མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀཱ་ན་ཊ་ཀཱའི་ནང་བོད་དོན་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཕྱོགས་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཀཱ་ན་ཊ་ཀཱ་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན།  གྲོས་ཚོགས་ཚོགས་གཙོ་བཅས་གནད་ཡོད་མི་སྣར་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོཊ། བྱང་ཤར་བཅས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་མགོ་བཙུགས་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་བུ་མོ་ཚེ་རིང་། ཚེ་རིང་གཡུ་སྒྲོན། བློ་བཟང་ཡེ་ཤེས། འཇིཊ་མེད་འབྱུང་གནས། ཨ་ཀྲུག་ཚེ་བརྟན་ལཊ་བཅས་ཀྱིས། ཉིན་དེར་ཀཱ་ན་ཊ་ཀཱ་མངའ་སྡེིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ (B.P Bopiah)  མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་ཁང་དུ་གཟིགས་སྐོར་བཅས་གནང་ཡོད་འདུག་ལ། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ (Banglore Press Club) ཞེས་པའི་ནང་རླུང་བརྙན་འཕྲིན་དང་དྲ་རྒྱ། ཚགས་ཤོག་བཅས་ཀྱི་གསར་འགོད་པ་ ༣༠ ལྷག་ལ་བོད་ནང་གི་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་ཐོག་གསར་འགོད་གསལ་བསྒྲགས་དང་། བོད་དོན་ངོ་སྤྲོད་ཀྱི་དེབ་དང་ཡིག་ཆ་འགྲེམས་སྤེལ།  སྐར་མ་དྲུག་ཅན་གྱི་བོད་ནང་གི་ཛ་དྲག་གནས་སྟངས་དང་རང་ལུས་མེར་བསྲེཊ་སྐོར་གྱི་གློག་བརྙན་གཟིགས་འབུལ་བཅས་གནང་ཡོད་འདུག

ཉིན་རྒྱབ་ཀཱ་ན་ཊ་ཀཱའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ (Jagadish Shetter) མཆོག་དང་མཇལ་འཕྲད་ཀྱིས། བོད་དོན་ངོ་སྤྲོད་ཀྱི་དེབ་དང་ཡིག་ཆ། འོད་སྡེར་སོགས་ཕུལ་ཡོད་པ་མ་ཟད། རང་ལུས་མེར་བསྲེཊ་གཙོས་པའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པར། བློན་ཆེན་མཆོག་གིས་ ཀཱ་ན་ཊ་ཀཱ་མངའ་སྡེའི་ནང་ལྟ་བ་མི་མཐུན་པའི་ཚོགས་སྡེ་འདྲ་མིན་ཡོད་ཀྱང་། ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་དང་། ཁོང་གཙོས་པའི་མངའ་སྡེ་མི་མང་དུས་ནམ་ཡང་བོད་དང་བོད་མིའི་རྒྱབ་ཏུ་ཡོད་ཅེས་སོཊ་གསུངས་ཡོད་པ་མ་ཟད། ཉིན་དེར་སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་ (B.Syeddurappa) མཆོག་དང་ལྕམ་སྐུ་ (Shobhs Karandlagr) མཆོག་དང་། བློན་ཆེན་( mokrigehi) མཆོག གྲོས་ཚོགས་འཐུས་མི་ཁག་ཅིག་བཅས་ཀྱིས་ཀྱང་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག

ཕྱི་ཚེས་ ༣ ནས་ ༥ བར་སྤྱི་འཐུས་རྣམ་པས་མུ་མཐུད་ཀིང་རི་སི་མངའ་སྡེ་སྤྱི་ཁྱབ་ལས་ཁུངས་སུ་བཅར་ཏེ་རྒྱུན་ལས་ ༢༣ ཙམ་ལ་ཐུག་འཕྲད་དང་། བློན་ཆེན་དང་འཐུས་མི་ཟུར་བ་བཅས་ཚོགས་སྡེ་འདྲ་མིན་གྱི་མི་སྣ་ ༡༨ ལྷག་བཅས་སུ་སྔ་ཕྱིར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་མ་ཟད། མངའ་སྡེ་བློ་ཆེན་དང་འཐུས་མི་ཁག་ཅིག་གདན་ཞུའི་ཐོག་མི་མང་ལ་གཏམ་བཤད་དང་མར་མེ་ཁྲོམ་སྐོར་བཅས་གོ་སྒྲིག་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese