙོའི་རྒྱལ་ཁབ་རྙིང་ཤོས་དབྱིན་ཡུལ་ལྟ་བུར་མཚོན་ན། སྨྲ་བརྗོད་རང་དབང་ལ་ཧ་ཅང་གཙིགས་ཆེན་བྱེད་ཀྱི་ཡོད་པ་ལྟར། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་གྱིས་དམངས་གཙོ་ལག་བསྟར་དང་སྤྱི་ཚོགས་ལ་གོ་རྟོགས་སྤེལ་བ། ལྐོག་ཟ་རུལ་སུངས་བྱེད་མཁན་དང་། ཆབ་སྲིད་པ་དང་གཞུང་འཛིན་མི་སྣར་ཐེར་འཐོན་སོགས་ལས་དོན་རླབས་ཆེན་གཉེར་གྱི་ཡོད་པ་དང་། ཁོང་རང་ཉིད་ལོ་ ༣༠ ལྷག་གི་རིང་ཁྲིམས་རྩོད་པ་དང་ཁྲིམས་དཔོན་བྱས་པའི་ཉམས་མྱོང་ཁྲོད། གསར་འགྱུར་བརྒྱུད་ལམ་ནི་ཁྲིམས་ཁང་གི་ཉིན་རེའི་ལས་དོན་ནང་ཅི་ཙམ་གལ་ཆེན་པོ་ཡིན་པ་ཤེས་རྟོགས་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་སྐབས་འགའ་རེ་དང་དོན་རྐྱེན་བྱེ་བྲག་པ་འགའ་རེའི་ཐོག གསར་ཁང་དང་གསར་འགོད་པ་རེ་ཟུང་གིས། གསར་ཁང་དང་གསར་འགོད་པའི་རྩ་འཛིན་སྒྲིག་གཞི་སྣང་མེད་བྱས་ཏེ་གནས་ཚུལ་རྫུན་བཟོ་དང་། ནོར་འཁྲུལ་ཅན་སྤེལ་བའི་ཉེར་ལེན་ལ་བརྟེན་ཏེ་སྤྱི་ཚོགས་ནང་བརྡབ་གསིག་དང་ཉེས་མེད་ལ་ཕོག་ཐུག་ཚབས་ཆེན་ཐེབས་ཀྱི་ཡོད་སྟབས། གསར་འགྱུར་བརྒྱུད་ལམ་དང་གཞུང་མཉམ་འབྲེལ་ཐོག་གསར་ལམ་སྤྱི་ལ་ཁྱབ་པའི་ཁྲིམས་གཞི་གསར་བ་གཏན་འབེབས་བྱ་དགོས་པ་དང་། དེ་ལག་བསྟར་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་གསར་དུ་འཛུགས་དགོས་སྐོར་བརྗོད་འདུག་ལ། ཁྲིམས་གཞི་དེ་ནི་ངེས་པར་དུ་གསར་འགོད་རང་དབང་ལ་འགོག་རྐྱེན་མི་འགྲོ་བ་དང་། མང་ཚོགས་ཀྱི་འདོད་བློ་སྐོང་ཐུབ་པ་ཞིག་ཡིན་དགོས་པ་མ་ཟད། ཆབ་སྲིད་པ་དང་གཞུང་གི་ཤུགས་རྐྱེན་མི་ཐེབས་པ་ཞིག་ཡིན་དགོས་པའི་བསམ་དགོངས་ཚུལ་གསུངས་འདུག  

ཉིན་དེའི་ཕྱི་དྲོར་དབྱིན་ཇིའི་སྲིད་བློན་ཀཱམ་མཱེ་རོན་(David Cameron) གྱིས་གྲོས་ཚོགས་སུ་སྙན་ཐོ་དེའི་ཐད་གཏམ་བཤད་ཅིག་སྤེལ་ཏེ། བརྒྱུད་ལམ་ཞིབ་འཇུག་ཚོགས་ཆུང་དེ་ཐོག་མར་འཛུགས་དགོས་པའི་རྒྱུ་རྐྱེན་དང་ལས་དོན་བྱེད་ཕྱོགས་གསལ་བཤད་དང་སྦྲགས། ཁྲིམས་དཔོན་སྐུ་ཞབས་ལཱེ་ཝེ་སན་གྱི་དགོངས་འཆར་ལ་རྒྱབ་སྐྱོར་དང་། དེའི་ཐད་གྲོས་ཚོགས་ནང་བགྲོ་གླེང་ཡག་པོ་བྱ་དགོས་སྐོར་བརྗོད་ཡོད་འདུག

གསར་ལམ་སྤྱི་ལ་ཁྱབ་པའི་ཁྲིམས་གཞི་གཏན་འབེབས་དང་དེ་ལག་བསྟར་བྱེད་མཁན་སྒྲིག་འཛུགས་གསར་བཟོའི་ཐད། ཁོང་གིས་དབྱིན་ཇི་རྒྱལ་ཁབ་ནི་དུས་རབས་དུ་མའི་རིང་ནས་དམངས་གཙོའི་ལམ་སྲོལ་ལག་བསྟར་བྱེད་མཁན་ཞིག་ཡིན་སྟབས། ཐེངས་འདིའི་གནད་དོན་ཐད་ཧ་ཅང་གཟབ་ནན་བྱ་དགོས་པ་དང་། གལ་སྲིད་ཁྲིམས་སྒྲིག་གསར་པ་གཏན་འབེབས་བྱས་རྗེས། དེ་ལག་བསྟར་བྱེད་མཁན་སྒྲིག་འཛུགས་ལ་གཞུང་གི་ཐེ་ཇུས་ཡོད་པ་ཞིག་ཆགས་ཚེ། གསར་འགྱུར་བརྒྱུད་ལམ་ནི་ཆབ་སྲིད་པ་ཚོའི་ལག་ཆར་འགྱུར་པའི་ཉེན་ཁ་ཡོད་སྟབས། སྒྲིག་འཛུགས་དེ་ནི་གསར་ཁང་ཁག་གི་རྩོམ་སྒྲིག་པ་དག་ལས་གྲུབ་པ་ཞིག་གམ། ཡང་ན་ཐབས་ལམ་གཞན་ཞིག་བཙལ་ཏེ་གཞུང་གི་ཐེ་ཇུས་མེད་པར་རང་དབང་ཅན་གྱི་སྒྲིག་འཛུགས་ཤིག་ཡིན་དགོས་པའི་དགོངས་ཚུལ་གསུངས་འདུག

མཐར་ཁོང་གིས་ “ ང་ཚོས་སོ་སོའི་ལུང་པརསྤོབས་པ་ཆེན་པོ་བྱེད་ས་ནི།  འཛམ་གླིང་གི་དམངས་གཙོ་རྙིང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ཚད་ཡོད་པ་འདི་དག་ཡིན། འོན་ཀྱང་། ཞིབ་འཇུག་སྙན་ཐོ་འདིའི་ནང་ད་ལྟའི་ང་ཚོའི་གསར་འགོད་ལམ་སྲོལ་ཐོག་གས་ཆག་ཚབས་ཆེན་ཤོར་ཏེ། སྤྱི་ཚོགས་དང་མི་སྒེར་ལ་ཕོག་ཐུག་ཆེན་པོ་འབྱུང་བཞིན་ཡོད་པ་བསྟན་དོན་ལྟར་ང་ཚོར་དེ་སྙོམ་སྒྲིག་བྱ་རྒྱུའི་ལས་འགན་ཡོད་” ཅེས་བརྗོད་དེ། གསར་འགོད་བརྒྱུད་ལམ་གྱི་ཁྲིམས་གཞི་ལག་བསྟར་བྱེད་མཁན་དེ་གཞུང་དང་མཉམ་འབྲེལ་དགོས་པའི་རྣམ་འགྱུར་བསྟན་ཡོད་འདུག  

ཉིན་དེའི་གཏམ་བཤད་རྗེས་སུ། སྲིད་བློན་ཀཱམ་མཱེ་རོན་གྱི་བཀའ་ཁྱབ་ལྟར། སྲིད་བློན་གཞོན་པ་གཙོས་གྲོས་ཚོགས་གོང་འོག་གཉིས་དང་། ཁ་གཏད་ཚོགས་པ་བཅས་ལྷན་འཛོམས་ཐོག་ལཱེ་ཝེ་སྙན་ཐོ་དང་བསམ་ཚུལ་ལམ་སྟོན་ཐད་གྲོས་བསྡུར་བྱེད་མགོ་ཚུགས་ཡོད་ཅིང་། འབྱུང་འགྱུར་ཟླ་གཅིག་གི་ནང་ཚུན་གནད་དོན་ཐག་གཅོད་ཡོང་ཐབས་བྱ་འཆར་ཡོད་འདུག

གོང་གི་གསར་འགོད་ཁྲིམས་གཞི་གསར་པ་དེ་དང་། དེ་ལག་བསྟར་བྱེད་མཁན་གྱི་སྒྲིག་འཛུགས་ཐད། སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་པ་དང་། དེར་རྒྱབ་སྐྱོར་བྱེད་མཁན་ནི་གཞུང་འཛིན་མི་སྣ་དང་དེ་སྔོན་བརྒྱུད་ལམ་ནས་ཕོག་ཐུག་འགྲོ་མྱོང་མཁན་དག་ཡིན་ཞིང་། དེ་ལ་ངོ་རྒོལ་བྱེད་མཁན་ནི་གསར་འགྱུར་བརྒྱུད་ལམ་ཁག་དང་སྨྲ་བརྗོད་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་དག་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༣ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 1

  1. བློ་དགའ། says:
    ལོ་ 13 སྔོན།

    གནས་ཚུལ་འདི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ཏུ་སྤེལ་འདུག ཆབ་སྲིད་པ་དང་རྩོམ་སྒྲིག་པ་ཚོས་རྩོད་གླེང་ཆེན་པོ་བྱེད་ཀྱི་འདུག
    སྦྱིར་བཏང་གསར་ལམ་ཁག་རེ་ཟུང་གིས་གནས་ཚུལ་རྫུན་མ་སྤེལ་བ་དང་། དོན་དག་ཆུང་ཆུང་ཆེན་པོ་བཟོ་པ་སོགས་ཀྱི་སྐྱོན་ཆ་ཏན་ཏན་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་གསར་ལམ་ཁག་ལ་མཚོན་ན་མང་ཚོགས་ལ་མགོ་བསྐོར་བསླུ་བྲིད་གཏོང་བྱེད་གཙོ་བོ་ཞིག་གསར་ལམ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་དམངས་གཙོའི་ལུང་པ་ཁག་ལ་མཚོན་ན་སྐྱོན་ཆ་དང་ལེགས་ཆ་གཉིས་བསྡུར་བ་ཡིན་སྡབ་བརྒྱ་ཕྲག་གིས་གསར་ལམ་ཁག་ཏུ་རང་དབང་ཆེན་པོ་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཆེན་པོ་ཡོད་ན། དེ་ལ་འབབ་པའི་སྤྱི་ཚོགས་སྤུས་དག་པོ་དང་ཡར་རྒྱས་ཆེན་པོ་ཡོང་གི་རེད། རྒྱ་གར་ལུང་པ་ལྟ་བུར་མཚོན་ན། དབུས་དང་ས་གནས་ཀྱི་ཁྲིམས་ཁང་ཁག་ལས་གསར་འགྱུར་ལས་ཁུངས་ཁག་གིས་སྤྱི་ཚོགས་དང་གཞུང་ལ་ནུས་པ་འདོན་ཐུབ་ཀྱིན་ཡོད་ཟེར་ནས་བཤད་སྲོལ་ཡོད་པ་རེད།
    ད་ལྟའི་དབྱིན་གཞུང་གི་སྲིད་བློན་ཁོང་ནི་རྒྱལ་སྤྱིའི་ཐོག་ལྟ་སྟངས་སྣ་ཚོགས་ཡོད་མཁན་ཞིག་ཡིན་པ་མ་ཟད། སྒེར་གཅོད་ཀྱི་འདུ་ཤེས་ཆེན་པོ་ཡོད་པ་དང་། དྲག་པོ་དང་རྩུབ་སྤྱོད་ཕྱོགས་ལ་མོས་མཁན་ཞིག་ཡིན་རབས་ཤོད་ཚུལ་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese