མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༧༠ འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་རང་བསྲེགས་ངོ་རྒོལ་ལ་བརྒྱུད་སྐུལ་གྱི་ཉེས་འཛུགས་འོག  རེབ་གོང་དུ་བོད་མི་ ༧༠ འཇུ་བཟུང་བྱས་པའི་ཁྲོད་བོད་མི་ ༡༢ ལ་ཁྲིམས་ཐག་གཅོད་གཏན་ཁེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། མཚོ་སྔོན་གྱི་ཉེན་རྟོག་སྡེ་ཁག་གིས་བོད་མདོ་སྨད་རེབ་གོང་ཁུལ་གྱི་མེར་བསྲེགས་ངོ་རྒོལ་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག  བོད་མི་ ༧༠ འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། དེའི་ཁྲོད་མི་ ༥༢ ལ་དྲག་སྡོམ་འདྲི་གཅོད་དངོས་སུ་ལག་བསྟར་དང་། མི་ ༡༢ དངོས་སུ་འཛིན་བཟུང་ཁྲིམས་གཅོད་བྱ་གཏན་ཁེལ་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། འཕགས་པ་དང་སྒྲོལ་མ་སྐྱབས་གཉིས་ལ་ཆེད་དུ་མི་དམར་གསོད་བཏང་བའི་ཉེས་འཛུགས་བྱས་ཡོད་འདུག

རྒྱ་གཞུང་གི་གནས་ཚུལ་དེའི་ནང་། འཇུ་བཟུང་བཀག་ཉར་བྱས་ཡོད་པའི་བོད་མི་དེ་དག་ནི། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་སྒྲོལ་མ་ཐང་ཆེན་དུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་རེབ་གོང་གྲོང་རྡལ་གྱི་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་དུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད། ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་རེབ་གོང་བཙན་མོ་མགོ་སྡེ་བའི་འདུ་ཁང་ཆོས་རྭའི་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་མོ་ཏང་འཛིན་སྒྲོལ་མ་བཅས་ཀྱི་རང་བསྲེགས་ངོ་རྒོལ་དང་འབྲེལ་བ་ཡོད་ལུགས་བརྗོད་པ་མ་ཟད། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཀུན་སྤྱོད་ལ་སྒྲོ་འདོགས་དམའ་འབེབས་སོགས་བྱས་ཏེ།  མི་སྒེར་གྱི་འཚོ་བའི་དཀའ་ངལ་དང་བཟའ་ཚང་འགྲིག་མཐུན་མ་ཡོང་པ་སོགས་ལ་བརྟེན་ནས་རང་བསྲེགས་བྱས་པ་ཡིན་སྐོར་རྫུན་སྒྲོག་བྱས་ཡོད་པ་རེད།

རྨ་ལྷོ་ཁུལ་ཉེན་རྟོག་ཁང་གི་མགོ་གཙོ་གཞོན་པ་ཝང་ཧུའུ་ཁྲིན་གྱིས།  ༢༠༡༢ ཕྱི་ཟླ་ ༦ ནང་འཕགས་པ་རེབ་གོང་ཐུན་རིན་རྫོང་གི་ཁྲིམས་མཐུན་མིན་པའི་༼གངས་ལྗོངས་སྲོལ་རྒྱུན་རིག་གནས་ཞབས་ཞུ་ཚོགས་པ༽ནང་འཛུལ་ཞུགས་བྱས་ཡོད་པ་མ་ཟད། ཐེངས་མང་པོར་ཚོགས་པ་དེའི་སྐུ་ཚབ་བྱས་ཏེ་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་སྐུ་ཕུང་ཞུགས་འབུལ་ཐོག་སྐུལ་སློང་གཏམ་བཤད་དང་། ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ཁོས་དགེ་རྒན་གྱི་ཐོབ་ཐང་བེད་སྤྱད་དེ། ཐུན་རིན་རྫོང་མདོ་བ་ཞང་གི་སློབ་ཕྲུག་ ༥༠ དང་ས་གནས་ཡུལ་མི་བཅས་མདོ་བ་ཞང་སྲིད་གཞུང་གི་སྒོ་ཁར་འདུ་འཛོམས་བྱེད་བཅུག་སྟེ། བོད་རང་བཙན་གྱི་སྐད་འབོད་བྱས་ཡོད་སྐོར་དང་། དེ་བཞིན། ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་སྒྲོལ་མ་སྐྱབས་ཀྱིས་རྡོ་སྣུམ་དང་སྲིང་བལ། ཙིག་སྨན་སོགས་གྲ་སྒྲིག་གིས་རང་བསྲེགས་གཏོང་རྩིས་བྱས་སྐབས། ནང་མིས་ཤེས་རྟོག་བྱུང་སྟེ་བཀག་འགོག་བྱས་མཐར་མེར་བསྲེགས་གཏོང་ཐུབ་མེད་ཚུལ་བརྗོད་འདུག 

ཉེ་སྔོན་རེབ་གོང་ཁུལ་དུ་རང་བསྲེགས་ངོ་རྒོལ་རིམ་པར་བྱུང་བའི་རྗེས།  མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཁང་གིས་རྨ་ལྷོ་ཁུལ་དུ། ཞིང་ཆེན་རིམ་པའི་མེར་བསྲེགས་གྱོད་དོན་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་ཡོད་པ་དང་། ཚོགས་ཆུང་དེའི་མགོ་གཙོའི་འགན་ནི་མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཁང་གི་མགོ་གཙོ་གཞོན་པ་ལུའུ་པིན་ཆཱན་ཁུར་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese