མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་བོད་མིས་ཞིས་ལ་སྙན་ཞུ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་བསྟུན། ཡུ་རོབ་བོད་རིཊ་ཚོཊ་པ་ ༣༠ ཙམ་གྱིས་ཐུན་མོང་ཐོག་རྒྱ་ནག་སྲིད་འཛིན་གསར་པ་ཞིས་ཅིན་ཕིན་ལ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་དགོས་འདུན་དོན་ཚན་ ༥ ཅན་གྱི་ཞུ་ཡིག་ཅིག་འབུལ་རྒྱུ་ཡིན་འདུག

ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པ་དང་སྟབས་བསྟུན་ཏེ། ཡུ་རོབ་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་སོཊ་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་ ༣༠ ཙམ་གྱིས་ཐུན་མོང་ཐོག རྒྱ་ནག་སྲིད་འཛིན་གསར་པ་ཞིས་ཅིན་ཕིན་གྱི་མིང་ཐོག་ཏུ། བོད་མིའི་རང་ལུས་མེར་བསྲེཊ་གནས་ཚུལ་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་ཐད། དགོས་འདུན་དོན་ཚན་ ༥ ཅན་གྱི་ཡིག་ཐོག་ཞུ་ཡིག་ཅིག་འབུལ་རྒྱུ་ཡིན་འདུག

རྒྱ་ནག་སྲིད་འཛིན་ཞིས་ཅིན་ཕིན་ལ་འབུལ་རྒྱུའི་ཞུ་ཡིག་དེར་འཁོད་དོན། “དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པ་ཞིས་ཅིན་ཕེན་མཆོག་ལ་ཞུ་རྒྱུར། ད་བར་བོད་ནང་བོད་མི་ ༡༠༤ ཙམ་གྱིས་རང་སྲེག་ངོ་རྒོལ་བྱས་པའི་ཛ་དྲག་གནས་སྟངས་དེར། ཡུ་རོབ་གནས་སྡོད་བོད་མི་ཡོངས་ཀྱིས་སེམས་འཚབ་དང་བློ་ཕམ་བྱེད་ཀྱི་ཡོད། སྐུ་ཉིད་ཀྱིས་མཁྱེན་གསལ་བཞིན་བོད་མི་རིཊ་འདི་འདས་པའི་ལོ་ངོ་སྟོང་ཕྲག་རིང་རྒྱལ་ཁབ་རང་བཙན་ཡིན་པའི་ལོ་རྒྱུས་དང་། སྲིད་འབྱོར་རིག་གསུམ་རྒྱ་ནག་དང་ཐད་དད་ཡིན་པའི་བྱུང་རབས་ལ་གཟུར་གནས་ཤེས་ལྡན་ཀུན་གྱིས་བསྟོད་བསྔཊ་དང་། བོད་ཀྱི་ཐུན་མོང་མིན་པའི་ལོ་རྒྱུས་གནས་བབ་ལ་གཞིཊ་ཏེ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས། ༡༩༥༠ ལོར་བོད་ལ་དབང་སྒྱུར་བྱེད་མགོ་བརྩམས་ནས་ད་ཡོད་ཞིང་ཆེན་ལྔའི་ཁོངས་སུ་ཡོད་པའི་བོད་རིཊ་གནས་སྡོད་ས་ཁུལ་ཡོངས་ལ་རྩ་ཁྲིམས་དགོངས་དོན་བཞིན། མི་རིཊ་ས་ཁོངས་རང་སྐྱོང་གནས་བབ་སྤྲད་པ་རེད ” ཅེས་འཁོད།

སྙན་ཞུ་དེའི་ནང་མུ་མཐུད་དོན། “དོན་དངོས་སུ་རྩ་ཁྲིམས་ནང་དུ་གསལ་བའི་མི་རིཊ་ས་ཁོངས་རང་སྐྱོང་ཁྲིམས་སྒྲིག་ཁག་བོད་ནང་ལ་རྩ་བ་ཉིད་ནས་ལག་བསྟར་དོན་འཁྱོལ་བྱས་མེད་པ་དང་། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་པེ་ཅིན་དབུས་གཞུང་གིས་དམག་སྒར་དང་བདེ་འཇཊ་ཉེན་རྟོག་པའི་སྒྲིག་འཛུཊ་ཁག་བེད་སྤྱོད་ཀྱིས། བོད་རིཊ་ས་ཁུལ་ཡོངས་སུ་དྲག་པོས་སྒོ་ནས་ཐད་ཀར་དབང་བསྒྱུར་བྱས་པའི་མཇུག་འབྲས་སུ། མི་རབས་ལྔ་བའི་བོད་མི་ཀུན་གྱིས་རྒྱ་གཞུང་གི་རང་མཐོང་གཞན་སྡང་གི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཆེད། ༡༩༨༠ ལོ་ནས་ ༢༠༡༣ བར་ལས་འགུལ་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་པ་དེ། ཀྲུང་གོ་གུང་ཁྲན་ཏང་གི་བོད་ལ་བཟུང་བའི་སྲིད་བྱུས་ཁག་ལ་ཕམ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་བྱ་རྒྱུའི་དུས་ལ་བབ་ཡོད། བོད་མི་མང་གིས་སྔ་རྗེས་སུ་ཞི་བའི་སྒོ་ནས་བཏོན་པའི་རྒྱ་ནག་རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་བོད་མིའི་མངོན་འདོད་དག ལམ་སེང་ཁ་བྲལ་དང་སྤྱི་ཚོཊ་བརྟན་བརླིང་གནད་དོན་ལ་བསྒྱུར་ཏེ། དྲག་གནོན་བྱེད་པའི་འཐབ་ཇུས་དེ་དག་འཕྲལ་དུ་མཚམས་འཇོག་བྱ་དགོས ” ཞེས་འཁོད།

ཡང་ཞུ་ཡིག་དེར། “༡༩༥༠ ལོ་ནས ༢༠༡༣ བར་བོད་ནང་གནས་སྟངས་གང་འདྲ་ཞིག་ཆཊ་ཀྱང་རྒྱ་གཞུང་གི་དཔོན་རིཊ་ཚོས་འགན་ཆ་ཚང་དང་ལེན་བྱ་དགོས། ད་ཡོད་བོད་ནང་གི་ཛ་དྲག་གནས་སྟངས་སེལ་རྒྱུ་ལས་འགན་ཆ་ཚང་རྒྱ་གཞུང་ལ་ཡོད་སྟབས། བོད་མི་མང་གི་རང་དབང་དང་ཐོབ་ཐང་སོཊ་མེད་པའི་དཀའ་ངལ་དག དཀའ་ངལ་དུ་ངོས་འཛིན་བྱས་ཏེ་བོད་ལ་འཛིན་པའི་སྲིད་བྱུས་ངེས་པར་བསྐྱར་ཞིབ་བྱ་དགོས། རྒྱ་གཞུང་གིས་བོད་མི་མང་གི་དཀའ་ངལ་སེལ་ཕྱིར་ཕྱོཊ་གཅིག་ནས་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་རྟོག་ཞིབ་ཚོཊ་ཆུང་བཙུཊ་ཏེ། བོད་ནང་གི་གནས་སྟངས་ལ་དངོས་ཐོག་བདེན་འཚོལ་གྱི་ཞིབ་འཇུག་མཐར་འཁྱོལ་བ་བྱས་ཏེ་མཇུག་འབྲས་སྙན་ཐོ་ཕྱི་གསལ་ནང་གསལ་ཐོག་ཁྱབ་བསྒྲཊ་བྱ་དགོས། ཕྱོཊ་གཞན་གཅིག་ནས་བོད་མིའི་སྐུ་ཚབ་དང་རྒྱལ་སྤྱིའི་རང་དབང་ཅན་རྟོག་ཞིབ་ཚོཊ་པ་བོད་ནང་འགྲོ་རུ་འཇུག་དགོས ” ཞེས་འཁོད།  

ཡུ་རོབ་བོད་རིཊ་ཚོཊ་པ་ཁག་གིས་རྒྱ་ནག་སྲིད་འཛིན་ཞིས་ཅིན་ཕིན་ལ་བཏོན་པའི་དགོས་འདུན་དོན་ཚན་ཁག་ ༥ ནི། གཅིག བོད་མི་གནས་སྡོད་བྱེད་པའི་བོད་ས་ཡོངས་ནི་མི་རིཊ་ས་ཁོངས་རང་སྐྱོང་ས་ཁུལ་ཞིག་ཡིན་སྟབས། བོད་ཀྱི་དཔལ་ཡོན་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་བྱ་བཞག་ཁྱབ་སྤེལ་བྱེད་དགོས་པ་ལས། བོད་མི་རིཊ་ཀྱི་རིག་གཞུང་ངོ་བོ་རྩ་གཏོར་སྲིད་བྱུས་དེ་དག་ངེས་པར་མཚམས་བཞག་སྟེ་བོད་ཀྱི་རིག་གཞུང་ངོ་བོར་བརྩི་བཀུར་དགོས། གཉིས། བོད་ནི་མི་རིཊ་ས་ཁོངས་རང་སྐྱོང་ས་ཁུལ་ཞིག་ཡིན་བཞིན་དུ། བོད་ནང་རྒྱ་རིཊ་མི་སེར་གནས་སྤོས་དང་དམག་མི་དབོར་འདྲེན་བྱེད་པའི་སྲིད་བྱས་མཚམས་འཇོག་དགོས། གསུམ། རྒྱ་གཞུང་གིས་བོད་མིའི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ། བོད་མི་མང་ལ་སྲིད་འབྱོར་རིག་གསུམ་གྱི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་བཏོན་པ་ལྟར་དང་བླངས་ལན་འདེབས་བྱ་དགོས། བཞི། བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དང་བོད་མི་མང་ལ་སྨྲ་བརྗོད་རང་དབང་དང་རང་སྐྱོང་ཁེ་དབང་སྤྲོད་དགོས། ལྔ། བོད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་མི་ཀུན་གྱིས་གཙུག་ཏུ་བཀུར་བའི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུཊ་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་ཏེ་བོད་དོན་ཐག་གཅོད་ཡོང་བ་བྱ་དགོས་ཞེས་འཁོད་འདུག

ཉེ་སྔོན་ཡུ་རོབ་སྤྱི་འཐུས་གྲྭ་ཐུབ་བསྟན་དབང་ཆེན་ལཊ་དང་སྤྱི་འཐུས་ཆུང་བདག་ཀོ་རན་ལཊ་གཉིས་ཀྱིས་འདི་གའི་གསར་ཁང་ལ་བརྗོད་པ་ལྟར་ན། ད་ཆར་སུད་སི་དང་ཧྥ་རན་སི། བྷེལ་ཇེམ་གཙོས་ཡུ་རོབ་ཁུལ་དུ་ཁྱོན་བོད་མི་ ༡༠༠༠༠ ལྷག་གནས་སྡོད་བྱེད་བཞིན་ཡོད་འདུག   

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་(zhang youxia) དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་(Liu Zhenli)གཉིས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་འཁྲིད་གཉིས་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

༢༠༢༦/༠༡/༢༣
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

༢༠༢༦/༠༡/༢༣
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

༢༠༢༦/༠༡/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese