མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩུབ་མོའི་ལས་ལ་འཇམ་པོའི་ལན།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཤ་ཁྲག་རུས་གསུམ་འཚིག་པའི་གཏམ་རྒྱུད་དེར།།

མ་ཎི་དབྱངས་ལ་གྱེར་བའི་རྗེས་འཇུག་གིས།།

སྲོལ་རྒྱུན་དུར་མཆོད་བྱེད་པར་འཐད་ནའང་།།

འདས་པོའི་ཁ་ཆེམས་བྱ་བ་རིང་དུ་ལུས།།

 

རང་སྲེག་ཞི་རྒོལ་བྱ་བའི་ཐོབ་འབྲས་དེར།།

འཚེ་མེད་སྟོབས་ཤུགས་གྲུབ་འབྲས་སོན་དགོས་ན།།

ཕྱི་ནང་མཉམ་རུབ་གྱེན་ལངས་མ་བྱས་ཚེ།།

བསྐལ་བའི་མཐའ་ལ་ཐུག་ཀྱང་རེ་འབྲས་དཀའ།།

 

གཞིས་ནས་ཞི་བའི་མེ་ལྕེ་འབར་བ་དེར།།

བྱེས་ནས་རྒྱབ་ལངས་སྐད་འབོད་མིང་ཙམ་གྱིས།།

འདས་པོའི་རྣམ་ཤེས་བདེ་བར་གཟིམ་དཀའ་ཞིང་།།

བོད་མིའི་མངོན་འདོད་རང་དབང་ལོན་ཐབས་མེད།།

 

ཞི་བའི་མེ་ལྕེ་དྲག་པོ་འབར་སྟངས་དེས།།

ཕྱི་སྡོད་བོད་མིའི་སེམས་པ་རྨས་གྱུར་ནས།།

བདེན་དོན་བོད་ལ་ཕྱོགས་ནས་འབད་ཐུབ་ཚེ།།

མུན་པའི་སྒོ་མོ་འོད་ཀྱིས་འབྱེད་ངེས་ཡིན།།

 

བྲིས་དང་སྤེལ་བའི་ལས་ལ་ཞུགས་དོན་ནི།།

རང་གི་ཁ་དང་རྒྱབ་ཀྱི་གོས་དོན་མིན།།

སེམས་དང་བསམ་པ་འཐག་པའི་སྐུད་པ་ཡིས།།

རལ་བའི་གོས་ཧྲལ་བཙེམ་འདོད་བློ་ཡིས་བཟུང་།།

 

ལྷ་དང་སྲུང་མ་འཐབ་པའི་གཡུལ་ས་དེར།།

མི་དང་མི་རིགས་འཁྲུག་པའི་བར་གསེང་དུ།།

བདེན་པའི་བརྡ་དག་དྲང་མོའི་མདའ་མོ་འདི།།

རྫུན་པའི་ཨུ་ཁུང་བརྡོལ་བའི་ཆེད་དུ་འཕངས།།

 

ཚུར་ལ་མདའ་མདུང་གཏོད་པའི་སྲིད་གཞུང་ལ།།

ཕར་ལ་མེ་ཏོག་འཕེན་པ་འཚེ་མེད་ལུགས།།

ཀུན་གྱི་མིག་ལ་མཛེས་པ་དཀའ་ན་ཡང་།།

དྲག་པོའི་དམག་ལས་རྒྱལ་ཐབས་འདི་ཉིད་ཡིན།།

 

རྩུབ་མོའི་ཚིག་གིས་ཚུར་ལ་གཟས་གྱུར་ཀྱང་།།

འཇམ་པོའི་ངག་གིས་བསུ་བ་ཞི་བའི་བྱེད།།

ལག་ལེན་བདེན་པར་ཞུགས་པའི་སྙིང་སྟོབས་ནི།།

ཞི་བའི་འཐབ་རྩོད་ཀུན་ལས་འཕགས་པ་ཡིན།།

 

ང་ཡིས་ལུས་པོ་བཙོན་དུ་བཅུག་ན་ཡང་།།

སེམས་པ་བཙོན་ཁང་རྭ་ལས་མངོན་བརྒལ་ཏེ།།

གངས་ཅན་ཁ་བའི་ཞིང་གི་བདེ་སྡུག་ཆེད།།

ཉིན་མཚན་མེད་པར་བསམ་གཞིགས་ཀློང་དུ་ཡོད།།

 

འགད་དང་རྫས་ཀྱི་དྲག་བརྡུང་ལས་འགུལ་དང་།།

མུན་པའི་ལམ་ཆེན་གཤགས་པའི་སྒྲོན་མེ་གཉིས།།

ཞི་དང་དྲག་པོའི་གཡུལ་ས་སྐྱུར་མོའི་ལྗོངས།།

མི་རིང་ལྷིང་འཇགས་ཡོང་བར་སྨོན་ལམ་འདེབས།།

 

དེང་སང་བོད་ནང་གི་ཞི་བའི་སྒྲོན་མེ་ཡི་གྲངས་ཚད་བརྒྱད་བཅུ་ལས་བརྒལ་བའི་ཡིད་སྐྱོའི་གསར་འགྱུར་ལ་བལྟས་རྗེས། རང་གི་རིགས་ལ་ཞི་བའི་འཐབ་རྩོད་ཀྱི་སེམས་ཤུགས་ཕྱོགས་གཉིས་ནས་མཆེད་པར་སྐུལ་ལྕགས་དང་འདས་པོ་དག་ལ་རྗེས་དྲན་གྱི་ཚུལ་དུ།།    ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་སུ་འབོད་པའི་བལ་ཡུལ་བཙོན་ཁང་ནས།   དྲུང་ཡིག་དོན་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese