མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧེམ་རཱ་ཇཱིའི་མགོ་ཕྱིར་ཁྱེར་ཡོང་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཇཱ་མོ་ཀ་ཤཱི་མུར་ཕྱོགས་ཀྱི་རྒྱ་གར་དང་པཱ་ཀི་སི་ཐན་མཐའ་མཚམས་སུ་ཕན་ཚུན་དམར་གསོད་དོན་རྐྱེན་བྱུང་རྗེས། ཕྱོགས་གཉིས་པར་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་ཡོད་འདུག

ཉེ་ཆར་ཕྱི་ཚེས་ ༦ ཉིན་རྒྱ་གར་དང་པཱ་ཀི་སི་ཐན་ས་མཚམས་ནས་རྒྱ་གར་མཐའ་སྲུང་དམག་གིས་པཱ་ཀི་སི་ཐན་གྱི་དམག་གཅིག་དམར་གསོད་དང་གཅིག་ལ་རྨས་སྐྱོན་བཏང་རྗེས། ཕྱི་ཚེས་ ༨ ཉིན་པཱ་ཀི་སི་ཐན་མཐའ་སྲུང་དམག་གིས་རྒྱ་གར་མཐའ་སྲུང་དམག་ལ་དྲག་རྒོལ་བྱས་ཏེ། རྒྱ་གར་གྱི་དམག་མི་གཉིས་དམར་གསོད་བྱས་པ་མ་ཟད་གཅིག་གི་ཡན་ལག་གཅོད་འབྲེག་དང་གཞན་དེའི་མགོ་བཅད་དེ་ཁྱེར་ཡོད་ཅིང་། དོན་རྐྱེན་དེ་དག་གི་རྗེས་སུ་རྒྱ་གར་དང་པཱ་ཀི་སི་ཐན་བར་གྱི་གནས་བབ་ཛ་དྲག་ཆེ་རུ་འགྱུར་བཞིན་ཡོད།

གོང་གི་དོན་རྐྱེན་དེ་དག་ཐད་ཨ་རིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱིས།ཕྱོགས་གཉིས་བར་མེ་མདའ་རྒྱག་མཚམས་བཞག་སྟེ་ཞི་འགྲིག་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། མཐའ་མཚམས་སུ་ཕན་ཚུན་བར་མུ་མཐུད་མེ་མདའ་རྒྱག་རེས་བྱེད་བཞིན་ཡོད་འདུག་ལ། རྒྱ་གར་མི་མང་ཁྲོད་གཞུང་གིས་པཱ་ཀི་སི་ཐན་ལ་རྒོལ་ལན་སྤྲོད་ཀྱི་མེད་པར་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་དང་སྤེལ་མུས་སུ་ཡོད་འདུག

ཁ་སང་གཟའ་ཉི་མའི་ཉིན་བྷི་ཇི་པི་ (BJP) ཁ་གཏད་ཚོགས་པས། རྒྱ་གར་དམག་མི་གཉིས་དམར་གསོད་དང་མགོ་ལག་བཅད་པའི་དོན་རྐྱེན་བྱུང་ནས་ཉིན་དྲུག་ཙམ་འགྲོ་བཞིན་ཡོད་ཀྱང་། སྲིད་བློན་མན་མོ་ཧན་སེན་གྱིས་སྐད་ཆ་གང་ཡང་མ་བཤད་པར་ཁུ་སིམ་སིམ་ཡོད་པ་དང་གཞུང་གིས་ཁ་གསལ་གྱི་ཡ་ལན་ཅི་ཡང་སྤྲོད་ཀྱི་མེད་པར་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད།

ཕྱི་ཚེས་ ༨ ཉིན་དམར་གསོད་ཐེབས་མཁན་རྒྱ་གར་དམག་མི་གཉིས་ལས་སུ་ཌར་སེན་( Sudhakar Singh) གྱི་ཡན་ལག་གཅོད་འབྲེག་དང་། ཧེམ་རཱ་ཇཱི་(Hemraj) ཡི་མགོ་བཅད་དེ་ཁྱེར་ཡོད་སྟབས། ཧེམ་རཱ་ཇཱི་ཡི་བཟའ་ཟླ་ནང་མི་ཚོས་ཟས་བཅད་ངོ་རྒོལ་བྱས་ནས་ཉིན་ཉིན་དྲུག་པ་འགྲོ་བཞིན་ཡོད་པ་དང་། ད་ཆར་ཟས་རིགས་ཙམ་མ་ཟད་ཆུ་སོགས་གཤེར་ཁུའི་རིགས་ཀྱང་མ་འཐུང་པར་ཟས་བཅད་དུ་བསྡད་ཡོད་འདུག་ལ། ཁོ་ཚོས་རྒྱ་གར་སྤྱི་ཁྱབ་དམག་དཔོན་བྷེག་རམ་སེན་(Bikram Singh) དངོས་སུ་ཁོ་ཚོའི་སར་ཡོང་སྟེ། ཧེམ་རཱ་ཇཱི་ཡི་མགོ་པཱ་ཀི་སི་ཐན་གྱི་ལག་ནས་ཕྱིར་ཁྱེར་ཡོང་རྒྱུ་ཁག་ཐེག་མ་བྱས་པར་ཟས་བཅད་ངོ་རྒོལ་མཚམས་འཇོག་རྒྱུ་མིན་ཚུལ་བརྗོད་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་རྒྱ་གར་སྤྱི་ཁྱབ་དམག་དཔོན་བྷེག་རམ་སེན་གྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ། པཱ་ཀི་སི་ཐན་གྱིས་དམག་མི་ས་མཚམས་བརྒལ་ཏེ་རྒྱལ་གར་གྱི་དམག་མིའི་སྟེང་དྲག་རྒོལ་བྱས་པ་དང་། ལྷག་པར་དུ་དམར་གསོད་ཐེབས་མཁན་གྱི་ཡན་ལག་གཅོད་འབྲེག་དང་མགོ་བཅད་དེ་ཁྱེར་པ་ནི་གུ་ཡངས་གཏོང་ཐབས་མེད་པ་དང་ནམ་ཡང་བཟོད་སྒོམ་བྱ་ཐབས་བྲལ་བ་ཞིག་ཡིན་སྐོར། པཱ་ཀི་སི་ཐན་ལ་ཡ་ལན་གང་འདྲ་སྤྲོད་མིན་གྱི་ཐག་གཅོད་ནི་གཞུང་གི་ལག་ཏུ་ཡོད་ཀྱང་། མཐའ་མཚམས་སུ་ཡང་བསྐྱར་པཱ་ཀི་སི་ཐན་ཕྱོགས་ནས་དྲག་རྒོལ་བྱུང་པ་ཡིན་ན། ཁོ་ཚོས་མཐའ་གཅིག་ཏུ་ཕར་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་ཁོང་གིས་ཧེམ་རཱ་ཇཱི་ཡི་བཟའ་མི་ཚོའི་སེམས་ཚོར་ལ་བསམ་ཤེས་བྱེད་ཐུབ་པ་ཞིག་ཡིན་པ་དང་། དཔའ་བོའི་ནང་མིར་ཕྱོགས་གང་ཐད་ནས་རོགས་རམ་ཞུ་ངེས་ཡིན་པ། ཕྱི་འབྲེལ་བརྒྱུད་ཧེམ་རཱ་ཇཱི་ཡི་མགོ་ཕྱིར་ནང་མིར་རག་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese