མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའ་དང་རྒྱ་སྤྱིའི་དོ་སྣང་།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པར་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་འདིར། བྱང་ཀོ་རེ་ཡའི་ནང་རྒྱལ་ཁའི་དགའ་སྟོན་བྱེད་བཞིན་ཡོད་པ་རེད།

ཕྱི་ཚེས་ ༡༢ ཉིན་བྱང་ཀོ་རེ་ཡས་རིམ་པ་གསུམ་ཅན་གྱི་མཁའ་སྐྱོད་མེ་ཤུགས་འཕུར་མདའ་ཞིག་མཁའ་དབྱངས་སུ་བཏང་ཡོད་པ་དང་། དེར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྡུལ་མཚོན་ཚོད་ལྟའི་འགུལ་སྐྱོད་ཅིག་ཡིན་པར་ངོས་འཛིན་གྱིས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། བྱང་ཀོ་རེ་ཡས་དེ་ནི་ཞི་བདེ་དང་ཚན་རྩལ་རང་བཞིན་གྱི་ལས་དོན་ཞིག་དང་། མཁའ་དབྱིངས་ས་ཁམས་བརྟག་དཔྱད་ཀྱི་མིས་བཟོས་རྒྱུ་སྐར་གཏོང་འཇོག་བྱས་པ་ཞིག་ཡིན་པར་བརྗོད་དེ། ཕྱི་ཚེས་ ༡༤ ཉིན་བྱང་ཀོ་རེ་ཡ་གཞུང་གིས་ཐེངས་འདིའི་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་བཏང་བ་ལེགས་འགྲུབ་བྱུང་ཡོད་སྐོར་དང་། མ་འོངས་པར་ལས་གཞི་དེ་མཇུག་སྣོན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཉིན་དེའི་གཞུང་འབྲེལ་གསལ་བསྒྲགས་རྗེས་སུ་བྱང་ཀོ་རེ་ཡའི་མི་མང་སྟོང་ཕྲག་མང་པོ་ཁྲོམ་གཞུང་གང་སར་ཐོན་ཏེ་དགའ་སྟོན་བྱས་ཡོད་པ་མ་ཟད། གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་དེ་ནི་ལོ་ན་ཆུང་བའི་སྲིད་འཛིན་ཀེམ་ཇོང་ཨུན་(Kim Jong-Un) གྱི་བློ་སྟོབས་དང་དཔའ་ངར། རིག་སྟོབས་ཤིག་ཡིན་པ་སོགས་མགོ་ཁྲིད་ཀྱི་ནུས་པ་དྲིལ་བསྒྲགས་བྱས་ཡོད་ལ། མེ་ཤུགས་འཕུར་མདའ་གཏོང་སྐབས་ཀྱི་ཆེས་མཐའ་མཇུག་གི་བཀའ་ཁྱབ་དེ་ཀེམ་གྱིས་གཏོང་བཞིན་པའི་པར་དང་བརྙན་རིས་ཀྱང་འགྲེམས་སྤེལ་བྱས་ཡོད།

གཟའ་ལྷག་པའི་ཉིན་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་བཏང་འཕྲལ། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་ཛ་དྲག་ཚོགས་འདུ་བསྡུས་ཏེ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་འགལ་ཡོད་པའི་བྱང་ཀོ་རེ་ཡའི་འགུལ་སྐྱོད་དེར་རྒོལ་ལན་སྤྲོད་ཕྱོགས་ལ་གྲོས་བསྡུར་བྱས་ཡོད།  ཨ་རི་དང་ཉི་ཧོང་། ལྷོ་ཀོ་རེ་ཡ་སོགས་ཀྱིས་དེ་ནི་བྱང་ཀོ་རེ་ཡས་དྲག་མཚོན་འཕེལ་རྒྱས་བཏང་སྟེ་རྡུལ་མཚོན་ཅན་གྱི་དམག་འཁྲུག་ཅིག་མདུན་དུ་བསུ་བཞིན་ཡོད་པ་ཞིག་ཡིན་པའི་སྐྱོན་བརྗོད་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་དང་འགོག་རྐྱེན་སྤྲོད་དགོས་སྐོར་ནན་བརྗོད་བྱས་ཡོད།

ཨ་རིའི་གཞུང་གིས་བྱང་ཀོ་རེ་ཡའི་མགོ་ཁྲིད་གསར་པར་སོ་སོའི་རྒྱལ་ཁབ་དུས་རབས་ཉེར་གཅིག་པར་སྣེ་འཁྲིད་རྒྱུའི་གོ་སྐབས་བྱུང་ཡོད་ཀྱང་། དེ་ལས་ལྡོག་སྟེ་ཁོས་ནོར་འཁྲུལ་ཅན་གྱི་གདམ་ཀ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་ལ། དེང་ཕྱིན་བྱང་ཀོ་རེ་ཡའི་འགུལ་སྐྱོད་ལ་ལྟ་རྟོག་ནན་མོ་བྱ་རྒྱུ་དང་། ཉེ་འཁོར་ས་ཁུལ་ཁག་གི་ཕྱོགས་གཏོགས་རྒྱལ་ཁབ་དག་གི་བདེ་འཇགས་ལ་ཆོད་སེམས་བརྟན་པོས་འགན་སྲུང་བྱ་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་འགུལ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་དེ་དག་དང་མཉམ་འབྲེལ་ཐོག་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་སྲུང་ཐད་སྔར་བས་ནུས་སྟོབས་རྒྱ་སྐྱེད་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།

དེ་བཞིན་ཨ་རིའི་གཞུང་གི་མགྲིན་ཚབ་པ་ནཱུ་ལན་ཌི་(Victoria Nuland) ཡིས་བསྒྲགས་གཏམ་ཞིག་སྤེལ་ཏེ། ད་ཆར་ཨ་རིའི་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་ ༦ དང་། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཁོངས་གཏོགས་དག་དང་ལྷན་དུ་བྱང་ཀོ་རེ་ཡའི་འགུལ་སྐྱོད་དེར་ཁ་གསལ་དོན་གནད་ལྡན་པའི་རྒོལ་ལན་སྤྲོད་རྒྱུར་གྲོས་བསྡུར་གྲ་སྒྲིག་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་སྡེ་ཚན་དེ་གཉིས་ཀྱི་ཁོངས་སུ་ཡོད་པ་ལྟར་མཉམ་ཞུགས་ཡོད་ཚུལ་བརྗོད་ཡོད།

གནད་དོན་དེའི་ཐད་བྱང་ཀོ་རེ་ཡའི་མཐུན་ཕྱོགས་ཉེ་ཤོས་རྒྱ་ནག་གིས་ཀྱང་བློ་ཕམ་ཡོད་པའི་ཐད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བྱང་ཀོ་རེ་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་སྣང་མེད་ཀྱིས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པར་བློ་ཕམ་ཡོད་སྐོར་ཀྱི་རྣམ་འགྱུར་བསྟན་ཡོད་ལ། རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེར་ཡ་ལན་གང་འདྲ་ཞིག་སྤྲད་ཀྱང་ངེས་པར་དུ་ཞི་འཇམ་དང་དྲག་ཤུགས་ལ་གཡོ་ཐབས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད། ཡང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཤོག་སྟེང་། རྒྱལ་ཁབ་གཞན་དག་ནང་བཞིན་བྱང་ཀོ་རེ་ཡར་མཁའ་དབྱིངས་འཁོར་སྐར་བཟོ་གཏོང་གི་ཐོབ་ཐང་ཡོད་ཀྱང་། རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་མ་འགལ་པ་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་བརྩི་འཇོག་གིས། གནས་བབ་ཞི་འཇགས་ཡོང་ཐབས་བྱ་དགོས་སྐོར་བཀོད་ཡོད་འདུག

འོན་ཀྱང་། ཀེམ་ཇོང་ཨུན་གྱིས་ཕྱི་ཕྱོགས་ཀྱི་སྐྱོན་བརྗོད་དང་ངོ་རྒོལ་ལ་མུ་མཐུད་སྣང་མེད་ཀྱིས། བྱང་ཀོ་རེ་ཡའི་ཚན་རྩལ་འཕྲུལ་ཆས་དང་དཔལ་འབྱོར་འཕེལ་རྒྱས་ཐད་མ་འོངས་པར་མིས་བཟོས་རྒྱུ་སྐར་མུ་མཐུད་བཟོ་གཏོང་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག་ལ། གཞུང་འཛིན་ཚོགས་པའི་དྲུང་ཆེ་ཀེམ་ཀེ་ནཱམ་གྱིས། མིས་བཟོས་རྒྱུ་སྐར་ནི་རྒྱལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་མེད་ཐབས་མེད་པ་ཞིག་དང་། དེ་ནི་རྒྱལ་སྤྱིའི་འཕེལ་ཕྱོགས་ཤིག་ཡིན་པ་མ་ཟད་བྱང་ཀོ་རེ་ཡའི་མི་མང་གི་ཐོབ་ཐང་ཞིག་ཀྱང་ཡིན་སྟབས། ཕྱི་ཕྱོགས་ཀྱིས་གཞུང་དང་སྒྲིག་འཛུགས་སུ་གང་གིས་ཀོ་རེ་ཡའི་རྒྱུ་སྐར་བཟོ་གཏོང་གི་ལས་གཞིར་དྲག་མཚོན་ཚོད་ལྟ་བྱེད་ཀྱི་ཡོད་པའི་སྙོན་འཛུགས་དང་འཇིགས་སྐུལ་བྱ་ཐབས་མེད་སྐོར་བརྗོད་འདུག

ལྷོ་ཀོ་རེ་ཡའི་ཕྱི་སྲིད་བློན་ཆེན་གྱིས། བྱང་ཀོ་རེ་ཡས་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱ་སྤྱིའི་ཉེན་བརྡ་དང་དགོས་འདུན་ཁག་ལ་སྣང་མེད་ཀྱིས་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་སྟབས། ལྷོ་ཀོ་རེ་ཡས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་ཐོག་བྱང་ཀོ་རེ་ཡར་རྒོལ་ལན་སྤྲོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ལ། ཉི་ཧོང་གཞུང་གིས་ཀྱང་བྱང་ཀོ་རེ་ཡས་ཕྱི་ཕྱོགས་ཀྱི་འབོད་སྐུལ་ལ་ཆ་འཇོག་མ་བྱས་པར་རྡུལ་མཚོན་ཚོད་ལྟ་ལག་བསྟར་བྱས་པར་བློ་ཕམ་ཆེན་པོ་ཡོད་ཚུལ་དང་། ཉི་ཧོང་གཞུང་གིས་འགུལ་སྐྱོད་དེར་བཟོ་སྒོམ་བྱ་ཐབས་བྲལ་པས། བྱང་ཀོ་རེ་ཡར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བསྒྲགས་འདུག

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་ “དེ་རིང་བྱང་ཀོ་རེ་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་པ་དེར་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་ཀྱི་ཡོད། བྱང་ཀོ་རེ་ཡས་སོ་སོའི་མང་ཚོགས་ཀྱི་འཚོ་གནས་ཡར་རྒྱས་གཏོང་ཐབས་བྱ་རྒྱུའི་ཚབ་ལ་རྡུལ་མཚོན་ཚོད་ལྟའི་ལས་གཞི་ཨང་དང་པོར་བཟུང་པར་ངོ་རྒོལ་དང་། བྱང་ཀོ་རེ་ཡའི་ཕྱི་འབྲེལ་ཐད་གནོན་ཤུགས་སྤྲོད་རྒྱུ་ཡིན་”ཞེས་ཉེན་བརྡ་བཏང་ཡོད། དེ་བཞིན་རཱ་ཤི་ཡའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་རཱ་ཤི་ཡ་ཚུད་པའི་རྒྱལ་སྤྱའི་སྤྱི་ཚོགས་ཀྱིས་བྱང་ཀོ་རེ་ཡར་རྡུལ་མཚོན་ཚོད་ལྟ་མི་བྱ་བའི་འབོད་སྐུལ་བྱས་པར་སྣང་མེད་བཏང་པ་དེ་བློ་ཕམ་སྐྱེས་ཡུལ་དུ་གྱུར་ཡོད་པའི་སྐྱོན་བརྗོད་བྱས་ཡོད།

བྱང་ཀོ་རེ་ཡའི་རྡུལ་མཚོན་དམག་དོན་ཐད་རྒྱལ་སྤྱིའི་སྟེང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་ནི། ཀོ་རེ་ཡ་ལྷོ་བྱང་བར་དུས་ཡུན་རིང་པའི་ཛ་དྲག་རང་བཞིན་གྱི་གནས་བབ་ཆགས་ཡོད་པ། ཉི་ཧོང་དང་འགྲན་རྩོད་ཀྱི་མཁའ་དབུགས་ཆེ་ཆེར་འབྱུང་བཞིན་པ། ཤར་ཨེ་ཤ་ཡའི་མངའ་ཁུལ་དུ་དྲག་མཚོན་བཟོ་སྐྲུན་གྱི་འགྲན་ཤུགས་འཕེལ་པའི་རྒྱུ་རྐྱེན་དུ་འགྱུར་བཞིན་པ། རྒྱ་ནག་གི་མཐུན་ཕྱོགས་ཉེ་ཤོས་དམར་པོའི་སྲིད་དབང་སྒེར་འཛིན་གཞུང་དེ་འཛམ་གླིང་ནང་གི་དམག་དོན་སྟོབས་ཤུགས་ཆེ་གྲས་ཨང་ལྔ་པར་སླེབས་ཡོད་པ་བཅས་ལ་བརྟེན། ཕྱོགས་ཡོངས་ནས་བྱང་ཀོ་རེ་ཡའི་དམག་དོན་དང་དྲག་མཚོན་བཟོ་སྐྲུན་དང་། ལྷག་པར་དུ་རྡུལ་མཚོན་དང་དུག་མཚོན་བཟོ་སྐྲུན་བྱེད་བཞིན་པའི་འཇིགས་སྣང་བྱེད་ཀྱི་ཡོད་ལ། ཉི་ཧོང་གཙོས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནང་རྟེན་གཞི་བྱེད་པའི་ཨ་རིའི་དམག་དོན་ཐད་ནས་ཨ་རིའི་གཞུང་གིས་དམིགས་བསལ་བྱང་ཀོ་རེ་ཡའི་འགུལ་སྐྱོད་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག

ཆབ་སྲིད་དཔྱད་བརྗོད་དག་གིས། ཐེངས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་ཉེན་བརྡ་ལ་མགོ་བོ་མ་སྒུར་པར་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་པ་དེས། ཕྱོགས་གཅིག་ནས་ད་ལྟའི་མགོ་ཁྲིད་ཀེམ་གྱི་ཕ་རྒན་འདས་ནས་ལོ་གཅིག་ཕྱིན་པའི་ཉིན་མོར་བསླེབ་ལ་ཉེ་བའི་སྐབས་འདིར་(ཟླ་འདིའི་ཚེས་ ༡༧ ) ཕའི་ཕུགས་བསམ་དང་ལས་དོན་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་མཚོན་ཐབས་དང་། ཕྱོགས་གཞན་ཞིག་ནས། ཕྱི་ཕྱོགས་ལ་བྱང་ཀོ་རེ་ཡར་སྟོབས་ཤུགས་ཡོད་པ་སྟོན་ཐབས་དང་ལོ་ན་ཆུང་པའི་མགོ་ཁྲིད་ནུས་ལྡན་ཡིན་པ་མཚོན་ཐབས། དེ་བཞིན་བྱང་ཀོ་རེ་ཡའི་རྒྱལ་ཁོངས་ནང་མི་མང་གི་ངོ་རྒོལ་ཟིང་འཁྲུག་འབྱུང་སྲིད་པའི་ཞེད་སྣང་འོག མང་ཚོགས་ཀྱི་བསལ་བློའི་མགོ་གནོན་ཐབས་བཅས་ལ་དམིགས་པ་ཞིག་ཡིན་པར་གླེང་།

ཨ་རིར་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཞིག་གི་ཞིབ་འཇུག་སྙན་ཐོ་ལྟར་ན། ད་ཆར་བྱང་ཀོ་རེ་ཡར་ཆབ་སྲིད་བཙོན་པ་ ༢༠༠༠༠༠ ཙམ་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འདི་ནི། མི་སེར་ལ་ཟ་འཐུང་མི་ལྔ་བའི་ཐོག་ལ་མེ་ཤུགས་འཕུར་མདའ་འཕུར་རྒྱུ་བཟོས་པ་དུས་རབས་ཉི་ཤུ་རྩ་པའི་ཞབས་འདྲེན་གཞུང་དང་རྒྱལ་ཁབ་ཅིག་རེད་དོ། །ཧང་སང་རྒྱུ་ཡོད་མ་རེད་དོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese