མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་སོང་ལ། ད་རེབ་ཀྱི་ལས་རིམ་གཙོ་བོ་སྔོན་རྩིས་སྐོར་ཡིན་ཡང་། རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་དབུ་འཛུགས་གནང་སོང་། ཚོགས་འདུའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ། གསར་འགོད་པ་བཅས་འདུ་འཛོམས་བྱུང་སོང་།

ཚོགས་འདུ་དབུ་འཛུགས་སྐབས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་། ཚོགས་གཙོའི་དབུ་འཛུགས་གཏམ་བཤད་གནང་རྗེས། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་བཅས་ལ་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས་སོང་།

གྲོས་ཚོགས་དབུ་འཛུགས་གཏམ་བཤད་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཐེངས་འདིར་སྲིད་སྐྱོང་མཆོག་གཙོས་པའི་བཀའ་བློན་ཚང་མ་དང་། སྤྱི་འཐུས་ཚང་འཛོམས་ཐུབ་པར་བསྔགས་བརྗོད་དང་། ད་རེབ་ཀྱི་ལས་དོན་གཙོ་བོ་ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ ལོའི་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་ཡིན་ཡང་། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་ ༡༠༩ དང་།  འདས་གྲོངས་སུ་ཕྱིན་པ་ ༩༡ ཆགས་ཏེ་ཛ་དྲག་ཆགས་ཡོད་སྟབས། ལས་རིམ་ནང་ཁོང་རྣམ་པ་དང་ཤུལ་ལུས་ནང་མི་སྤུན་མཆེད་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཡོད་པ་དང་། དུས་ཚོད་མང་ཆེ་བ་སྔོན་རྩིས་ཐོག་གཏོང་དགོས་སྟབས། སྤྱི་འཐུས་རྣམ་པས་དཔལ་འབྱོར་བཀའ་བློན་མཆོག་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སོགས་ལ་ཐུགས་ཞིབ་ཚགས་མོ་གནང་དགོས་པའི་ལམ་སྟོན་གནང་སོང་།

ཚོགས་གཙོ་མཆོག་གིས་གསུང་དོན། “ད་རེབ་གྲོས་ཚོགས་ནང་བོད་ནང་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཕེབས་བཞིན་ཡོད། ད་ལྟའི་བར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འཛམ་གླིང་ནང་གང་ཐུབ་ཀྱིས་བོད་དོན་འགྲེལ་བཤད་དང་མི་མང་གི་སྣེ་འཁྲིད་པའི་ལས་འགུལ་མང་དག་ཅིག་སྤེལ་ཡོད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོིས་ནས་ཀྱང་འདས་པའི་ལོ་གཅིག་རིང་གཞི་རྒྱ་ཆེ་བའི་ལས་འགུལ་ཁག་ཅིག་སྤེལ་ཡོད། ལྷག་པར་དུ་བཀའ་སྤྱི་ཐུན་མོང་གིས་སྤེལ་བའི་ལྡི་ལིའི་ལས་འགུལ་དེ་མི་མང་གི་འདོད་པ་ཁེངས་ཡོད་པ་མ་ཟད།  ཕྱི་མི་ཚོས་ཀྱང་ཞི་བ་དང་འཚེ་བ་མེད་པ། ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པའི་ཐོག་ནས་སྤེལ་བའི་ལས་འགུལ་དེ་ཡག་པོ་བྱུང་སོང་ཞེས་བསྔགས་བརྗོད་གནང་གི་འདུག ཉེ་ཆར་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོས་ལས་འགུལ་སྤེལ་ཡོད། ང་ཚོས་ལས་འགུལ་ག་རེ་སྤེལ་ཡང་མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པ་གང་ཇིའི་ཐོག་ཞན་པོ་ཡིན་ཡང་། ཆིག་སྒྲིལ་གྱི་ནུས་པ་བཏོན་པའི་ཤུགས་རྐྱེན་ཞིག་ཐེབས་ཀྱིན་པར་ངོས་འཛིན་ཞུ་ཐུབ་ཀྱི་འདུག རྒྱ་ནག་གིས་དམ་དྲག་ཆེན་པོ་ཞིག་བྱེད་བསྡད་ཀྱི་ཡོད་ཀྱང་། ཁ་སང་དེ་རིང་མཚོན་བོད་ནང་མེར་བསྲེཊ་ཀྱི་གནས་ཚུལ་མུ་མཐུད་འགྲོ་བསྡད་ཀྱི་ཡོད་པ་རེད། རྒྱ་ནག་གིས་བཟང་ཕྱོགས་ནས་ཡ་ལན་ཚུལ་མཐུན་ཞིག་མ་བྱུང་བར་དུ་བོད་ནང་གི་རང་ལུས་མེར་བསྲེཊ་གནང་བའི་གནས་ཚུལ་དེ་ལམ་སེང་མཚམས་ཆད་ཀྱི་རེད་བསམ་པ་དྲན་གྱི་མི་འདུག  ”ཅེས་གསུངས་བྱུང་།

ཡང་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་མགོ་ཁྲིད་གསར་བའི་སྐོར་ལ་གསུངས་དོན།  “ རྒྱ་ནག་ལ་མཚོན་ན་ད་ཆར་ཞི་ཅིན་ཕེན་གྱིས་འགན་འཁུར་བའི་མཚམས་སུ་བསླེབས་ཡོད་པ་རེད། ཁོང་གི་འགན་འཁུར་བའི་རིང་གི་ཚོགས་ཆེན་ཚོགས་སྟངས་དང་བཀའ་མོལ་གནང་སྟངས་སོགས་ཕྱོགས་ཡོངས་ལ་བལྟས་ན་ཏོག་ཙམ་གུ་ཡངས་པོ་ཡོད་པའི་རྣམ་པ་ཞིག་མཐོང་འདུག རྒྱ་ནག་ནང་ལོགས་ལ་མཚོན་ན། ཆབ་སྲིད་ཐོག་གི་གནོན་ཤུཊ་དང་གནས་སྟངས་ཀྱི་དབང་གིས་འགྱུར་བ་མི་འགྲོ་ཐབས་མེད་ཀྱི་དུས་ལ་བབ་ཡོད། འགྱུར་བ་དེ་ཟིང་ཟིང་དང་ཞི་བའི་ཐོག་གཏོང་མིན་རྒྱ་ནག་གི་མགོ་ཁྲིད་ཚོའི་ལག་ཏུ་ཡོད། དུས་ཚོད་ག་ཚོད་ཅིག་ལ་འགོག་མིན་སུས་ཀྱང་བཤད་ཤེས་ཀྱི་མེད་ཀྱང་། རྒྱ་ནག་དམངས་གཙོར་རིམ་པས་འགྱུར་དགོས་པ་ཞིག་དང་། རྒྱ་ནག་གི་ས་ཁྱོན་དང་མི་འབོར་ལ་གཞིགས་ན། རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་གཞུང་ཞིག་ལ་བསྒྱུར་ཐུབ་པ་ཡིན་ན། ཚང་མར་ཕན་ཐོགས་ཡོང་བའི་རེ་བ་བྱེད་མཁན་མང་པོ་ཞིག་ཡོད་པ་རེད། གྲོས་ཚོགས་འདི་བརྒྱུད་དེ་རྒྱ་ནག་གི་མགོ་ཁྲིད་ཚོར། གནད་དོན་གང་ཡིན་ཡང་སྦེ་སྐུང་དང་སྐྱག་རྫུན་བཤད་པ་གཅིག་པུ་མིན་པར། བོད་ནང་ཏིན་ཞའོ་ཕིན་གྱིས་བཤད་པ་ལྟར་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ཏེ། བོད་པའི་དཀའ་རྙོག་སེལ་བའི་ལམ་ཁ་ཞིག་ཏུ་བསྒྱུར་དགོས་པ་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་སྐྱོང་མཆོག་གིས་ཐེངས་མང་པོར་འབྲེལ་མོལ་གང་དུ་ག་དུས་གནང་ཡང་གྲ་སྒྲིག་ཡོད་གསུངས་ཡོད་པ་རེད། དེ་བོད་མིིའི་སྒྲིག་འཛུགས་ཀྱི་ངོས་ནས་ལྷག་བསམ་རྣམ་དག་གིས་གསུངས་པ་ཡིན་སྟབས། རྒྱ་ནག་གི་མགོ་ཁྲིད་ཚོས་ཚད་དང་ལྡན་པའི་ཡ་ལན་བྱ་ཐུབ་པ་ཡིན་ན།  ང་རང་ཚོའི་ལངས་ཕྱོགས་དེ་ཡང་དངོས་ཡོད་གནས་སྟངས་ལ་གཞི་བཞག་སྟེ་དབུ་མའི་ལམ་གྱི་ལངས་ཕྱོགས་སྒང་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གི་མགོ་ཁྲིད་ཚོས་བོད་པའི་དཀའ་རྙོག་སེལ་དགོས་པ་ཞིག་དང་། སེལ་ཐུབ་པ་ཞིག་ཡིན་པའི་ཐོག་ནས་འབད་བརྩོན་གནང་བ་ཡིན་ན། ད་ལྟ་དུས་བཟང་པོ་ཞིག་ལ་བསླེབས་ཡོད་པ་རེད་དྲན་ཡོད། ” ཅེས་གསུངས་བྱུང་།

མཇུག་ཏུ་ཚོགས་གཙོ་མཆོག་གིས་བོད་ནང་གི་བོད་མི་ཚོར། “ བོད་ནང་གི་བོད་མི་ཁྱེད་རང་ཚོས་རྒྱ་ནག་གི་དྲག་གནོན་དབང་བསྒྱུར་གྱི་གདུག་རྩུབ་མང་པོ་ཞིག་གི་འོག་མྱངས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་གནས་སྟངས་དེ་དག་ཤེས་ཀྱི་ཡོད། ང་ཚོ་བཙན་བྱོལ་ནང་གཞན་དབང་སྟབས་བསྟུན་མང་པོ་ཞིག་ཆགས་ཀྱི་ཡོད་ཀྱང་། ང་རང་ཚོས་ཁྱེད་ཅག་གི་སྐུ་ངལ་བསྐྱོན་བཞག་པ་དེ་འཛམ་གླིང་ནང་ཕྱིར་བསྒྲགས་བྱེད་རྒྱུར། དེ་སྔ་གང་ཐུབ་ཞུས་ཡོད་ལ། མ་འོངས་པར་ང་ཚོའི་ངོས་ནས་གང་ཐུབ་འབད་བརྩོན་གནང་རྒྱུ་ཡིན། ” ཞེས་གསུངས་བྱུང་།

སང་ཉིན་ཕྱི་ཚེས་ ༡༩ ཉིན་གཞུང་འབྲེལ་རྗེས་དྲན་གྲོས་འཆར་ཐོག་གི་བགྲོ་གླེང་ཐད་བཀའ་ཤག་གི་གསལ་བཤད་དང་། དཔལ་འབྱོར་འབྱོར་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ ལོའི་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འགོད་འབུལ། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་བཅས་གནང་རྗེས་དེ་དག་གི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. འཇིགས་ཞུམ་ཆགས་སྡང། says:
    ལོ་ 13 སྔོན།

    ཚོགས་གཙོའི་གཏམ་བཤད་དང་ཤར་ཕྱོགས་ཁུག་རྟའི་དར་དམར་ལས་འགུལ་གཉིས་ཀས་དངོས་ཐོག་བདེན་འཚོལ་ལ་ཤུགས་རྒྱག་གི་ཡོད་ས་རེད། ད་བྱས་དུས་འདི་ཚོ་ཚང་མ་འདྲ་སེ་འདུག་གཱ་་་་་བླ་མ་མཁྱེན་་་་ཆབ་སྲིད་པ་འདི་ཚོ།།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་རུ་བསྒྲོན་ནས་ཞི་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་བཞག་པ་དེ་ངོ་མ་དགའ་སོང་།

    ལྷག་པར་དུ་བོད་མི་མང་སྤྱི་འཐུས་ཚང་འཛོམས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གནད་ལ་འཁེལ་བ་ཞིག་དང་ངོས་འཛིན་ཟབ་མོ་ཡོད་པའི་གསུང་བཤད་གནང་བ་དེས་སེམས་འགུལ་ཐེབས་སོང་།

    ད་སྐབས། བོད་ཀྱི་གནས་བབ་ལ་བལྟས་ན། བསམ་བློ་དང་ལག་ལེན་གྱི་ཐོག་ནས་ཆིག་སྒྲིལ་དགོས་པའི་དུས་ཚོད་གནད་འགག་ཅན་ཞིག་རེད། མ་གཏོགས་ལངས་ཕྱོགས་དང་ལྟ་ཚུལ་འདྲ་མིན་གྱིས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་མགོ་བོ་རྨོངས་སུ་འཇུག་པའི་དུས་ཚོད་མ་རེད་འདོད། འདིའི་རྒྱུ་མཚན་ནི་སྤྱི་འཐུས་རྣམ་པ་སུ་ཞིག་ཡིན་རུང་། ལྟ་བ་དང་ལངས་ཕྱོགས་མ་རྩོད་པར་རྩ་དོན་བསྒྲུབ་ཕྱོགས་ཀྱི་ཐབས་ལམ་ཞིག་དང་ལག་ལེན་གྱི་གྲུབ་འབྲས་འདོན་རན་པའི་དུས་བབ་གནད་འགག་ཅིག་རེད།

    ཨུ་ཚུགས་མཁྲེགས་འཛིན་གྱིས་དོན་ཆེན་བསྒྲུབ་ཐུབ་ཐབས་མེད་པར་ཉམས་མྱོང་གིས་གསལ་བཤད་བྱེད་ཀྱིན་པ་མ་རེད་དམ། གང་ན་ནུས་པ་ཡོད་ན། སུ་ཞིག་ལ་སྣེ་ཁྲིད་ལྡན་ན། མང་མོས་ཀྱི་འགྲོ་ཕྱོགས་དང་བསྟུན་ནས་ཆིག་སྒྲིལ་གྱི་སྟོབས་ཤུགས་བསྐྱེད་རན་པའི་དུས་ཚོད་ཅིག་རེད།

    གཞིས་བཞུགས་བོད་རྒྱ་ཆེའི་མི་དམངས་ཀྱི་བློས་གཏོང་ཆེན་པོ་དང་ཆོད་སེམས་བརྟན་པོ་ལ་མིག་དཔེ་བལྟས་ནས། བྱེས་སུ་གྱར་བའི་བོད་མི་རྣམས་དང་། ལྷག་པར་དུ་སྣེ་ཁྲིད་པ་རྣམ་པའི་ངོས་ནས་རང་ལྟ་མཆོག་འཛིན་མི་བྱེད་པར་སྤྱི་དོན་ལ་ལག་ལེན་གྱིས་འབད་དགོས་པ་ནི་སྤྱིར་བཏང་གི་འགན་འཁྲི་ཞིག་རེད།

    དེ་བས་ཀྱང་བྱེས་གྱར་བོད་མི་རྣམས་རང་དབང་དང་མང་གཙོའི་བཟི་ཁ་བཙན་པོའི་དབང་དུ་མི་ཤོར་བར་རྩ་བའི་རྩ་དོན་དེ་འཐབ་རྩོད་ཀྱི་སྟོབས་ཤུགས་འཕེལ་ཐབས་དང་མཉམ་རུབ་ཀྱི་ནུས་པ་འདོན་ཕྱོགས་ལ་ཐུགས་གཟིགས་ཟབ་མོ་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese