རྒྱ་ནག་ནང་གི་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་ཡུལ་ཞིག་ཏུ་དོན་རྐྱེན་བྱུང་སྟེ་མི་ ༢༡ འདས་གྲོངས་དང་མི་ ༤ བོར་བརླག་བྱུང་ཡོད་འདུག
དེ་རིང་ཕྱི་དྲོར་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཀེའུ་ཀྲུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་ཡུལ་ཞིག་ཏུ་རི་བརྡིབ་དོན་རྐྱེན་བྱུང་ཏེ་མི་ ༢༡ འདས་གྲོངས་དང་མི་ ༤ བོར་བརླག་ཏུ་ཕྱིན་ཡོད་འདུག
ས་གནས་གྱི་གསར་འགྱུར་རྒྱུ་ལམ་ཁག་ཅིག་ཏུ་དོན་རྐྱེན་དེ་བྱུང་སྐབས་ལས་མི་ ༥༨ ཙམ་ཉེན་ཁ་ལས་བྲོས་ཐར་བྱུང་ཡོད་པ་དང་། ཞིང་ཆེན་ལས་བྱེད་བདེ་འཇགས་ལྷན་ཁང་གིས་ཀྱང་ང་ཚོས་མྱུར་སྐྱོབ་དང་མྱ་ངན་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག
རྒྱ་ནག་ནི་ལོ་མང་པོ་ཞིག་གི་རིང་རྒྱལ་སྤྱིའི་གཏེར་ཁ་སྔོག་འདོན་ཁྲོད་མི་གསོད་དོན་བྱུང་བའི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཆགས་ཡོད་པ་དང་། ཟླ་སྔོན་མའི་ནང་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་དོན་ལྟར་ན། ང་ཚོས་གཟབ་ནན་གྱི་བྱེད་ཕྱོགས་ལ་བརྟེན་ཏེ་གཏེར་ཁ་སྔོག་འདོན་ཁྲོད་མི་གསོད་གོད་ཆག་བྱུང་བ་སྔར་ལོ་ལས་བརྒྱ་ཆའི་སུམ་ཅུ་མར་ཆག་ཡོད་ཅིང་། གྲངས་ཚད་ཀྱི་ཆ་ནས་ ༡༣༨༤ ཉུང་རུ་ཕྱིན་ཡོད་ཟེར།
རྒྱ་ནག་ནི་རྒྱལ་འཛམ་གླིང་ཐོག་རྡོ་སོལ་ཐོན་སྐྱེད་བྱེད་མཁན་ཤུགས་ཆེ་ཤོས་དེ་ཡིན་པ་དང་། རྡོ་སོལ་ཐོན་རྐྱེད་ལས་གཞིས་རྒྱ་ནག་གི་རྩོལ་ཤུགས་ནུས་པའི་སུམ་ཆ་གཉིས་མཁོ་སྒྲུབ་བྱེད་ཀྱི་ཡོད་འདུག