ནོར་ཝེ་རྒྱལ་སར་འཚོཊ་བཞིན་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པའི་སྟེང་བོད་དོན་གློག་བརྙན་ ༣ གཟིཊ་འབུལ་དང་། སྐབས་དེར་བོད་མིའི་རང་སྲེག་སྐོར་གྱི་བགྲོ་གླེང་ཞིག་ཀྱང་འཚོཊ་རྒྱུ་ཡིན་འདུག
ནོར་ཝེ་འགྲོ་བ་མིའི་ཐོབ་ཐང་ཁང་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༦ ནས་ ༡༢ ཉིན་བར་ནོར་ཝེ་རྒྱལ་ས་ཨོ་སི་ལོ་རུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་སྟོན་མགོ་བཙུགས་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་སྐབས་བོད་དོན་སྐོར་གྱི་གློག་བརྙན་ཏེ། ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་སྐྲུན་ཞུས་པའི་གློག་བརྙན་༼འཇིགས་བྲལ༽དང་། སྐུ་ཞབས་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་གཉིས་ཐུན་མོང་གིས་བཟོ་སྐྲུན་ཞུས་པའི་༼སྤྲིན་པའི་རྒྱབ་ཀྱི་ཉི་མ༽། དེ་བཞིན་སྐུ་ཞབས་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོ་སྐྲུན་ཞུས་པའི་༼དབྱངས་ལ་ཐིམ་པའི་བོད༽བཅས་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
ད་ཐེངས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དང་བསྟུན། འཛམ་གླིང་སྟེང་གི་མི་རིགས་དབྱེ་འབྱེད་དང་དཔལ་འབྱོར་དབྱེ་འབྱེད། སྨྲ་བརྗོད་རང་དབང་། མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྐོར་དང་། བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་བོད་མིའི་རང་ལུས་མེར་བསྲེགས་གནས་ཚུལ། རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་སྐོར་གྱི་གནས་སྟངས་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག་ལ། ཚོགས་འདུའི་སྐབས་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རན་ལགས་ཀྱིས་ཚོགས་ཞུགས་པ་ཚོར་བོད་ནང་གི་རང་ལུས་མེར་བསྲེགས་གནང་སྟངས་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།