མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་དྲིན་ལོག་འཇལ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

དབང་ཕྱུག་ཚེ་རིང་།

༄༅།  དེང་སྐབས་རང་རེའི་སྤྱི་ཚོགས་ནང་ཕྱི་ཟླ་ ༢ ཚེས་ ༡༣ འདི་བོད་རང་བཙན་ཉིན་མོ་ཅེས་ལོ་ལྟར་དུས་དྲན་སྲུང་རྩི་ཞུ་དགོས་གསུང་མཁན་གང་འཚམ་ཡོང་གི་ཡོད་པ་ཐོས། དེའི་ཡོང་རྐྱེན་ངོ་མ་མི་ཤེས་མོད་ཚོད་དཔག་བྱས་ན་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ ༡༩༡༣ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་ ‘ཆུ་གླང་རྩ་ཚིག’ ཞུ་བའི་གལ་ཆེའི་ཡིག་ཆ་གསལ་བསྒྲགས་གནང་བའི་ཉིན་མོ་དེར། བོད་རང་བཙན་གྱི་ཉིན་མོ་ཅེས་སྲུང་གཙི་ཞུ་བ་དང་འབྲེལ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཞལ་དམ་ལ་སྐབས་དེའི་གཞུང་ཞབས་སྐུ་གྲགས་དང་། གནད་ཡོད་མི་སྣས་རང་ཁྲིའི་ལས་འགན་ཇི་བཞིན་བཀའ་སྒྲུབ་མ་ཞུས་པའི་ཉེར་ལེན་ལ་བརྟེན་ཏེ། བོད་རང་བཙན་མི་ལག་ཏུ་ཤོར་བར་ངོས་འཛིན་གནང་བ་མིན་ནམ་སྙམ་པ་དེ་ལ་བསམ་འཆར་གང་ཡང་མེད། དུས་སྟེང་དུ། སྐབས་དེ་ནས་བཟུང་ད་ལྟའི་བར་བོད་རྒྱལ་ཁབ་ཆེན་པོའི་རང་དབང་རང་བཙན་སླར་གསོའི་ཆེད་སུ་དང་གང་གིས་ཀྱང་འབད་བརྩོན་གནང་མཁན་མ་བྱུང་བ་ལྟ་བུ་དང་། ད་ཆ་མི་ཐོག་འདིའི་རང་རིགས་འབའ་ཞིག་གིས་བོད་རང་དབང་རང་བཙན་སླར་གསོའི་ལས་འགུལ་གསར་དུ་སྤེལ་རྒྱུའི་འཆར་སྣང་ལྟ་བུ་འདི་ནི་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་ཟེར་བའི་དཔེ་དེ་དངོས་སུ་བྱུང་བ་འདྲ།

༸གོང་ས་སྐུ་ཕྲེང་བཅུ་གསུམ་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ནི་ཡིན་དང་མ་ཡིན་ལྟ་ཅི་སྨོས།  དེ་བཞིན་རང་རེའི་གཞིས་བྱེས་བོད་མི་ཡོངས་ཀྱིས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདི་དང་། ད་བར་བོད་མི་བགྲང་ལས་འདས་པའི་བོད་མིའི་རྩ་དོན་ཆེད་དུ་རང་གི་གཅེས་པའི་ཚེ་སྲོག་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་ཡང་ངེས་པར་དུ་རྗེས་དྲན་ཞུ་དགོས་པ་ཡིན། ལྷག་པར་དུ་ཡང་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདིས་མི་ལོ་ ༦༦ བརྒལ་བའི་རིང་སྐུ་ངལ་འཛེམ་མེད་ཐོག་བོད་རང་དབང་རང་བཙན་གྱི་དོན་དུ་འབད་བརྩོན་ཇི་ཙམ་གནང་ཡོད་པ་མ་ཟད། ད་དུང་ཡང་ཉིན་ཚན་དུས་དྲུག་ཏུ་སྐུ་ངལ་འཛེམ་མེད་བསྐྱོན་དང་སྐྱོན་བཞིན་པ་དེ་ངེས་པར་དུ་རྗེས་དྲན་ཞུ་དགོས་པ་ཞིག་ཡིན།

བོད་རང་བཙན་གཙང་མ་ཡིན་ཞེས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་ཀྱང་  ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ནོར་གླིང་ཕོ་བྲང་ནས་གསང་བྲོས་གནང་ཐུབ་པའི་ཉིན་ཤས་རྗེས་རྒྱ་དམར་གཞུང་ནས་བོད་གཞུང་ཟེར་བ་རྩ་མེད་བཏང་ཟིན་ཟེར་བའི་སྐད་ཆ་དེའི་ལན་དུ་བོད་ལྷོ་བྲག་ལྷུན་རྩེ་རྫོང་དུ་༸གོང་ས་ཆེན་པོ་དབུ་བཞུགས་ཀྱིས་བོད་གཞུང་བཀའ་ཤག་ནས་བོད་རང་དབང་རང་བཙན་གྱི་གཞུང་དགའ་ལྡན་ཕོ་བྲང་སྔར་བཞིན་ཡོད་མུས་ཁར། རེ་ཞིག་ལྷོ་བྲག་ལྷུན་རྩེ་རྫོང་དུ་གནས་སྤོས་ཡོད་པའི་ཡོང་ཁྱབ་གསལ་བསྒྲགས་གནང་ཡོད་པ་དང་། དེ་ནས་རྒྱ་གར་ས་ཐོག་ཆིབས་བསྒྱུར་གནང་རྗེས་རྒྱ་དམར་གཞུང་གི་བཙན་ཤེད་འོག་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེ་ཡང་རྒྱ་དམར་གཞུང་རང་ནས་རྩིས་མེད་རྡོག་རོལ་བཏང་བར་བརྟེན་ཏེ། ད་ཆ་བོད་གཞུང་ཕྱོགས་ནས་ཀྱང་རྩིས་མེད་ཡིན་ཅེས་ཡོང་ཁྱབ་གསལ་བསྒྲགས་གནང་ཡོད་པ་ཚང་མས་མཁྱེན་དགོས་པ་དང་། དུས་འདི་འདྲའི་སྐབས་རང་གི་རང་ལ་དྲན་སྐུལ་གཏོང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེར་མཐོང་།

དེས་མ་ཚད་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པ་ནས་བཟུང་སྟེ་ད་བར་དུ་རང་བཙན་ནམ་བོད་བསྟན་སྲིད་ཆེད་སྐུ་ངལ་ཇི་ཙམ་སྐྱོན་ཡོད་མེད་འདིར་གཅིག་གཅིག་གཉིས་གཉིས་ཞུ་མ་དགོས་པ་བོད་མི་བསམ་ཡོད་ཚང་མས་ཤེས་གསལ་རེད།

ད་ཆ་འདིར་སྦག་སྦུག་མེད་པར་ཐད་ཀར་བརྗོད་ན། ཕྱི་ཟླ་གཉིས་པའི་བཅུ་གསུམ་ཟེར་བ་དེ་དང་འབྲེལ་བའི་ལསའགུལ་དེ་དག་གཙོ་ཆེ་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་བོད་ཀྱི་བདེན་པའི་ཐབས་རྩོད་འདི་རང་བཙན་ཁོ་ན་དམིགས་ཡུལ་བཟུང་སྟེ་ཡོང་ཐབས་མེད་པར་གཟིགས་ཏེ། གཉིས་ཕན་དབུ་མའི་ལམ་ཀྱི་ཐབས་བྱུས་ལམ་སྟོན་མཛད་པ་དང་། གཞིས་བྱེས་རྒྱ་ཆེའི་མི་མང་ནས་མོས་མཐུན་གཏན་འབེབས་ཟིན་ཏེ་ད་བར་མི་ལོ་ ༢༥ ལྷག་ཙམ་ནང་གྲུབ་འབྲས་གང་འཚམ་བྱུང་ཡོད་པ་དེར་ཆོག་ཤེས་མེད་པར་འགག་པ་ཞུས་པ་གསལ་པོ་རེད།  འོན་ཀྱང་འགག་པ་གནང་ན་མ་ཆོག་མ་འགྲིག་གི་སྐད་ཆ་ནམ་ཡང་ཞུ་གི་མེད་པ་དེ་མཁྱེན་པར་ཞུ།

ད་ལྟའི་རྒྱ་ནག་དམར་གཞུང་གིས་བོད་མིའི་ཐོག་མཁྲེགས་བཟུང་སྲིད་བྱུས་ཅི་འདྲ་བྱས་ཀྱང་རྒྱ་དམར་གཞུང་ནས་ཆེད་བཟོ་བྱས་པའི་བོད་ཀྱི་དཀའ་རྙོག་འདི་སེལ་ཐབས། འཚེ་མེད་ཞི་བ་དང་དབུ་མའི་ལམ་ཁོ་ན་ལས་མེད་པ་གང་ཡིན་ཟེར་ན། རྒྱ་དམར་གཞུང་ནས་ཆེད་བཟོ་བྱས་པའི་བོད་ཀྱི་དཀའ་རྙོག་འདི་གཞུང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་རྩོད་རྙོག་ལས་ལྷག་པ་རྒྱ་ཆེའི་བོད་ཆོལ་གསུམ་མི་མང་དང་། རྒྱ་ནག་མི་མང་གཉིས་ཀྱི་མ་འོངས་ཁེ་ཕན་དང་བདེ་རྩར་ཐུག་པར་བརྟེན། དཀའ་རྙོག་འདི་སེལ་ཐབས་སུ་རང་རེ་བོད་མི་རྣམས་ནས་༸གོང་ས་ཡིད་བཞིན་ནོར་བུའི་ལམ་སྟོན་དབུ་འཁྲིད་འོག་བློ་རྩེ་གཉིས་མེད་པར་བསྐྱོད་གལ་ཆེ་བ་ལས། དེ་མིན་ད་ནས་བཟུང་མི་ལོ་ ༥༠ རྗེས་སུ་ད་ལྟ་ང་ཚོས་མི་རབས་གོང་མར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཞལ་དམ་ལ་བཀའ་བརྩི་དང་ལེན་མ་ཞུས་པར་བློ་འགྱོད་བྱས་པ་ལྟར། རྗེས་མའི་མི་ཐོག་གིས་རང་ཚོར་དེ་ལྟར་བརྗོད་དགོས་པ་ཞིག་ཡོང་རྒྱུ་ངེས་སྟབས། དེ་དོན་བོད་མི་སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་མ་ལན་མ་འགྱོད་མེད་པ་གནང་རྒྱུར་ཡིད་ཟབ་གནང་གལ་ཆེའོ།།

 

 

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 11

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    རང་བཙན་ནི་བོད་མིའི་ཐོབ་ཐང་རེད། འདི་མི་དགོས་ཟེར་བ་སུ་ཡང་མེད། དེ་བཞིན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་བརྒྱ་འཁོར་བར་དུས་དྲན་སྲུང་བརྩི་ཞུ་བ་ཤིན་ཏུ་ལེགས་ཀྱང་། གཞུང་འབྲེལ་གྱིས་སྲུང་བརྩི་མ་ཞུ་བ་དེར་བློ་ཕམ་ཞེ་དྲག་བྱུང་། ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས། དེ་ངེས་པར་དུ་སྲུང་བརྩི་ཞུ་དགོས་བ་རེད། རེད་ད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་ཁ་ལ་ཁུར་ནས་༸གོང་ས་བཅུ་བཞི་པའི་དབུ་མའི་ལམ་ལ་ཟུར་ཟ་དང་དགག་པ་རྒྱག་པར་དེར་ཐ་གཅིག་ཏུ་མོས་མཐུན་ཞུ་ཐབས་བྲལ། གང་ཡིན་ཞེ་ན། ང་ཚོའི་གནས་སྟངས་ལ་གཅིག་བལྟ་དགོས་མ་རེད་དམ། འདི་ཚོར་དབྱེ་མཚམས་གསལ་པོར་ཕྱེ་དགོས་ཀྱི་འདུག

    Reply
  2. ཐུབ་བསྟན། says:
    ལོ་ 13 སྔོན།

    རྒྱ་དམར་གྱི་གདུག་རྩུབ་ནི་ཉིན་རེ་ནས་ཇེ་ཆེ་ཡིན་ གཞིས་ལུས་དཔའ་བོའི་འབོད་སྒྲ་ནི་༧གོང་ས་མཆོག་ཕྱིར་རང་ཡུལ་དུ་གདན་ཞུའི་འབོད་ཚིག་འདི་རེད། སྲིད་བློན་མཆོག་གིས་ཀྱང་ཐོག་མའི་འགན་ཁུར་གཙོ་བོ་ནི་༧གོང་ས་མཆོག་བོད་དུ་གདན་འདྲེན་རྒྱུ་ཡིན་པ་ཞལ་ནས་ཐོན་ཡོད། འདིར་སྒྲུབ་བྱ་ཁོ་ན་མི་གླེང་བར་སྒྲུབ་བྱེད་གླེང་རོགས་ སྒྲུབ་བྱེད་བཤད་ནས་ལོ་རྒན་དྲུག་ཅུ་འགྲོ་སོང་།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཧ་ཧ། གུང་ཁྲན་དང་ཏང་གི་གསོས་ཕྲུག་གི་ཁ་ནས་དྲང་བདེན་གྱིས་སྐད་ཆ་ཞིག་བཤད་དུས་ཡག་རྟགས་ཞིག་ཁྱོན་ནས་མ་རེད་དོ། ཁོ་ཚོས་བདེན་པའི་གནས་ལུགས་ལ་རྫུན་དང་གཡོ་སྒྱུ་ཁྲམ་གསུམ་གྱིས་འཛམ་གླིང་འདི་ཉོ་རྩིས་བྱེད་པ་ནི་འཆར་ཅན་ཞིག་རེད། གང་ལྟར་སྐྱག་རྫུན་རི་ཙམ་བཤད་ན་བདེན་པ་གཡག་ཙམ་འཐོབ་ཐབས་བྱེད་པ་ནི་འཛམ་གླིང་མི་འབོར་དུང་ཕྱུར་བདུན་བཅུ་ལྷག་གི་མིག་ལམ་དུ་ཁྲིག་གེར་ཡོད་པ་རེད་དོ།

    Reply
  4. འཇམ་གཅེས ། says:
    ལོ་ 13 སྔོན།

    དབང་ཕྱུག་ཚེ་རིང་མཆོག་གི་དོན་སྙིང་ལྡན་པའི་བཀའ་མོལ་གནང་བར་དགའ་ཡོད།

    དེ་མིན་ཁྱི་རྒན་རེ་ཟུང་གི་ངུ་སྐད་ལ་ཆ་འཇོག་དགོས་པ་མ་རེད། དུས་རྟག་དུ་རྫོགས་ཡ་ཡོད་པ་མ་རེད། ཁོང་ཚོས་མོས་བློ་དང་མཐུན་པའི་དཔྱད་བརྗོད་རེ་སྤེལ་དགོས་ཚེ། བདེན་པའི་གནས་ལུག་གང་ཡོད་ལོག་འགྲེལ་ཁོའི་ནས་ལམ་དུ་དྲངས་དང་་་དེ་ནས་ཁོང་ཚོས་ཐེ་བོང་གྱེན་དུ་བསྒྲེང་ཀྱི་རེད། དྲང་བདེན་ལམ་ནས་ག་ཚོད་བཤད་ཀྱང་སྡུག་སྐད་འདོན་པ་ནི་མི་འདི་ཚོའི་གཤིས་ངན་རེད་་་་་་་་་་་་་་་་་་་་་་་་

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཚྭ་སྒང་ཕོ་ཉས་གསུངས་པ་དེ་རང་རེད། དབང་ཕྱུག་ཚེ་རིང་གིས་ལོ་རྒྱུས་ཅིག་བཤད་ཁུལ་བྱས་འདུག་ཀྱང་། ལོ་རྒྱུས་ལ་རྒྱུས་མངའ་དེ་ཙམ་མི་འདུག་ལ་ས་ཁུལ་གྱི་མིང་ཡང་གོ་ནོར་ཐེབས་ནས་ལྷུན་རྩེ་རྫོང་དང་ལྷོ་བྲག་རྫོང་གཉིས་གཞི་གཅིག་ཏུ་སྦྲེལ་འདུག། ལྷུན་རྩེ་དང་ལྷོ་བྲག་གཉིས་རྫོང་རྦད་དེ་ཁག་ཁག་རེད། རྫོང་འདི་གཉིས་བོད་རང་བཙན་སྐབས་སུ་ལྷོ་ཁ་སྤྱི་ཁྱབ་ཀྱི་ཁོངས་སུ་གཏོགས་པ་རེད་ལ། ད་ལྟ་ལྷོ་ཁ་(ཀྲོན་ཆུས་)སམ་ལྷོ་ཁ་ས་ཁུལ་ལམ། ལྷོ་ཁ་མངའ་སྡེ་ཟེར་ན་ཆོག། འདིའི་འོག་ཏུ་(ཤན་)ནམ་རྫོང་ལྷུན་རྩེ་དང་ལྷོ་བྲག་གཉིས་འདིའི་ཁོངས་སུ་ཡོད་ཡོད་རེད།
    མ་གཞི་དབང་ཕྱུག་གིས་ལོ་རྒྱུས་དངོས་ལ་ཞིབ་འཇུག་གི་རྒྱུད་རིམ་ཞིག་མ་ཡིན་པར་མདུང་རྩེ་རང་བཙན་ལྟ་གྲུབ་པར་གཏད་དེས་ལམ་དབུ་མའི་དགེ་མཚན་གླེང་ཞོར་བོད་དང་བོད་མི་རིགས་ལ་རང་དབང་གཙང་མ་ཞིག་ལ་མི་རེ་བར་ཁ་འཕོར་འཛུགས་ས་ཞིག་དང་གནས་སྐབས་ཀྱི་མལ་ས་དྲོན་མོ་ཞིག་རེག་ན་དེ་གས་འགྲིགས་པ་ཞིག་འདོད་ཀྱི་ཡོད་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཀྲུང་དབྱང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་ལ་ཏཱ་ལའི་བླ་མ་དང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད་ལ། བོད་ནང་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་གདུག་རྩུབ་ཀྱི་སྲིད་ཇུས་སྔར་ལྷག་ཇེ་མཁྲེགས་ངང་འགྲོ་མུས་ལས་ཏཱ་ལའི་བླ་མ་དང་བཙན་བྱོལ་སྒྲིགས་འཛུགས་ངོས་ལེན་མེད་པ་ནི་ཨ་ཅང་ཅང་རྣམ་འགྱུར་ཡང་ཡག་ཙམ་ཞིག་བསྟན་མྱོང་མེད་ཀྱང་འདི་ན་མགོ་འདོགས་རིང་ལུགས་པ་དང་། ཀླད་རྙིང་མཁྲེགས་འཛིན་དང་། རྙིང་ཞེན་བག་ཁུམས་དང་གཉའ་ཞུམས་རིང་ལུགས་པ་ཚོས་ལམ་དབུ་མའི་སྒོ་སྐབས་བརྒྱུད་རང་ཁེ་ཞིག་རག་ཨེ་ཐུབ་ལྟ་ཡི་ཡོད་པ་རེད།

    Reply
  6. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    གཉིས་པའི་བཅུ་གསུལ་ལགཙིགས་ཆེན་གནང་བ་ནི། “བཀའ་དྲིན་ལོག་འཇལ་”ཡིན་ཞེ་ན། ངོ་ནས་ཧ་མི་གོ་བ་ཞིག་རེད།

    Reply
  7. རས་པ། says:
    ལོ་ 13 སྔོན།

    གཡུལ་རྒྱལ་ལྷུན་རྩེ་རུ་བོད་གཞུང་གསར་འཛུགས་གནང་བ་དངོས་བདེན་ཡིན་རུང་ཟེར་བའི་བཤད་སྟངས་འདི་རྒན་པོ་མང་དག་ཅིག་གི་ངག་རྒྱུན་ལོ་རྒྱུས་སོགས་སུ་འཁོད་འདུག་རུང་། དོན་དངོས་སུ་འདི་ལ་གསར་འཛུགས་ཞེས་བཤད་ཚེ་ཐ་སྙད་ཀྱི་སྐྱོན་མེད་དམ་སྙམ། ད་སྔ་ཡན་དུ་དེབ་སོགས་སུ་ཐ་སྙད་གང་བེད་སྤྱོད་མང་པོ་བཏང་ཡོད་མེད་ལ་མ་བལྟས་པར་ལོ་རྒྱུས་ཀྱི་གུང་བསྒྲིགས་ནས་བསམ་ཚེ་འདི་ལ་ང་ཚོས་ངེས་པར་ཏུ་ལྷོ་ཁ་ལྷུན་རྩེ་རུ་བོད་གཞུང་བསྐྱར་འཛུགས་ཀྱིས་ས་མིང་གཡུལ་རྒྱལ་ལྷུན་རྩེ་རུ་བསྒྱུར་སོགས་སུ་བཤད་དགོས་པ་རེད་བསམ། གསར་འཛུགས་སུ་ངེས་པར་བཤད་དགོས་ཚེ་ད་བར་དུ་ང་ཚོས་བཤད་བསྡད་པའི་རྒྱུན་མ་ཆད་པའི་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་ཀྱི་འཕྲིན་ལས་ལ་བར་མཚམས་ཤིག་ཡོད་པ་དོན་གྱིས་ཁས་ལེན་དགོས་པ་མིན་ནམ་བསམ།

    Reply
  8. ཁ་འོ་མ། says:
    ལོ་ 13 སྔོན།

    ད་ཤར་ཕྱོགས་ཁུག་རྟའི་བཤད་ཕྱོགས་ལ་རྒྱབ་སྐྱོར་བྱ་མཁན་མང་རུ་མང་རུ་འགྲོ་གི

    Reply
  9. ཚྭ་སྒང་ཕོ་ཉ says:
    ལོ་ 13 སྔོན།

    ལྷོ་ཁ་ཞིང་ཆེན་མ་རེད། ས་ཁུལ་ཟེར་བ་དེ་རེད། རྒྱ་སྐད་ནང(ཀྲོན་ཆོས་)ཟེར་བཞིན་པ་དེ་རེད།

    Reply
  10. ཚྭ་སྒང་ཕོ་ཉ། says:
    ལོ་ 13 སྔོན།

    གོང་བཀོད་རྩོམ་ཡིག་དེའི་བརྗོད་བྱ་གཙོ་བོ་དང་སྨྱུག་རྩེ་ཕྱོགས་ས་གཙོ་བོ་དེ་རང་བཙན་ལས་དབུ་མ་བཟང་བ་དང་རང་བཙན་འདོད་མི་རིགས་ཚུལ་གྱི་སྐད་ཆ་རྙིང་པ་དེ་དག་ལས་གཏན་ཚིགས་གསར་པ་དང་གནས་ལུགས་གསར་པ་ནི་གང་ཡང་མི་འདུག་པས་རིན་ཐང་དེ་ཙམ་མི་འདུག། ཡིན་ན་ཡང་སྨྲ་བརྗོད་པ་རང་དབང་ཡོད་པས་བཤད་ཆོག་ལ་གླེང་ཡང་དེ་བས་ཆོག། དེ་ནས་འོག་ཏུ་འཆན་བཀོད་མཁན། ཡར་ཀླུང་ལྷ་རྗེ་ལགས་ཀྱིས་ལྷོ་བྲག་དང་ལྷུན་རྩེ་གཉིས་སོ་སོ་ཡིན་པར་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཡིན་ན་ཡང་ “བོད་ས་བཙན་བཟུང་བྱས་ནས་དེ་རིང་ཉིན་མོ་བར་ལྷོ་ཁ་ཞིང་ཆེན་ཁུངས་སུ་རང་འཇགས་ཡིན་”ཟེར་བ་ནི་ཧ་ཅང་ནོར་འདུག། ལྷོ་ཁ་ནི་ད་ལྟ་བོད་སྐད་དབང་དུ་བྱས་ན་ས་ཁུལ་དང་རྒྱ་སྐད་དབང་དུ་བྱས་(ཀྲོན་ཆོས་)ཟེར་བ་དེ་ཡིན་པ་ལས་ཞིང་ཆེར་རྩ་བ་ནས་མ་རེད།

    Reply
  11. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    གོང་བརྗོད་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། ཡིན་ནའི་དེའི་ནང་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་ལ་བོད་གཞུང་གསར་འཛུགས་གནང་བ་ནི་དངོས་བདེན་ཡིན་རུང་ས་གནས་མིང་ལྷོ་བྲག་མིན། ལྷོ་བྲག་རྫོང་དང། ལྷུན་རྩེ་རྫོང་དེ་གཉིས་ལྷོ་ཁ་ས་ཁུལ་ཡིན་སྔར་བོད་རང་བཙན་ཡོད་པའི་སྐབས་སུ་ལྷོ་ཁ་སྤྱི་ཁྱབ་གྱི་ཁྱབ་ཁུངས་སུ་ཡིན་ལ་ད་ཆ་རྒྱ་དམར་གྱི་བོད་ས་བཙན་བཟུང་བྱས་ནས་དེ་རིང་ཉིན་མོ་བར་ལྷོ་ཁ་ཞིང་ཆེན་ཁུངས་སུ་རང་འཇགས་ཡིན་པས་དེ་གཉིས་བར་ཁ་ཕྱོགས་ཡང་འཛུལ་ཡོད་པས་ཡིད་ཟབ་དགོས་གལ། མ་ཟད་༸གོང་ས་༸མཆོག་རྒྱ་གར་དུ་ཕེབས་ལམ་ཡང་ལྷོ་བྲག་ས་ཁུལ་གང་ཡང་སྟབ་འཁེལ་བྱུང་མེད་པས་གསལ་བརྗོད་དུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese