གསེར་རྟ་རྫོང་གནུབ་གཟུར་ཡུལ་ཚོའི་པདྨ་ཞུ་བ་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་འཁྲིད་གནས་སྟངས་ཅི་ཆགས་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
ཕྱི་ཟླ་ ༣ ཚེས་༨ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་གནུབ་གཟུར་ཡུལ་ཚོའི་པདྨ་ཞེས་པ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། ད་ལྟའི་ཆར་ཁོང་གི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ཚེས་ ༢༤ ཉིན་གསེར་རྟ་རྫོང་ཐོག་ཏུ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་དྲག་གནོན་གྱིས་མི་མང་པོར་རྨས་སྐྱོན་བྱུང་བ་མ་ཟད། གསེར་རྟ་རྫོང་ཤོ་རེབ་གྲོང་ཚོའི་ཟླ་བ་གྲགས་པ་དམར་གསོད་བཏང་བའི་ཉིན་པདྨ་ཡང་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག
སྐབས་དེར་རྒྱ་ནག་གཞུང་གིས་མེ་མདའ་བརྒྱབ་སྟེ་ཁོང་གི་ལག་པར་རྨེས་སྐྱོན་ཕོག་ཡོད་ནའང་། ཁོང་རི་སྒང་དུ་བྲོས་བྱོལ་བྱས་ཏེ་བསྡད་ཡོད་འདུག བར་ལམ་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཚོར་པདྨ་ཡིས་མགོ་བཏག་ཞུས་ན་གུ་ཡངས་ཡོད་སྐོར་བརྗོད་འདུག
ཟླ་འདིའི་ཚེས་༨ ཉིན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་རྗེས། གསར་འཁྲིད་ཅི་ཆགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
པདྨ་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། གནུབ་ཟུར་ཡུལ་ཚོ། ཨ་སྐྱབས་སྡེ་པ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཏེ་པོ་དང་། མ་མིང་ལ་ནོར་རྒྱུན་ཟེར་གྱི་ཡོད་འདུག ད་ལྟ་རང་ལོ་ ༢༢ ཡིན་འདུག