ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གཙོས་ཐའེ་ཝན་བོད་རིགས་ཚོཊ་པ་དང་བོད་དོན་རྒྱབ་སྐྱོར་ཚོཊ་པ་ཁག་གི་གོ་སྒྲིག་འོག ད་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ཏེ། ཕྱི་ཚེས་ ༨ ནས་ ༡༠ ཉིན་བར་ཐའེ་ཝན་རང་དབང་ཐང་ཆེན་དུ་ཐའེ་ཝན་གནས་སྡོད་བོད་མི་ ༡༠ ཙམ་གྱིས། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད། དུས་ཡུན་ཆུ་ཚོད་ ༤༩ རིང་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་འདུག
ཐེངས་འདིའི་ཟས་བཅད་ངོ་རྒོལ་ལས་འགུལ་སྐབས། ཐའེ་ཝན་གནས་སྡོད་བོད་རིཊ་སེར་སྐྱ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཐོག ཁྱོན་ཉིན་གྲངས་གསུམ་རིང་མཆོད་མེ་བརྒྱ་མཆོད་དང་སྟོང་མཆོད་སོཊ་རིམ་པར་ཕུལ་ཏེ་བསྔོ་སྨོན་གསུངས་ཡོད་པ་མ་ཟད། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་ཞལ་ཆེམས་འགྲེམས་སྟོན་གནང་ཡོད་ཅིང་། སྐབས་དེར། ཐའེ་ཝན་བོད་རིགས་ཚོགས་པའི་བོད་ཡིག་དྲ་རྒྱ་གསར་པ་ངའི་བོད་ ༼www.mytibet.net༽ ཞིག་དང་བོད་དོན་དྲིལ་བསྒྲགས་ཀྱི་སྣུམ་འཁོར་ཞིག་ཀྱང་དབུ་འབྱེད་གནང་ཡོད་འདུག
ཐེངས་འདིའི་ཟས་བཅད་ངོ་རྒོལ་སྐབས་ཐའེ་ཝན་སྲིད་བློན་ཟུར་པ་དང་དམངས་གཙོ་ཡར་ཐོན་ཚོཊ་པའི་ཚོཊ་གཙོ་སྐུ་ཞབས་སུའུ་ཀྲན་ཁྲང་དང་། ཐའེ་ཝན་མཐུན་སྒྲིལ་ཚོཊ་པའི་གྲོས་ཚོཊ་འཐུས་མི་ལྕམ་ལིན་ཧྲི་ཅཱ། ལྕམ་ཧོང་ཝིན་ལིང་། དམངས་གཙོ་ཡར་ཐོན་ཚོཊ་པའི་གྲོས་ཚོཊ་འཐུས་མི་ཁྲན་ཅེ་རུའུ། ལྕམ་ཝུ་ཡི་ཀྲེན། ལྕམ་ཤའོ་མེའེ་ཆིང་སོགས་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་ཀྱིས་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་འདུག