མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ར་ལུག་ ༥༠༠༠ ཤི་སྐྱོན།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ལ་དྭཊ་བྱང་ཐང་ཁུལ་དུ་གངས་རུད་ཀྱི་གནོད་འཚེ་ཤུཊ་ཆེན་པོ་ཞིག་ཐེབས་ཏེ། ས་གནས་བོད་པ་དང་ཡུལ་མིའི་ར་ལུག་ལྔ་སྟོང་བརྒལ་བར་ཤི་སྐྱོན་ཚབས་ཆེན་བྱུང་འདུག  

ཉེ་ལམ་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་གློ་བུར་དུ་གནམ་གཤིས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལྷག་པར་དུ་ཟླ་འདིའི་ཟླ་མགོ་ཙམ་ལ་ལ་དྭགས་བྱང་ཐང་ཁུལ་གྱི་འབྲོག་སྡེ་ཁག་ཏུ་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་གངས་རུད་ཤུཊ་ཆེན་པོ་ཞིག་བརྒྱབ་སྟེ། ཁུལ་དེའི་བོད་རིགས་འབྲོག་སྡེ་ཁག་ ༩ དང་ས་གནས་ཡུལ་མི་ཚོའི་ར་ལུག་ཚུད་པའི་སྒོ་ཕྱུགས་གྲངས་ ༥༠༠༠ བརྒལ་བར་འཆི་སྐྱོན་དང་། ར་ལུག་དེ་ལས་མང་བར་རྩྭ་དུས་ཐོག་ཏུ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཅིང་། བྱང་ཐང་ཁུལ་དུ་གནམ་གཤིས་ཧ་ཅང་འཁྱཊ་པའི་སྟབས་ཀྱིས་གོད་ཆག་དེའི་ཁྲོད་རང་གི་རང་གི་མིག་དང་རྐང་ལག་འཁྱཊ་ཕྱིད་ཐེབས་མཁན་གྱི་འབྲོག་པ་ཡང་གང་འཚམ་ཞིག་བྱུང་ཡོད་འདུག

གནད་དོན་དེའི་ཐད་ལ་དྭགས་བསོད་ནམས་གླིང་གཞིས་ཆཊ་ཀྱི་གཞིས་མགོ་དོན་གྲུབ་བཀྲ་ཤིས་ལཊ་ཀྱིས་འདི་ག་གསར་ཁང་ལ་བརྗོད་དོན་ལྟར་ན། གངས་རུད་རྒྱག་ཡུལ་གཙོ་བོ་ལ་དྭགས་བྱང་ཐང་ཁུལ་གྱི་བོད་རིཊ་འབྲོག་སྡེ་ཁག་ ༩ དང་དེ་མིན་གྱི་ས་གནས་ཡུལ་མི་སྡོད་སའི་འབྲོག་ས་ཁག་ཅིག་ཡིན་ཞིང་། གོད་ཆག་དེའི་ཁྲོད་ཁྱོན་ར་ལུག་གཙོས་སྒོ་ཕྱུགས་ ༥༠༠༠ བརྒལ་བར་འཆི་སྐྱོན་དང་། དེའི་ཁྲོད་བོད་པའི་འབྲོག་སྡེ་ཁག་ནས་ར་ལུག་གཙོས་སྒོ་ཕྱུཊ་གྲངས་ ༡༣༠༠ ལྷག་འཆི་སྐྱོན་བྱུང་ཡོད་འདུག

ལ་དྭགས་བྱང་ཐང་དུ་གངས་རུད་ཀྱི་གོད་ཆག་དེ་བྱུང་འཕྲལ་ལ་དྭགས་རྒྱལ་ས་སླེ་རུ་ཡོད་པའི་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་མགོའི་ལས་ཚབ་ཞིག་གང་མགྱོཊ་གནོད་འཚེ་ཐེབས་ཡུལ་བོད་རིགས་འབྲོག་སྡེ་བཀག་གཞུང་དང་རྒོལ་ཡུལ། ཆུ་མུར། ཧེན་ལེ། གསུམ་མདོ། བྱང་ཐང་ཉི་མ་བཅས་སུ་རྟོག་ཞིབ་ཏུ་བསྐྱོད་ཡོད་པར་མ་ཟད། ད་ཆར་ས་གནས་གཞིས་མགོ་དང་ལ་དྭགས་རང་སྐྱོང་སྡེ་ཚན་མགོ་ཁྲིད་སོཊ་ཀྱིས་སྣེ་ཁྲིད་འོག ལ་དྭགས་ས་གནས་རྫོང་སྲིད་གཞུང་དང་འཕཊ་བོད་ས་མཚམས་སྐོར་སྲུང་རུ་ཁག་དང་དྲག་ཆས་རུ་ཁག བོད་མིའི་དམག་མི་རུ་ཁག་བཅས་ཀྱིས་དུས་ཐོག་འབྲོག་སྡེ་ཁག་ཏུ་ལམ་ཁ་བཟོ་བ་དང་། མི་དང་སྒོ་ཕྱུགས་སེམས་ཅན་ལ་སྨན་དང་ལྟོ་ཆས་དབོར་འདྲེན་སོཊ་བྱེད་ཀྱིན་ཡོད་འདུག

ད་ཐེངས་ཀྱི་གོད་ཆག་དེའི་ཐད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་ན། ལ་དྭགས་ཁུལ་དུ་ཡང་དང་བསྐྱར་དུ་གནམ་གཤིས་དཀའ་འཕྲད་བཞིན་པའི་སྟབས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་གཉིས་ཙམ་གོང་ནས། ལ་དྭགས་ཁུལ་དུ་འབྱུང་བའི་ཉེན་འགོག་ཆེད་རོཊ་སྐྱོར་མ་དངུལ་ཧིན་སྒོར་འབུམ་ ༥༠ སྐྱེད་ཆུང་བུན་གཏོང་དང་། ར་ལུག་གི་རྩྭ་དང་གཟན་ཆས་མངཊ་ཉོ་དང་སྐྱེལ་འདྲེན་ཆེད་ཧིན་སྒོར་འབུམ་ ༡ སྔ་འདོན་ཞུས་ཡོད་འདུག

ལ་དྭགས་ཁུལ་དུ་ཕྱི་ལོ་ ༡༩༩༨ དང་ ༢༠༠༤ ལོ་བཅས་སུ་འབྱུང་བའི་གོད་ཆག་བྱུང་ཡོད་ཅིང་། ད་ཆར་དྭགས་ཁུལ་དུ་བོད་མི་ ༧༣༠༠ ཙམ་དང་བྱང་ཐང་འབྲོག་ཁུལ་དུ་བོད་མི་ ༣༠༠༠ ལྷག་གནས་སྡོད་བྱེད་ཀྱི་ཡོད།

གསར་འགོད་པ། དཔལ་ལྡན།

ཞིབ་ཕྲའི་གནས་ཚུལ་དུས་བབ་གསར་ཤོག་ལ་གཟིགས།   

 

འབྲེལ་ཡོད་གསར་འགྱུར།

Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༥ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༡༡ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨

མཆན། 2

  1. རྒྱང་ལྟ། says:
    ལོ་ 13 སྔོན།

    གནམ་སྔོན་པོ། བོད་དང་བོད་རིགས་ཚོའི་སྡུག་འདི་ཅི་ཡིས་ནོངས་སམ།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    འབྲོག་པར་གང་ཡོད་པ་ནི་ཕྱུགས་རིགས་ཁ་གྲངས་ལས་གཞན་གང་ཡང་མེད། གོད་ཆག་འདི་ལྟར་བྱུང་ཐེངས་རེ་ལ་འབྲོག་པའི་གནས་སྟངས་བསྡུས་གསོག་བརྒྱབ་ཟིན་པ་རེད།

    མི་ཡུལ་དུ་བྲོས་རྗེས་ཀྱི་མི་ལོ་ཧྲིལ་པོ་དྲུག་བབཅུ་བརྒལ་འགྲོ་བའི་བརྒྱུད་རིམ་ནང་ལ་དྭགས་བྱང་ཐང་ལས་འཚོ་ཐབས་སྐྱོ་བའི་བཙན་བྱོལ་གཞིས་ཆགས་ཞིག་མེད་པ་རེད།

    དེས་ན་བཀུར་འོས་སྲིད་སྐྱོང་མཆོག་དང་ནང་སྲིད་བཀའ་བློན་སོགས་ནས་ཁོང་ཚོའི་བདེ་སྡུག་དེ་གནས་སྐབས་ཀྱི་རོགས་སྐྱོར་ཉེན་འགོག་ཙམ་གྱིས་མ་འཐུས་པར་ཕུགས་རྒྱང་རིང་པོའི་ལས་འཆར་ཞིག་དགོས་པ་ནི་དབུལ་ཕོངས་དཀའ་བསལ་གྱི་་དགོས་ངེས་ཅན་གྱི་གནས་དོན་ཞིག་རེད་ལགས་སྙམས།

    གོད་ཆག་འཐེབ་པའི་སྐྱབས་བཅོལ་དང་ཡུལ་མི་གཉིས་ཀྱི་མི་མང་ཚང་མར་སེམས་ཤུགས་མ་ཆག་པར་འབད་བརྩོན་འཐབ་རྩོད་གང་ལྕོགས་གནང་རོགས་གནང་ཞུ་རྒྱུ་ཡིན།

    ཚེ་རིང་། བླ་མས་སྐྱོབས།

    གསར་འགོད་པའི་མིག་དཀྲུས་རིང་སར་སླེབས་པར་བསྔགས་ཡོད།

    ཐུགས་རྗེ་ཆེ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese