མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་བུ་གཉིས་ཊེན་ཌ་སྨན་ཁང་དུ་བསྐྱལ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་ངྷ་རམ་ས་ལའི་རླངས་འཁོར་ས་ཚིགས་ཀྱི་ཟ་ཁང་ཞིག་གི་རྩིག་གྱང་མར་ཟགས་རྗེས། བོད་པའི་མ་བུ་གཉིས་ལ་ཕོག་ཏེ་སྨན་ཁང་དུ་ཛ་དྲག་མྱུར་སྐྱོབ་བྱེད་དགོས་བྱུང་འདུག   

ཁ་སང་ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོ་ ༥།༠༠ ཡས་མས་སུ་བཞུགས་སྒར་ངྷ་རམ་ས་ལའི་ཡོངས་གླིང་སློབ་གྲྭའི་འཛིན་གྲྭ་གྲོལ་ཏེ། ཁྱིམ་བདག་ཚོས་རང་རང་གི་ཕྲུ་གུ་རང་ཁྱིམ་འཁྲིད་ཡོང་སྐབས། རླངས་འཁོར་འབབ་ཚིགས་ཀྱི་ཁང་བརྩེགས་བཞི་བའི་ཟ་ཁང་ (Xcite) ཞིག་གསོ་བྱེད་བཞིན་པའི་ཁང་པའི་རྩིག་གྱང་མར་ཟགས་ཏེ། མིང་ལ་སྒྲོལ་མ་འབོད་པའི་བུད་མེད་ཅིག་དང་ཁོང་གི་བུ་མོ་བསྟན་འཛིན་པདྨ་གཉིས་ལ་ཕོག་ཡོད་འདུག་ལ། ཕྱིས་སུ་དེར་ཡོད་མི་མང་གིས་རོགས་རམ་འོག་ཛོ་ནཱ་དང་ཊེན་ཌ་སྨན་ཁང་བཅས་སུ་འཁྲིད་དེ་མྱུར་སྐྱོབ་སྨན་བཅོས་བྱས་རྗེས་སྲོག་ཉེན་ལས་མཐར་ཡོད་འདུག  

 འདིའི་ཐད་གསར་འགོད་པས་ཁ་སང་གནས་ཚུལ་དངོས་མཐོང་མཁན་ཨ་བརྟན་རྒྱལ་ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། “ ངས་ནམ་རྒྱུན་ཁང་བརྩེགས་དེའི་འོག་ཏུ་བག་ལེབ་བཙོང་གི་ཡོད། ཁ་སང་ཞོགས་པ་ནས་ཁང་པའི་འོག་ཏུ་རྡེའུ་ ཟགས་ཡོང་གི་འདུག སྐབས་དེར་ངའི་རོགས་པས་བཤད་རོགས་ཞེས་ང་ལ་སྐུལ་སོང་མོད་ངས་བཤད་ཐུབ་མ་སོང་། ཁ་སང་ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་ང་ཚོས་རང་རང་གི་ཕྲུ་གུ་བླངས་ཏེ་ཁོང་མ་བུ་གཉིས་དང་ང་ཚོ་སྔ་གཞུག་བྱས་ཏེ་ཡོང་གི་ཡོད། རླངས་འཁོར་འབབ་ཚིགས་སུ་བསླེབས་སྐབས་ཁོང་མ་བུ་གཉིས་ཀྱིས་བྱིས་པར་ཟ་རྒྱུ་ཞིག་ཉོས་ཏེ་ངའི་རྗེས་ལུས་སོང་། སྐབས་དེར་ངས་བྱིས་པ་གཞན་ལ་བསྐུར་ཏེ་ཕྱིར་བག་ལེབ་བཙོང་སར་ཡོང་སྐབས། ཁང་པའི་རྩིག་གྱང་མར་ལྷུང་སྟེ་ཁོང་མ་བུ་གཉིས་སར་འགྱེལ་འདུག དེ་མ་ཐག་ཉེ་འཁོར་དུ་ཡོད་པའི་བོད་མི་ཚོས་མཉམ་རུབ་ཐོག་ཟུར་དུ་བླངས་རྗེས་ང་ཁོང་གི་ཤ་ཉེ་འབོད་དུ་སོང་བ་ཡིན་ལ། ངའི་གྲོགས་པོས་བདེ་དོན་ལས་ཁུངས་ལ་གནས་ཚུལ་ཡར་ཞུ་བྱས་འདུག རྗེས་སུ་བོད་མི་ཁག་ཅིག་དང་བདེ་དོན་སྐུ་ངོ་བཅས་ཀྱི་རོཊ་རམ་འོག་བདེ་ལེགས་སྨན་ཁང་དང་དེ་ནས་ཛོ་ནོལ་ (Zonal Hospital) འཁྲིད་འདུག དེའི་རྗེས་ཀཱང་ར་ཊེན་ཌ་སྨན་ཁང་དུ་ (TanDa Hospital) འཁྲིད་འདུག དེ་རིང་ང་དང་གྲོགས་པོ་གཉིས་སྨན་ཁང་དུ་ལྟ་རུ་འགྲོ་སྐབས་གློག་པར་གསུམ་པ་དེ་བསླེབས་འདུག་ལ།  སྨན་པས་ཀྱང་ཨ་མའི་སྲོག་ལ་ཉེན་ཁ་མི་འདུག་ལབ་སོང་། བུ་མོ་དངངས་སྐྲག་སྐྱེས་ཏེ་ངུ་ངག་བཏོན་ཡོད་པ་ལས། དམིགས་བསལ་རྨས་སྐྱོན་ཅི་ཡང་བཟོས་མི་འདུག ” ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་གནས་ཚུལ་ཇི་ལྟར་ཐག་གཅོད་བྱ་འཆར་ཡོད་མེད་དྲིས་པར་ཁོང་གིས།  “ ཁ་སང་གནས་ཚུལ་བྱུང་རྗེས་བདེ་དོན་ལས་ཁུངས་དང་ས་གནས་བུད་མེད། བཞུགས་སྒར་ཁུལ་བོད་མི་ཁག་ཅིག་གིས་རོགས་རམ་འོག  སྒྲོལ་མ་སྲོག་ཉེན་ལས་མཐར་ཐུབ་པ་བྱུང་སོང་ལ། ད་ཆར་ལག་པའི་དཔུང་པ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་ལས། སྨན་པས་ཀླད་པར་དམིགས་བསལ་གྱི་སྐྱོན་བྱུང་མི་འདུག་ལབ་སོང་། ཕོ་མོ་བསྟན་འཛིན་པདྨར་རྨས་སྐྱོན་སོགས་ཅི་ཡང་བྱུང་མི་འདུག ཁ་སང་གནས་ཚུལ་བྱུང་རྗེས། གངས་ལྗོངས་འགྲིམ་འགྲུལ་ལས་ཁུངས་ཀྱི་འགན་འཛིན་ཟླ་བ་ལགས་དང་བདེ་དོན་གྱི་ལས་བྱེད་བཅས་ཀྱིས་ཉེན་རྟོག་པར་གནས་ཚུལ་ཡར་ཞུ་བྱས་ཡོད་པ་མ་ཟད། གནས་ཚུལ་བྱུང་ཡུལ་ལ་པར་བརྒྱབ་པ་དང་ཅ་དངོས་ཁག་ཅིག་ཉེན་རྟོག་པར་རྩིས་སྤྲོད་བཅས་བྱས་ཏེ་ཉེན་རྟོག་པས་གནས་ཚུལ་ཡར་ཞུ་བྱས་འདུག  ང་ཚོའི་ངོས་ནས་གནས་ཚུལ་འདི་ཁྲིམས་ཁང་ལ་བསྐྱལ་རྒྱུའི་འཆར་གཞི་ཡོད། ཡིན་ནའང་། དེ་རིང་ཉིན་གུང་ཟ་ཁང་སྦྱིན་བདག་དང་ནང་མི་ཁག་ཅིག་སྨན་ཁང་དུ་བསླེབས་ཏེ་དགོངས་དག་ཞུས་སོང་བ་མ་ཟད། དངུལ་ཏོག་ཙམ་འཁུར་འདུག་མོད། ང་ཚོས་དངུལ་བླངས་མེད།  སང་ཉིན་ཕྱི་དྲོ་ང་ཚོས་སྒྲོལ་མའི་ཁྱིམ་མི་དང་ཟ་ཁང་སྦྱིན་བདག་ཚང་མ་མཉམ་འཛོམས་ཐོག གནས་ཚུལ་ཅི་ལྟར་ཐག་གཅོད་བྱ་མིན་ཐོག་གྲོས་བསྡུར་བྱ་འཆར་ཡོད། ”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. Dawai Shonu says:
    ལོ་ 13 སྔོན།

    གལ་སྲིད་གནས་ཚུལ་དེ་རྒྱ་གར་བ་ཞིག་ལ་བྱུང་ཡོད་ན་གནས་སྟངས་གང་འདྲ་ཞིག་ལ་འགྱུར་སྲིད། བྱིན་བདག་སར་ནས་སྒོར་ཁྲི་མང་པོ་འཕྲོག་ཡོད་ཤག་རེད། ཡིན་ནའང་བོད་མི་སྐྱབས་བཅོལ་བ་ཚོ་ཁུ་སིམ་སིམ་དུ་འདུག་དགོས་པ་ལས་གཞན་བྱ་ཐབས་གང་ཡང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese