མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚགས་པར་འདི་གཉེར་དོན་གཞོན་སྐྱེས་ཚོ་བོད་ཡིག་ལ་དོ་སྣང་ཡོང་ཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་སྐོར་ཞིག་གིས་བརྩེ་དུང་ཞེས་པའི་ཚགས་པར་ཞིག་དཔར་འགྲེམས་བྱེད་མགོ་བརྩམས་ཡོད་པ་དང་། དེ་ནི་བོད་སྐད་བོད་ཡིག་རྒྱུན་འཛིན་དང་དར་སྤེལ་ཡོང་ཆེད་དུས་རབས་ཀྱི་ཁ་ཕྱོགས་དང་། གཞོན་སྐྱེས་ཚོའི་མོས་ཕྱོགས་བཟུང་སྟེ་ཞབས་འདེགས་ཞུ་བཞིན་ཡོད་ཟེར།

ཉེ་ལམ་ཞིག་ནས་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐོར་ཞིག་གིས་༼བརྩེ་དུང་༽ཞེས་པའི་ཚགས་པར་ཞིག་དཔར་འགྲེམས་བྱེད་མགོ་བརྩམས་ཡོད་པ་དང་། དེ་ནི་བོད་སྐད་ཡིག་ལ་དུང་བ་ཟབ་ཅིང་གྲོས་ཁ་མཐུན་པའི་སློབ་བུ་འགའ་མཉམ་རུབ་ཐོག ནམ་རྒྱུན་སློབ་གྲྭའི་སློབ་མ་ཚོས་བོད་ཡིག་ལས་དབྱིན་ཡིག་དང་རྒྱ་ཡིག་ལ་དོ་སྣང་བྱེད་པ་དང་། བོད་ཡིག་གི་དཔེ་དེབ་ལས་དབྱིན་ཡིག་དང་རྒྱ་ཡིག་གི་དཔེ་དེབ་ཀློག་པ། དེ་བཞིན། སློབ་གྲྭའི་ཁོར་ཡུག་ནང་ཕ་སྐད་བོད་སྐད་གཙང་མ་ལས། རྒྱ་སྐད་དང་དབྱིན་སྐད་ཆལ་ཆོལ་བཤད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་འོག གཞོན་སྐྱེས་ཚོའི་སེམས་ཁམས་དང་དགའ་མོས་ཀྱི་ཁ་ཕྱོགས་བཟུང་སྟེ། བོད་ཡིག་བོད་སྐད་ཀྱི་ལམ་དུ་སྐུལ་འདེད་གཏོང་ཆེད་ ༢༠༡༢ ལོའི་ཕྱི་ཟླ་ ༥ བའི་ཚེས་ ༢༨ ཉིན་ཚགས་པར་འདི་ཐོག་མར་དབུ་བརྙེས་བ་ཞིག་ཡིན་འདུག

བརྩེ་དུང་ཚགས་པར་འདི་ཟླ་རེར་གྲངས་  ༡༠༠༠ ཙམ་རེ་དཔར་བསྐྲུན་བྱས་ཏེ། བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་དང་། ས་རཱ་དང་ནོར་གླིང་མཐོ་སློབ། བཞུགས་སྒར་ཁུལ་བཅས་སུ་འགྲེམས་སྤེལ་བྱེད་ཀྱི་ཡོད་འདུག ཚགས་པར་དེའི་ནང་། དམངས་ཁྲོད་ཀྱི་ལ་གཞས་དང་བརྩམས་སྒྲུང་། བརྩེ་འཕྲིན། བསྒྱུར་རྩོམ། སྙན་རྩོམ། རྒྱལ་སྤྱིའི་ནང་གི་བརྩེ་དུང་དང་འབྲེལ་བའི་གསར་འགྱུར་བཅས་ལེ་ཚན་ཁག་ཅིག་གིས་གྲུབ་ཡོད་འདུག

ཚགས་པར་འདིའི་རྩོམ་སྒྲིག་པ་ཚོས་བརྗོད་པ་ལྟར་ན། བཙན་བྱོལ་སྤྱི་ཚོགས་ནང་མི་མཐོ་དམན་བར་གསུམ་གྱིས་བོད་སྐད་ཡིག་ཡར་རྒྱས་གཏོང་དགོས་ཞེས་ཞེན་ཁོག་གི་སྐད་ཆ་ཤོད་མཁན་མང་ཡང་། དངོས་ཡོད་དང་མཐུན་པའི་ཁོར་ཡུག་བསྐྲུན་ཐུབ་ཀྱི་མེད་སྟབས། བོད་སྐད་ཡིག་དེ་ཉིད་སྣ་མང་སྣེ་མང་གི་ཕྱོགས་སུ་ཞུགས་ཏེ་དེང་གི་གསར་སྐྱེས་ཚོའི་དང་བ་འདྲེན་བྱེད་དུ་འགྱུར་རྒྱུ་དང་། བརྩེ་དུང་ཞེས་པའི་ཡིག་འབྲུ་འདི་གཉིས་བརྒྱུད་དེ། ན་གཞོན་གསར་བ་དང་དུས་རབས་གསར་བ། བོད་སྐད་ཡིག་ལ་འཕེལ་རིམ་གསར་བ་ཞིག་བསྐྲུན་ཐུབ་པའི་དམིགས་ཡུལ་དང་རེ་བ་བཟུང་ཡོད་ཟེར།

 གསར་འགོད་པས་བརྩེ་དུང་ཚགས་པར་གྱི་རྩོམ་སྒྲིག་པར། སློབ་མ་ཞིག་གིས་ཚགས་པར་འདི་འདྲ་ཞིག་གཉེར་ན་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་དྲིས་པར། “ང་ཚོ་ཚང་མ་སློབ་མ་ཡིན་པ་དང་། སློབ་གྲྭའི་སྒྲིག་གཞི་དང་མ་འགལ་བ་བྱེད་དགོས་དུས། སློབ་གྲྭའི་ངོས་ནས་བཀག་སྡོམ་བྱེད་མི་ཡོང་ངམ་སྙམ་པའི་སེམས་འཚབ་ཅིག་ཡོང་གི་འདུག དེ་ནས་དཔལ་འབྱོར་ཐད་རེད། སློབ་གྲྭའི་གཞུང་ལ་མཐུན་འགྱུར་ཞུས་པ་ཡིན་ན། ཚགས་པར་གྱི་བརྗོད་བྱའི་ཐོག་ལ་སྟངས་འཛིན་བྱེད་སྲིད་གི་རེད་དྲན་ཡོད། ཚགས་པར་འདི་ལ་སྤྱི་ཚོགས་ནང་དགའ་མོས་བྱེད་ཀྱི་འདུག ལྷག་པར་དུ་སློབ་མ་ཚོའི་ཁྲོད་དུ་དགའ་མོས་བྱེད་མཁན་མང་པོ་རེད། ད་ཆར་ང་ཚོས་སློབ་གྲྭའི་གློག་ཀླད་བེད་སྤྱོད་བཏང་སྟེ་ཚགས་པར་གྱི་ལས་ཀ་བྱས་པ་ཡིན། འདོན་ཐེངས་དང་པོའི་འགྲོ་སོང་ང་རང་ཚོ་སྒེར་གྱིས་བཏང་བ་ཡིན། འདོན་ཐེངས་གཉིས་པ་དང་གསུམ་པ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་སྐྱིད་ཀྱིས་རོགས་པ་གནང་སོང” ཞེས་བརྗོད་བྱུང་།

 བརྩེ་དུང་ཚགས་པར་གྱི་རྩོམ་སྒྲིག་པ་ཡི་དམ་བཀྲ་ཤིས་ལགས་ནི། བོད་ནང་སློབ་ཆུང་དང་སློབ་འབྲིང་འགྲིམ་མྱོང་མཁན་ཞིག་ཡིན་པ་དང་། ༢༠༠༦ ལོར་རྒྱ་གར་དུ་འབྱོར་ཏེ་སུ་ཇཱ་བོད་ཁྱིམ་དུ་འཛུལ་ཞུགས་ཀྱིས་ད་ལྟ་འཛིན་རིམ་བཅུ་བར་སློབ་སྦྱོང་བྱེད་ཀྱི་ཡོད་འདུག ཁོས་སློབ་སྦྱོང་གི་ཞོར་དུ་འུ་ཅག་གི་སེམས་གཏམ་དང་མ་འོངས་པའི་བགྲོ་གླེང་གི་ཚོགས་མི་དང་༼གངས་ཟླ༽ དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་ཀ་བྱེད་ཀྱི་ཡོད་འདུག ཁོས་བརྗོད་དོན། “  ང་རང་ཉིད་ལ་མཚོན་ན་བོད་སྐད་བོད་ཡིག་ལ་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན། ཚགས་པར་འདི་གཉེར་དོན་ཡང་གཞོན་སྐྱེས་ཚོ་བོད་ཡིག་ལ་དོ་སྣང་ཡོང་ཆེད་ཡིན། ང་ཚོ་མི་མང་པོ་ཞིག་གིས་བོད་སྐད་ཡིག་ཅེས་ལབ་ཡོང་དུས་ཁ་གསོ་མི་ཐུབ་པའི་སྐད་ཡིག་ཅིག་ལ་མཐོང་གི་ཡོད་པ་རེད། ང་རང་གི་བསམ་པར་བོད་སྐད་ཡིག་འདི་ཁ་གསོ་བྱེད་མི་ཉན་པའི་སྐད་ཡིག་ཅིག་གཏན་ནས་མ་རེད་དྲན་ཡོད། མ་གཞི་ནས་མི་ཞིག་ཡིན་ན། རང་མི་རིགས་ཀྱི་སྐད་ཡིག་སྦྱོང་དང་མི་སྦྱོང་དེ་རང་ཉིད་ཀྱི་ཁ་གསོ་བྱེད་ཉན་དང་མི་ཉན་གྱི་ཐོག་ནས་ལྟ་གི་ཡོད་ན། ངོ་མ་ཐབས་སྐྱོ་བོ་རེད། རང་གི་ཤ་དང་ཁྲག་བོད་རིགས་རེད། བོད་མི་ཞིག་གིས་བོད་སྐད་དང་བོད་ཡིག་ལ་འགན་མ་འཁུར་ན། མི་རིགས་གཞན་ཞིག་གིས་བདག་པོ་རྒྱག་གི་མ་རེད། ” ཅེས་བརྗོད་བྱུང་།

 རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ་ལགས་ཀྱང་བོད་ནང་སློབ་གྲྭ་ཆུང་འབྲིང་འགྲིམ་མྱོང་ཞིང་། ༢༠༠༧ ལོར་རྒྱ་གར་དུ་འབྱོར་ཏེ་སུ་ཇཱ་བོད་ཁྱིམ་གྱི་འཛིན་རིམ་བཅུ་བ་ཡིན་པ་དང་། ཁོང་གིས་༼སྐྱ་རེངས༽ དུས་དེབ་ཀྱི་རྩོམ་སྒྲིག་པ་དང་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་ལས་ཀ་བྱེད་ཀྱི་ཡོད་འདུག ཁོས་བརྗོད་དོན། “ སྤྱི་ཚོགས་ཤིག་གི་ལང་ཚོ་དེ་ན་གཞོན་གྱི་ལང་ཚོ་ཡིན་ཞེས་པ་ལྟར། ན་གཞོན་གྱི་ལང་ཚོ་གང་འདྲ་ཞིག་ཡིན་པ་དེ་སྤྱི་ཚོགས་དེའི་ལང་ཚོ་ཆགས་ཡོད་པ་རེད། བོད་སྐད་ཡིག་གི་ལང་ཚོ་ངོམས་པ་ལ་ན་གཞོན་ཚོས་སེམས་ཁམས་ལ་སྐད་ཡིག་གི་རིན་ཐང་བསྐྲུན་དགོས་ཀྱི་ཡོད་པ་རེད། གལ་སྲིད། ན་གཞོན་ཚོའི་སེམས་ཁོང་དུ་སྐད་ཡིག་ལ་དགའ་མོས་དང་དུང་བ་ཡོད་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་སྐད་ཡིག་ལང་ཚོ་རྒྱས་ཐུབ་པ་རེད། ང་ཚོ་རིག་གནས་སྣ་མང་གི་སྤྱི་ཚོགས་ཤིག་གྲུབ་དགོས་ན། བོད་སྐད་ཡིག་དེ་ཕྱོགས་ཡོངས་ནས་བེད་སྤྱོད་གཏོང་ཐུབ་པའི་ལམ་ཁ་སྣ་མང་བཟོ་དགོས་པ་རེད། ང་ཚོའི་བརྩེ་དུང་ཚགས་པར་འདི་དེའི་ནང་གི་ལམ་ཁ་གཅིག་ཡིན་དྲན་ཡོད” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese