གནས་ཚུལ་འབྱོར་གསལ་ལ། ཕྱི་ཟླ་ ༢ ཚེས་ ༡༡ ཉིན་སྟེ་ལོ་གསར་ཚེ་གཅིག་ཉིན། ཨོ་སི་ཊོར་ལེ་ཡའི་ནེའུ་ཁས་སལ(Newcastle)བོད་རིགས་ཚོགས་པས་སྣེ་ཁྲིད་འོག ས་གནས་སིཌ་ནའེ་(Sydney)རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། ཁུལ་དེའི་བོད་མི་ ༣༠ ཙམ་གྱིས་༼ ལོ་གསར་ཚེས་གཅིག་ལ་ཟས་མི་ཟ་༽ཞེས་བའི་ཁ་བྱང་འོག་ཆུ་ཚོད་ ༡༢ རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག
དེ་ནི་བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ལྷག་པར་ལོ་གཉིས་ཕྱིར་འགྱིང་གིས་སྲོག་ཁྲིམས་ཕོག་མཁན་གྲྭ་བློ་བཟང་དཀོན་མཆོག་གཙོས་རྒྱ་དམར་གྱི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་ཆབ་སྲིད་བཙོན་མ་རྣམས་དང་། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན་འདུག