མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསོད་གཏུབ་བཅོམ་གསུམ་བྱེད་མཁན་དེ་སུ་རེད་དམ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ཧ་ལམ་སྐབས་ཐོག་འདིར་ང་གཅིག་བུ་མ་ཡིན་པར་ཚང་མ་ལ་བསམ་ཚུལ་འདི་ཡོད་ངེས་པ་དང་། བསམ་ཚུལ་འདིའི་སྟེང་ལ་ཚོར་བའང་གཅིག་མཚུངས་ཀྱིས་ཡོད་པར་ངེས། དེ་ལྟར་ན། མགོ་འདོགས་རིང་ལུགས་པ་ཚོས་ནམ་རྒྱུན་ཁ་ཕར་འཁོར་ནས་སྐད་ཆ་མི་བཤད་པར་ཚུར་འཁོར་ནས་བཤད་སྡོད་པ་སྟེ། རྣམ་འགྱུར་ཇེ་ཡག་ཏུ་སོང་ཡོད་རབས་དང་དཔོན་རིགས་ཆེ་གེ་མོའི་གཏམ་བཤད་ཅིག་ཅིག་མུག་མུག་གི་སྒང་ནས་སྐད་ཆའི་བཤད་ཕྱོགས་བཟང་རབས་སོགས་བཤད་ནས་གོ་རྟོགས་ཧ་ཅང་དམའ་བའི་མི་མང་ཞིག་ལ་མགོ་སྐོར་གཏོང་གི་ཡོད། ང་ཚོའི་མིག་གིས་མཐོང་ས་དང་རྣ་བས་ཐོས་ས་ཁོ་ནར་ཉིས་སྟོང་དགུ་ནས་ད་བར་མི་གྲངས་ག་ཚོད་ཀྱིས་མེར་བསྲེག་བཏང་བ་དང་། དེ་དག་རེ་རེའི་རྗེས་འབྲེལ་གྱི་དཀའ་སྡུག་གང་འདྲ་ཡིན་པ། ལྷག་པར་དུ་ཉིན་འདི་འགར་མེར་བསྲེག་གི་གནས་ཚུལ་གྱིས་རྣ་བ་ཏོག་ཙམ་འཇམ་ནའང་། མི་མང་བསྡེབས་འཛིན་དང་དོན་མེད་གཅར་བརྡུང་། ཉེས་མེད་ཁྲིམས་ཆད་ག་ཚོད་གཏོང་གི་འདུག ད་དུང་དེ་བས་ཀྱང་ཁ་དཔེར། མདའ་བརྒྱབ་པས་མི་ཚད་གཞུ་མོ་གནམ་ལ་ཕྱར། རྡོ་བརྒྱབ་པས་མི་ཚད་རྗེས་ལ་ཀི་ལྡིར་བྱེད་ཟེར་བ་བཞིན། བོད་མི་སྤྱི་བོ་གནམ་སྟོན་ཚང་མས་སྡུག་གི་མགོ་བོ་འཁྱོག་གི་མེད་སྐབས། རྒྱ་སྒོར་ཁྲི་ཁྲག་མང་བོའི་བརྔན་པ་ཡོད་རབས་ཀྱི་འཆལ་གཏམ་གསལ་བསྒྲགས་འདྲ་མིན་ཅི་ཙམ་སྤེལ་གྱི་ཡོད། དེ་ནི་ཝ་མི་བརྒྱལ་མི་ག་མེད་འདྲེ་ཡིས་འགྲམ་ལྕག་ཟེར་བ་དེ་མ་རེད་དམ།

སྐད་ཆ་དྲང་མོར་བཤད་ན། ད་ནི་འུ་ཅག་གི་ངོས་ནས་ཕར་བསྟུན་རྒྱུ་མ་ཡིན་པར་དགྲ་བོའི་ངོས་ནས་ཚུར་བསམ་བློ་ཞིག་གཏོང་བའི་དུས་ལ་སླེབས་ཡོད། ད་དུང་དེ་བས་ཀྱང་བདག་གི་རྩོམ་ཡིག་སྔ་ཕྱི་ཚང་མའི་ནང་ཉེན་བརྡ་སྤྲད་པ་བཞིན། ནམ་ཉི་མ་ཞིག་ལ་བོད་པར་འུ་ཐུག་པའི་དུས་ཚོད་ཅིག་ཡོད་ངེས་ན། དེ་དུས་ལྷོད་ན་རྫ་མ་ཆག་རྒྱུ་དང་བཟུང་ན་ལག་པ་བསྲེག་རྒྱུ་ཞིག་འབྱུང་བར་གདོན་མི་ཟ། དུས་ཚོད་དེ་ནི་དགྲ་བོས་ཡོད་ཚོད་ཐག་ཆོད་པར་རེ་སྒུག་བྱེད་སའི་༸གོང་ས་མཆོག་མ་བཞུགས་པའི་ཉིན་མོ་དེ་ཡིན་ལ། ༸གོང་ས་མཆོག་བོད་དུ་ཕེབས་མ་ཐུབ་པར་ཕྱི་ལོགས་ནས་ཞིང་གཞན་དུ་ཕེབས་པའི་དུས་ངན་དེར། གཞིས་ལུས་བོད་མི་ས་ཡ་དྲུག་པོ་དཔའ་བོར་འགྱུར་ངེས་ལ། བོད་མི་ས་ཡ་དྲུག་པོ་དཔའ་བོ་བྱ་ངེས།

དགྲ་བོའི་ཕྱོགས་ནས་ཁ་བརྡུང་དང་གསོད་གཏུབ་བཅོམ་གསུམ་བྱེད་ཀྱིན་པའི་སྐབས་འདིར། ད་དུང་རང་ཕྱོགས་ཀྱི་ཆབ་སྲིད་པའི་ལག་ཆར་གྱུར་བའི་ཅོལ་ཆུང་ཁག་ཅིག་གིས་བོད་རྒྱ་ཞི་མོལ་དང་སྐུ་ཚབ་བསྐོ་འཇོག་གི་སྐོར་ནས་གླེང་སློང་བྱེད་ཀྱིན་ཡོད། བྱ་གྲགས་ཚོད་དང་ནམ་ལང་ཚོད་མི་ཟིན་པའི་མི་མང་བོ་ཞིག་གིས་ཀྱང་ཚ་ཚ་འུར་འུར་གྱིས་དགྲ་ལ་གཉེན་གྱི་འདུ་ཤེས་འཛིན་གྱི་ཡོད་པ་མཐོང་ན། དགྲ་བོས་འུ་ཅག་གི་མི་རིགས་འདི་ཧ་ཅང་གླེན་ལྐུགས་ཀྱི་མི་རིགས་ཤིག་ལ་ངོས་འཛིན་པ་དེར་ཡང་འཛིན་རྒྱུ་ཞིག་ལོས་ཡོད་འདོད། དེའི་སྟབས་ཀྱིས་དགྲ་བོའི་མཁྲེགས་འཛིན་གྱི་སྲིད་ཇུས་དེ་དང་མཐུན་པའི་སྐད་ཆ་དང་རྣམ་འགྱུར་ཞིག་ཏན་ཏན་སྟོན་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། ཕར་ཕྱོགས་ནས་རྔ་བོ་ཇི་ལྟར་བརྡུང་བ་དེ་བཞིན་དུ་ཚུར་ཕྱོགས་ནས་ཀྱང་འཆམ་དེ་ལྟར་འཁྲབ་དགོས་པ་ནི་གནད་ཀྱི་དོན་པོ་ཡིན།

ཚུར་ཅི་ཙམ་བསད་པའི་སྐོར་གྱི་རོབ་བཤད་ཅིག་བདག་གི་རྩོམ་ཡིག་སྔ་མ་ཞིག་ཏུ་བཤད་པ་བཞིན་ཡིན་ལ། དེ་ལྟར་བསད་པ་དང་གསོད་ཀྱིན་ད་དུང་ཏཱ་ལའི་ཇག་ཚོགས་ཟེར་མཁན་དེ་སུ་རེད་དམ། དྲག་པོའི་དཔུང་དམག་གིས་བོད་ཀྱི་ཚོ་བ་རེ་རེ་དང་གྲོང་ཁྱེར་རེ་རེའི་སུམ་མདོ་དང་གནད་ས་ཚང་མ་བཟུང་ནས་དྲག་པོའི་གོ་མཚོན་ཁོ་ཚོས་ངོམ་གྱིན་ཚུར་དྲག་སྤྱོད་པ་ཟེར་གྱིན་པ་དེ་སུ་རེད་དམ། སྨྲ་ཤེས་ཤིང་དོན་མི་གོ་བའི་ཁྱི་ཕྲུག་ཅིག་གི་མདུན་ནས་རྐང་བ་ས་ལ་བརྡབས་ནའང་ཚུར་མཆེ་བ་གཙིགས་རྒྱུ་དེ་ཆོས་ཉིད་དུ་གྲུབ་ཡོད་ན། དགྲ་བོས་ད་བར་དུ་བོད་མི་དག་གསོད་གཏུབ་བཅོམ་གསུམ་དེ་ལྟར་བྱས་རྗེས་ད་དུང་བློ་དཀར་བའི་བཟོ་ལྟ་དེ་ཅིའི་ཕྱིར་སྟོན་དགོས་སམ། གཅིག་བྱས་ན་དེ་དག་ནི་བདག་གིས་ཆབ་སྲིད་རིགས་པ་མ་ཤེས་པའི་སྐྱོན་ཞིག་ཡིན་སྲིད།

༢༠༡༢ ༡༢ ༡༣ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    མང་ཐོས་མ་རེད་ཉུང་ཐོས་རེད། སེམས་ཚོར་སྤས་ཐབས་བྱེད་མཁན་འདི་ཚོ་དོན་གྱི་བོད་སྤྱི་བའི་འཐབ་རྩོད་ལ་ཡོལ་མཁན་ཤ་སྟག་རེད། ནམ་རྒྱུན་སེམས་ཚོར་ལབ་ནས་རང་ཉིད་དང་ལོགས་སུ་བཞག རང་ལས་གཞན་གཅེས་སམ་མ་ཤེས་མདོག་མདོག་དང་མ་གོ་མདོག་མདོག རང་ཉིད་ཀྱི་སེམས་ཁམས་ཐེབས་པའི་ཟུག་གཟེར་ཀྱང་ཕྱིར་འདོན་པའི་དགེ་བ་མེད་སོང་ཚེ། བཟོད་སྒོམ་གྱི་ལས་འདི་སྡར་མ་དང་གཉིས་སུ་མ་མཆིས། དེ་ན་རང་ཚུགས་ཟེར་བ་ཞིག་གང་ནས་འཚོལ་རྒྱུ་ཡིན་ནམ། སྐབས་རེ་བསམ་སྣང་ལ་བོད་མི་རིགས་འདིས་རྩུབ་པོ་དང་རྒོད་པོ། བཙན་པོ་དང་གཏུམ་པོའི་བྱ་སྤྱོད་ཡོངས་སུ་ལྟ་ཚུལ་བྱེ་བྲག་པའི་དབང་འོག་ཏུ་བསྡུ་ཐབས་བྱེད་ཀྱིན་པའི་ལས་བསམ་ན། བོད་མི་རིགས་ཀྱིས་རང་ཉིད་ཀྱི་ལྷན་སྐྱེས་དང་འཚོ་གནས་བློས་བཏང་སོང་བས་རང་ཚུགས་ཟེར་བ་འདི་རྦད་དེ་ཤོར་བ་སོང་བ་རེད། རྐྱེན་འདི་རིགས་ལ་བརྟེན་འཇིག་རྟེན་སྲིད་པའི་དོན་འཁྱོང་གི་མེད་ལ་སེམས་ཚོར་དང་ཡོངས་སུ་འགལ་བའི་བསམ་སྤྱོད་མ་གཏོགས། གནས་ལུགས་ཤིག་དང་དྲང་བདེན་དེ་གླེང་མ་ཤེས་བ་རེད། མདོར་སྒྲིལ་བཤད་ན་མང་ཐོས་རིགས་ཅན་འདི་དག་འཇིག་རྟེན་སྲིད་པ་ནས་ལོགས་སུ་བུད་ན་ཡག་ཤེས་རེད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་བཞིན་སེམས་ཚོར་ནི་དངངས་སྐྲག་སྒོ་ནས་ཐོན་ཡོང་ལ། དགའ་སྤྲོའི་སྒོ་ནས་འཛུམ་ཆོག ཞེ་སྡང་གི་ལས་ནས་སྐྱེས་ཡོང་ལ། ཐ་ན་སྙིང་རྗེ་བསམ་པའི་བློའི་འཁྱེར་སོ་ལས་ཀྱང་འབྱུང་སྲིད་ན། འཇིག་རྟེན་སྲིད་པ་ཁོ་རང་འདི་འདྲ་རེད་ལ་འཇིག་རྟེན་སྲིད་པའི་དོན་ཡང་འདི་ལྟར་བསྒྲུབ་ན་ལས་ཅི་བྱའམ། ཐག་ཉེ་ས་ནས་དཔེར་བཞག་ན། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁྲོད་འདས་པོ་དཔའ་བོ་དཔའ་མོ་དག་གི་སྐུན་ཕུང་མཐོང་ཡོང་དུས། ཁྱོད་ལ་སེམས་ཅན་ལས་ལྷག་པའི་བྱང་ཆུབ་གྱི་སེམས་ཞིག་ཡོད་ན་ལས། བོད་གངས་ཅན་པའི་སེམས་ལ་ཟུག་བཞིན་པའི་ཚོར་བ་ནི་མི་རིགས་ལ་དུང་སྣང་ཞིག་དང་དགྲ་ལ་སྡངས་སེམས་འདི་རེད། ཚོར་བ་འདི་གཡུག་ཚར་རྗེས་ང་ཚོས་ཅི་ཞིག་གླེང་ནས་གང་དེ་རྩོད་དགོས་བ་ཡིན་ནམ། ནན་བཤད་འདོད་པ་ཞིག་ལ་བསམ་གཞིགས་གཞན་དབང་ནས་མ་གཏོང་ཟེར་རྒྱུ་ཡིན། གོ་བ་ལོན་མེད་གང་ཤེས།

    Reply
  2. འཇམ་གཅེས ། says:
    ལོ་ 14 སྔོན།

    ཁ་བཤད་ལས་ལག་ལེན་གལ་ཆེ་བ་ཡིན་པ་ཤེས་གྱི་ཡོད་དམ་་་་་་་་་་་་་་་་་་་་

    Reply
  3. མང་ཐོས། says:
    ལོ་ 14 སྔོན།

    རྩོམ་པ་བོ་མིག་མི་འཛུམ་ལགས་ཀྱིས་བརྩམས་པའི་རྩོམ་ཡིག་འདིའི་ནང་དོན་དང་། ངའི་སེམས་ཚོར་གཉིས་ཧ་ཅང་ཐག་ཉེ་བོ་ཉེ་བོ་རེད། ཡིན་ན་ཡང་སེམས་ཚོར་ནི་སེམས་ཚོར་རང་རེད། སེམས་ཚོར་འདིའི་རིགས་ཁོང་ཁྲོ་དང་གཅིག་ཏུ་འདྲེས་པས་འཇུག་འབྲས་ཅི་བྱུང་ལ་འགན་ཁུར་གྱི་འདུ་ཤེས་ཀྱི་ཆ་ཡོད་མི་སྲིད། སེམས་ཚོར་འདིའི་རིགས་སྲོག་ཆགས་ཕལ་ཆེ་བ་ལ་ཡོད།

    Reply
  4. ནད་པ says:
    ལོ་ 14 སྔོན།

    མིག་མི་འཛུམ་གྱིས་རྩོམ་ཡིག་རེ་བྲིས་ཡོང་དུས་དངོས་གནས་དོན་སྙིང་འདུག ཆོས་དང་ཆབ་སྲིད་གཉིས་རྦད་དེ་ཐ་དད་གཅིག་རེད།

    ཆབ་སྲིད་སྒོ་ནས་བལྟས་ན་མིག་མི་འཛུམ་གྱི་གང་བརྗོད་བཞིན་པ་ལྟར་དགྲ་འདུལ་གཉེན་སྐྱོང་རང་དགོས་པ་དེ་དོན་ལ་གནས་ཀྱིན་འདུག ཆོས་ཀྱི་སྒོ་ནས་བཤད་ན་་་་་་་ཁེ་དང་རྒྱལ་ཁ་གཞན་ལ་འབུལ་་་་་་གྱོང་དང་བུ་ག་རང་གིས་ལེན་་་་་ཟེར་བ་དེ་རང་རེད།

    ་་་་་་་་་་ཁག་ཅིག་གིས་བོད་རྒྱ་ཞི་མོལ་དང་སྐུ་ཚབ་བསྐོ་འཇོག་གི་སྐོར་ནས་གླེང་སློང་བྱེད་ཀྱིན་ཡོད། བྱ་གྲགས་ཚོད་དང་ནམ་ལང་ཚོད་མི་ཟིན་པའི་མི་མང་བོ་ཞིག་གིས་ཀྱང་ཚ་ཚ་འུར་འུར་གྱིས་དགྲ་ལ་གཉེན་གྱི་འདུ་ཤེས་འཛིན་གྱི་ཡོད་པ་མཐོང་་་་་་

    སྐུ་ཚབ་དང་ཞི་མོལ་ཟེར་བ་དེ་ཕྱོགས་གཉིས་ཀྱི་ཉི་མ་བསྐྱལ་རྒྱུའི་སྐད་ཆ་གཅིག་ཡིན། དེའི་ཐོག་གཅིག་ལབ་མཁན་ཚོར་་་་གཞོང་པ་སྟོང་པའི་གཞུང་འཛིང་ཟེར་བ་དེ་རེད།་་་་

    Reply
  5. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    བོད་ཀྱི་བཤད་རྒྱུན་ཞིག་ལ། བསམ་དཀར་ཚོ་སྡེ་གྲལ་འཚོ་རྒྱབ་ན་ཁ་ཁོག་མེད་པར་ཆུ་རྒྱུག་རྒྱུག་བཞིན། བསམ་རྒྱུ་སྤྱི་དོན་དང་དྲན་རྒྱུ་གཞུང་དོན་མ་གཏོགས་ཡོད་བ་མ་རེད་ཟེར་སྲོལ་ལྟར། དངོས་ནས་མིག་མི་འཛུམ་པ་འདི་བོད་སྤྱི་བའི་དོན་དུ་བཤད་ཕོད་པ་དང་བསམ་ཕོད་པ་ཞིག་རེད་བསམ་པ་དྲན་ཡོད། མ་གཞི་ནས་བཙན་བྱོལ་བོད་མིའི་ཁྲོད་ན་རྩོམ་སྒྲིག་པ་དང་རྩོམ་པ་པོ། སྙན་ངག་པ་དང་གསར་འགོད་པ་ཐ་ན་ཐན་ནེ་བྱུང་མྱོང་བ་མ་ཟད། འཚོ་སྡོད་ལྟོ་གོས་ལ་སོགས་ཀྱང་བྱ་བྱེད་དེ་རིགས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན། འོན་ཀྱང་། མིག་མི་འཛུམ་པ་འབོད་པའི་གནས་ལུགས་འདི་དང་གླེང་གཞི་འདིའི་ཁྲོད་ན། ཡུལ་གྱར་བོད་མིའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་དེ་ཚོ་དོན་གྱི་བསམ་གཞིགས་སྟོང་བའམ་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་འདི་ཅིས་ཀྱང་དགོད་སྤྲོ་བ་ཞིག་རེད། དོན་དམ་པས་རྩོམ་སྒྲིག་པ་དང་རྩོམ་པ་པོ་འདི་ཚོ་ཚིག་གྲུབ་བཟོ་རྒྱུ་དཀའ་ངལ་ཡོད་བ་མ་རེད་དེ། གནས་ལུགས་ཟེར་བའི་སྐད་ཆ་དེ་བཤད་ཤེས་ཀྱིན་མེད་པ་མིན་ནམ། དེ་མ་གཏོགས་མིག་མི་འཛུམ་པ་འབོད་པས་བཙན་བྱོལ་བོད་ཀྱི་ཤེས་ཡོན་པ་ཚོའི་སྒོ་ཅི་ལྟར་རྡུང་ན་དེ་ལྟར་ཕྱི་བ་དགུན་ཉལ་བཞིན། ལྟོ་གོས་འཛོམས་པོ་རེ་སྒྲིག་ནས་སྒོམས་ལ་བསྡད་ཡོད་པ་འདྲ་བ་འདུག བློ་ཕམ་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese