མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་ཚའི་འཐབ་རྩོད་དང་རྒྱ་དར་གྱི་གླེང་རྙོག

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ཚང་མར་གསལ་བ་ལྟར། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་སྔར་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་ཞི་བའི་གོམ་བགྲོད་ཀྱིས་ལྡི་ལི་བརྒྱུད་བལ་ཡུལ་གྱི་ས་མཚམས་བར་དུ་སོང་ཞིང་། དེ་ནས་དཀའ་སྡུག་རབས་དང་རིམ་པ་བརྒྱུད་ནས་མཐར་ཁོ་རང་གཅིག་བུ་གོམ་བགྲོད་ཀྱིས་བལ་ཡུལ་བར་དུ་སོང་ཞིང་བལ་བོའི་བཙོན་དུ་བཅུག་ནས་ཟླ་བ་ཁ་ཤས་རིང་བསྡད་རྗེས། འདི་ལོའི་ཚེས་མགོར་ཕྱིར་ངྷ་སར་བསླེབས་ཏེ་ཡང་བསྐྱར་ད་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན་ནས་ཞི་བའི་གོམ་བགྲོད་མགོ་འཛུགས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་རེད།

གསར་འགོད་གསལ་བསྒྲགས་སྐབས་གསར་འགོད་པ་མང་བོས་རྒྱ་ནག་གི་རྒྱལ་དར་དང་འབྲེལ་བའི་དྲི་བ་མང་ཙམ་བཏོན་པར། ཁོས་སྤོབས་པ་ཆེན་པོས་མགོ་རང་གིས་བཙུགས་པ་དེར་མཇུག་ཀྱང་རང་གིས་སྐྱོང་གི་ཡིན་པར་བརྗོད་བྱུང་། གསར་འགོད་གསལ་བསྒྲགས་ཀྱི་གསར་འགྱུར་དྲ་ཐོག་ཏུ་བཀོད་མ་ཐག་ཕྱོགས་གང་སར་བཞུགས་པའི་བོད་དོན་དོ་སྣང་ཅན་དག་གིས་མཆན་བུ་བཏབ་ཅིང་རྒྱ་དར་འཁུར་བ་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་བྱུང་། དེ་མུར་གླིང་ཚ་ཁོ་རང་གི་ངོས་ནས་ཀྱང་དེའི་སྐོར་ལ་དོགས་བློ་ཞིག་འཆར་ནས་བསམ་ཚུལ་བསྡུ་རུབ་དང་མི་མང་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཏེ་རྒྱ་དར་འཁུར་མིན་ཐད་ཀྱི་བསམ་ཚུལ་ཞིག་བསྡུས་སོང་། བགྲོ་གླེང་སྟེང་མི་མང་བརྒྱ་ཆའི་བརྒྱད་ཅུས་རྒྱ་དར་འཁུར་བ་དང་མ་འཁུར་བ་གཉིས་ལས་མ་འཁུར་བར་དགེ་ཕན་ཆེ་བའི་བསམ་ཚུལ་བྱུང་བ་དང་། བསམ་ཚུལ་དེ་དག་ཀྱང་རེ་རེ་བཞིན་དགོས་པ་དང་རྒྱུ་མཚན་གྱིས་བརྗོད་བྱུང་བའི་རྣམ་ པ་ཞིག་མཐོང་སོང་བས་ན། བདག་གི་ངོས་ནས་ཀྱང་རང་གི་སེམས་གཏིང་གི་བསམ་ཚུལ་མཚོན་པའི་སྐད་ཆ་མདོར་བསྡུས་ཤིག་བརྗོད་འདོད་བྱུང་།

སྤྱིར་བཏང་གིས་བཤད་ན། རྒྱ་དར་འཕྱར་དང་མི་འཕྱར་དེ་ཆབ་སྲིད་ཀྱི་རྩ་དོན་ཞིག་དང་ཚད་མཐོའི་རང་སྲིད་རང་ སྐྱོང་གི་དགོས་དབང་ཞིག་ཡིན་དུ་ཆུགས་ཀྱང་། དོན་དངོས་ཀྱི་ཐད་ནས་མཚམས་མིན་དེ་མི་རང་རང་གི་སེམས་ཀྱི་གཏིང་དང་མཐའ་དང་དབུས་ཀྱི་ངོས་ནས་བསམ་བློ་ཞིག་ཐོངས་དང་། ཡུལ་དང་དུས་ཀྱི་དབང་གིས་དང་གནས་བབ་ཀྱི་མི་མང་གི་ངོས་ནས་དང་ལེན་བྱེད་དཀའ་བ་ནི་བཤད་ཅི་ལ་དགོས། དེའི་སྟབས་ཀྱིས་གླིང་ཚའི་འཐབ་རྩོད་འདི་མི་སྒེར་ཞིག་གི་ལས་འགུལ་ཡིན་སྟབས། ཚོགས་པ་ག་གེ་མོ་དང་གང་ཟག་ཆེ་གེ་མོའི་བསམ་ཚུལ་དང་ལང་ཕྱོགས་འཁུར་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད་པས་ན། གླིང་ཚས་རྒྱ་དར་འཁུར་བ་ལ་དགེ་དང་སྐྱོན་གཉིས་ལས་སྐྱོན་གྱི་ཕྱོགས་ཆེ་ངེས་པ་དེ་གསལ་བོ་རེད།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན། གླིང་ཚས་རྒྱ་དར་མ་འཁུར་བའི་སྐབས་ཀྱི་རྣམ་པ་དང་མི་མང་གི་རྒྱབ་སྐྱོར། རྒྱལ་ཁབ་ཕྱི་ནང་གི་གདུང་སེམས་མཉམ་སྐྱེད་སོགས་ཧ་ཅང་གི་ཚད་མཐོ་བོ་ཡིན་པ་དང་། དེ་འདྲ་ཞིག་ཡིན་ཀྱང་ལོས་དགོས་མོད། འོན་ཀྱང་ལྡི་ལི་ནས་རྒྱ་དར་འཁུར་བ་དེས་ཕྱོགས་གང་སར་བཞུགས་པའི་བོད་རིགས་དོ་སྣང་ཅན་མང་བོར་ཕོག་ཐུག་བཟོས་ཤིང་། ག་ལེར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆུང་དུ་སོང་ཡོད་པ་སུ་ལའང་རྒྱུས་མངའ་ཡོད་པ་ཞིག་ཡིན།

དེ་དང་མཉམ་དུ་གཞོན་ནུ་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གཉིས་ཀྱིས་ཕན་ཚུན་ལ་ཤགས་འགྱེད་བྱས་པ་དང་མི་མང་གི་ངོས་ནས་ཀྱང་ཤགས་འགྱེད་ཀྱི་མགོ་བཙུགས་སོང་། རླབས་ཆེ་ཞིང་དཔའ་ངར་ལྡན་པའི་གླིང་ཚའི་འཐབ་རྩོད་དེ་རིམ་གྱིས་ཁྱབ་རྒྱ་ཇེ་ཆུང་དང་མི་མང་གི་གདེང་འཇོག་ཀྱང་ཇེ་ཆུང་དུ་སོང་ཡོད་པ་ནི་ས་རིས་ཐང་གསལ་ཡིན་པས། གླིང་ཚ་ཁོ་རང་གི་ངོས་ནས་ཀྱང་འདས་པའི་ཉམས་མྱོང་གིས་མ་འོངས་པའི་ཁ་ཕྱོགས་ཀྱི་ཆེད་དུ། མི་མང་གི་མདུན་ནས་ནོར་འཁྲུལ་ཡོད་ཚེ་ངོས་ལེན་དང་མི་མང་གི་ཤ་ཚ་ཞིང་རྒྱབ་སྐྱོར་ལྡན་པའི་བསམ་ཚུལ་ལ་ཆ་འཇོག་ཅིག་ཏན་ཏན་བྱ་འོས་པར་མཐོང་། དེ་དང་མཉམ་དུ་སྐབས་འདིར་གཞུང་ངོས་ཀྱི་ལང་ཕྱོགས་དེ་རྒྱ་དར་བསྲེགས་པ་དང་འཕྱར་བ་གཉིས་ཀར་ངོས་ལེན་མེད་པའི་དགོངས་གཞི་དེའི་འོག་ནས་རང་ཉིད་ཀྱི་རྟག་བརྟན་ཐེར་ཟུག་གི་ལང་ཕྱོགས་དེ་བརྟན་པོ་དང་སྔ་མའི་གས་ཆག་ལ་ཡོ་སྲང་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་།

དེ་མིན་འདི་མུར་མི་མང་གི་བསམ་ཚུལ་དང་རེ་བ་སྣང་མེད་ཀྱིས་མགོ་རང་གིས་བཙུགས་པ་དེའི་མཇུག་རང་གིས་སྐྱོང་རྒྱུ་ཡིན་པའི་ཨུ་ཚུགས་ཀྱི་ངོས་ནས་ཤར་བསྐྱོད་བྱས་ཚེ། མཐོང་ན་སྙིང་ཤ་འདར་བ་དང་གོ་ན་མིག་ཆུ་འཆོར་བའི་རླབས་ཆེན་གྱི་ལས་འགུལ་དེ་ཕན་པ་ལས་གནོད་དུ་མི་འགྲོ་བའི་ངེས་པ་མི་འདུག་ལ། མི་མང་གི་ཁྲོད་དུ་ཡང་ཡ་ང་བའི་རྩོད་གླེང་དང་རྡོག་རྩ་ཆིག་སྒྲིལ་གྱི་གོང་བུ་རྩ་གཏོར་མི་གཏོང་བའི་ངེས་པ་མི་འདུག་ཞུ་རྒྱུ་ཡིན། དེ་བས་ཡག་སྡུག་གི་བསམ་ཚུལ་ཡོང་རྒྱུར་གཡོལ་ནས་སྔར་ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་བཞིན་ཚོགས་པ་དང་ལྟ་བ། དེའི་ལང་ཕྱོགས་ཀྱི་སྐད་ཆ་མེད་པར་བརྒྱ་ཁ་གཅིག་གཅོད་ཀྱི་དཔེ་བཞིན་ཚང་མས་ཐུན་མོང་གི་ངང་ནས་རྒྱབ་སྐྱོར་ཡོད་པ་སྟེ། རྒྱ་དར་ས་ལ་གཡུགས་ནས་འགྲོ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པར་འདོད།

ཁ་གསལ་བོར་བཤད་ན། བདག་ཉིད་ནི་རྒྱ་དར་འཁུར་བས་སྐྱོན་དང་མ་འཁུར་བས་དགེ་རུ་མཐོང་མཁན་དེ་འདྲ་གང་ ཡང་མིན་ནའང་། རླབས་ཆེན་གྱི་ལས་འགུལ་བ་གང་ཉིད་ཁ་ལ་གཡར་ནས་གོ་སྐབས་ལ་སྒུག་མཁན་ཁག་ཅིག་གིས་མི་མང་ལ་དཀྲུག་ཤིང་གི་ལག་ཆར་བེད་སྤྱོད་མི་གཏོང་བའི་ངེས་པ་གཏན་ནས་མེད་པའི་དོགས་བློ་ཞིག་ཡང་ཡང་འཆར་བ་ལ་བརྟེན་ནས་འཛེམ་ཟོན་གང་ཡང་མེད་པའི་བསམ་ཚུལ་ཙམ་ཞུས་པ་ལགས།

༢༠༡༣ ། ༣ ། ༥ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. མྱི་དཀར says:
    ལོ་ 13 སྔོན།

    གྲོགས་པོ་རྣམ་རྒྱལ་ལགས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་ལས་ངག་ཡིད་གསུམ་ཕུལ་ལ་ཕུལ་སྟངས་ཡོད་བ་རེད་ལབ་ན་ག་རེ་རེད་ཁོས་སེམས་ཐག་གཙང་གཅོད་དང་བསམ་པ་རྣམ་དག་གིས་ཀུན་སློང་ཁུར་ནས་མུ་མཐུད་ལས་འགུལ་སྤེལ་བ་ལ་བློ་ཕམ་དང་ཐུགས་མི་སྤྲོ་དགོས་དོན་ཅི་ཡིན་ནམ་དངོས་གནས་ཁྱེད་རང་གི་གོང་ནས་བཤད་པ་ལྟར་རྒྱ་དར་འཕྱར་འདུག་བས་ཡག་པོ་མི་འདུག་ལབ་པ་ཡིན་དེ་ནི་ཁྱེད་རང་གིས་རྣམ་རྟོག་གི་བསླང་བའི་དགོས་མེད་ཀྱི་དཔྱོད་ཤེས་ཞིག་རེད་དེ་ལ་སྐྱོན་གང་ཡང་མེད་རྒྱ་དར་འཕྱར་མི་ཆོག་པ་དང་འཕྱར་ན་མེས་པོ་དག་གིས་སྨྲེ་སྔགས་འདོན་ནི་རེད་མ་ལབ་མ་གཏོགས་འོ་ན་རྒྱ་དར་འོག་ལ་བསྡད་ཡང་མི་ཆོག་པ་འདྲ་དེ་ལྟར་ན་རྒྱ་དར་འོག་གི་རང་དབང་དང་དབུ་མའི་ལམ་གྱི་འཚོ་བ་ལ་ཅི་ལྟར་བྱེད།

    Reply
  2. སངྒེ ། says:
    ལོ་ 13 སྔོན།

    རྩོམ་ཐུང་འདིས་བསྟན་པའི་དོན་གནད་ལ་ངེས་པར་དུ་གླིང་ཚས་བསམ་གཞིག་བྱས་ན་འགྲིག་གི་སྙམ། ཡུལ་དུས་གནས་སྐབས་དང་། རང་མི་མང་གི་བསམ་པའི་འཁྱེར་ཕྱོགས་ལ་བལྟས་ཏེ་ཕོག་ཐུག་མི་གཏོང་རྒྱུ་ཧ་ཅང་གལ་ཆེ།

    Reply
  3. མི་ཆུང་། says:
    ལོ་ 13 སྔོན།

    གླིང་ཚ། གཡས་གཡོན་ལ་མི་ལྟ་བའི་དེང་གི་སྐུ་ངོ་གསར་པ་འདི་ཚོས། རང་རང་གི་ལས་དོན་མ་སྒྲུབ་པར། ཁྱེད་གཅིག་པུ་རྗེས་དེད་གཏོང་གིན་འདུག ཁྱེད་གང་དུ་བྲོས་འགྲོ་གིན་ཡོད། ཐག་རིང་རྡ་ས་ནས་བོད་དང་ཁ་ཐག་ཉེ་བའི་བལ་ཡུལ་བར་དབུགས་ཐེངས་གཅིག་ལ་བྲོས་སམ། ཡང་ན། མུན་ནག་གི་བཙོན་དོང་ཞིག་ནང་ཡིབ་ནས་ཡོད། ཁོ་ཚོས་ཁྱེད་འབོད་ཀྱིན་འདུག ཨི་ཛི་རལ་ལ་འབོད་ཀྱིན་འདུག ཁ་ཟས་ཞིམ་པོ་དང་ཕ་བུ་ལྷན་འཛོམས་འབྱུང་བར་འབོད་ཀྱིན་འདུག ད་ལྟ་ཡང་བསྐྱར། ཁྱེད་ཁོ་ཚོར་སྐྲག་ནས། གཉེན་ཉེ་ཙམ་ཡང་མི་དྲན་པར། བྲོས་གྲབས་བྱེད་ཀྱིན་ཡོད་དམ། ངོ་མ་ཁྱེད་ནི་རང་གི་ཉེ་དུ་ལ་སྐྲག་གིན་པའི་མི་བུ་སྡར་མ་ཞིག་རེད། ཁྱེད་བྲོས་དང་ཁོ་ཚོས་རང་ཉིད་ཀྱི་ལས་དོན་དོར་ནས་ཁྱེད་རྗེས་དེད་བྱེད་ཀྱིན་རེད། གཅིག་བྱས་ན་ད་དུང་། ཁོ་ཚོས་ཉེན་རྟོག་པ་འཁྲིད་དེ་ཁྱེད་དེད་ཀྱི་རེད། ཁོ་ཚོས་ཉེས་ཅན་པ་ཁྱེད་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་སོང་།

    Reply
  4. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །ལས་འགུལ་དེ་ནི་བོད་པའི་གཏམ་དཔེ་ལྟར། ང་བཟུང་ནས་སྤུ་སྤུད་ཞེས་པ་ལྟར་རེད། གཞན་ཡང་གཏམ་དཔེ་གཅིག་ལ། ངས་ལུང་པའི་འཕུ་ལ་ཕྱིན། ལུང་པའི་མདའ་ལ་ཕྱིན་ཀྱང་སྐད་གྲགས་གང་ཡང་འཇོག་ཐུབ་མ་སོང་བས། ངས་ཕ་རྒན་དེའི་སྐེ་ལྟུབ་པས་ལུང་པར་སྐད་གྲགས་ཆགས་སོང་ཟེར་བའི་དཔེ་ལྟར་གླིང་ཚས་རྒྱ་ཡི་རྒྱ་དར་འཕྱར་ཏེ་བལ་ཡུལ་ནང་བཙོན་ཁང་ནང་བཅུག་པར་སྐད་གྲགས་ཆགས་སོང། ད་ཡང་སྐྱར་སྐད་གྲགས་ཤིག་ཞོག་རྩིས་འདུག །

    Reply
  5. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 13 སྔོན།

    གླིང་ཚས་ཡོད་ཚད་བློས་བཏང་བྱས་ནས་ལུས་ངག་ཡིད་གསུམ་པོ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕུལ་བ་བདེན་མོད་ཕུལ་བ་ལ་ཡང་ཕུལ་སྟངས་ཡོད་རེད། ལོ་སྔོན་མ་ཐེངས་དང་པོ་གོམ་བགྲོད་བྱས་སྐབས་ཁོང་གིས་བློས་བཏང་གི་ལས་འགུལ་ལ་རྗེས་སུ་ཡི་རངས་བྱས་མྱོང་ལ་དེ་འབྲེལ་མི་ལའང་འབྲེལ་བཤད་བྱེད་མཁན་ཞིག་ཡིན། ཡིན་ན་ཡང་ཁོང་གིས་རྒྱ་མིའི་རྒྱལ་དར་འཕྱར་བ་ནས་བཟུང་དྲང་པོར་བཤད་ན་སེམས་ནང་དུ་དེ་ཙམ་གྱི་ཁོང་ལ་དགའ་ཞེན་སླེབས་ཀྱི་མི་འདུག །ལྷག་པར་དུ་ད་ལོ་རྒྱལ་དར་འཕྱར་ནས་ལས་འགུལ་མགོ་འཛུགས་བྱ་ཡི་ཡིན་སྐོར་གོ་དུས་སུན་སྣང་འདྲ་ཞིག་སྐྱེས་སོང་། མ་ཟད་དེ་ཡང་གསུམ་བཅུ་དུས་དྲན་གྱི་ཉིན་མོ་མགོ་འཛུགས་བྱ་ཡི་ཡིན་པར་གོ་བས་ང་ཚོས་ཕ་མེས་ཡང་མེས་རྣམས་ཀྱིས་ཤི་དུར་ཁུང་ནས་བལྟས་ཡོད་ན་འདི་ལྟར་རུང་གི་མ་རེད་བསམ་སྟེ་གླིང་ཚ་ད་ངོ་མ་ཚར་སོང་བསམ་བྱུང་།

    Reply
  6. མྱི་དཀར says:
    ལོ་ 13 སྔོན།

    སྤྱི་བཏང་ང་ཚོའི་བོད་པ་ཟེར་བ་འདི་རྣམ་རྟོག་དང་གཡོ་སྒྱུ་འགྲན་སེམས་ཀྱིས་འཚོ་བསྡོད་ཡོད་པ་ཞིག་ཡིན་གླིང་ཚའི་རང་གི་ཁྱིམ་མི་བུ་ཕྲུག་ཚང་མ་བློས་བཏང་ནས་བོད་་མི་རིགས་ཀྱི་བདེན་དོན་དང་དཀའ་རྙོག་སོགས་སེལ་ཕྱིར་རང་གི་ཡོད་ཚད་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་འབུལ་བ་ལེགས་ན་ཡང་ད་རུང་ཁ་སྟོང་ནང་གི་ཚིག་སྟོང་རྐྱང་རྐྱང་བཤད་བའི་བཙན་བྱོལ་ནང་གི་བོད་རིགས་སྐྱག་ཤོར་འགས་ལས་འགུལ་ལ་བཀག་རྡོ་དང་བྱ་བ་ལམ་སློང་སོགས་མི་ཡོང་བའི་ཆེད་རྩོམ་རྙོག་འདྲ་མིན་དང་གཏམ་བཤད་འདྲ་མིན་སོགས་མང་པོ་ཞིག་སྤེལ་སོང་དེ་དག་ལ་དུས་ནམ་ཡང་བཀྲ་མི་ཤེས་དང་ཁ་མི་དྲོ་སོགས་ཡོང་བའི་སྨོན་ལམ་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese