ངྷ་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག དེ་རིང་དགོང་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་ཐོག་ངྷ་ས་མེག་གྷན་ཁྲོམ་གཞུང་དུ། བཞུགས་སྒར་ངྷ་སའི་སེར་སྐྱ་མང་ཚོགས་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་བརྒྱ་སྐོར་ཞིག་གིས། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་མདོ་སྨད་ཀླུ་ཆུ་རྫོང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྟེ་སྐུ་གྲོངས་པའི་རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་བསྟན་འཛིན་ལཊ་ཀྱི་ཆེད་མར་མེ་ཁྲོམ་སྐོར་ཞིག་གནང་སོང་།
འདི་ནི་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༡༡༤ པ་དང་། བཙན་བྱོལ་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༦ པ་དེ་ཆགས་ཡོད་ལ། བོད་ནང་མེར་བསྲེགས་གཏོང་མཁན་ཁྲོད་མི་ ༩༥ འདས་གྲོངས་སུ་ཕྱིན་ཡོད་འདུག
གསར་འགོད་པ། དཔལ་ལྡན།


![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)


