མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱན་འཛུཊ་ཤོ་རྒྱག་དང་རྐུ་འཕྲོག་མི་བྱེད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་བླ་བྲང་བསང་ཁོག་འབྲོག་སྡེ་རུ་མ་འོངས་པའི་ལོ་ལྔའི་རིང་རྐུ་འཕྲོག་བཅོམ་གསུམ་དང་ཤོ་རྒྱག་རྒྱན་འཛུགས་མི་བྱེད་པའི་དམ་བཅའ་བཞག་འདུག

ཁ་སང་ཕྱི་ཟླ་ ༤ ཚེས་ ༡༠ སྟེ། ལྷག་དཀར་ཉིན་དང་བསྟུན་ཏེ་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཚོ་བ་བདུན་གྱི་རྒན་པོ་ལོ་ན་ ༦༠ མན་དང་གཞོན་པ་རང་ལོ་ ༡༥ ཡན་གྱིས་ཡུལ་གྱི་སྲུང་མ་ཨ་མ་གྲགས་རྒྱལ་མའི་ལྷ་ཁང་མདུན་དུ་བསང་གསོལ་ཆེན་པོ་ཞིག་དང་ལྷན་དུ། ལྷ་ཁང་གི་སྐུ་བརྙན་ལ་ཁ་བཏགས་སྒྲོན་ཏེ། ཉི་མ་དེ་རིང་ནས་བཟུང་འབྱུང་འགྱུར་ལོ་ལྔའི་རིང་ཕྱི་ནང་གཉིས་སུ་རྐུ་འཕྲོག་བཅོམ་གསུམ་དང་ཤོ་རྒྱག་རྒྱན་འཛུགས་རིགས་མི་བྱེད་པའི་མནའ་སྐྱེལ་དམ་བཅའ་བཞག་ཡོད་འདུག

ཐེངས་འདིའི་མནའ་སྐྱེལ་དམ་འཇོག་འདི་ཡུལ་མིའི་མགོ་འཛིན་གྲངས་ ༡༡༡ གི་འགན་ཁུར་འོག་བཞག་པ་ཞིག་ཡིན་འདུག་ལ། མནའ་སྐྱེལ་དམ་བཅའ་དེར་ “ཡོངས་བསྒྲགས་བརྡ་ཁྱབ་ཁྱུང་གཤོག་དྲུག་དཀར་”ཞེས་པའི་རྩ་འཛིན་ཡིག་ཆ་དོན་ཚན་ ༣ ཅན་ཞིག་གཏན་འབེབས་བྱས་ཡོད་ཡོད་པའི་ནང་། དོན་ཚན་དང་པོའི་ནང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༠ ནས་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༡༠ བར་མནའ་སྐྱེལ་དམ་བཅའ་འདི་ཉིད་བརྩི་སྲུང་བྱ་དགོས་པར་བཀོད་འདུག་ལ། དོན་ཚན་གཉིས་པའི་ནང་གོང་གསལ་དུས་ཡུན་དེའི་རིང་ཕྱི་ནང་བོད་རྒྱ་སོག་གསུམ་གྱི་ཡུལ་གང་དུ་ཡང་རང་ཉིད་ཀྱི་རྩོལ་བ་མ་ཡིན་པའི་རྒྱུ་ནོར་ཅ་དངོས་ཆུང་བ་ཁབ་སྐུད་ནས་ཆེ་བ་གསེར་དངུལ་སོགས་གཞན་ལ་བདག་པའི་ནོར་དིལ་འབྲུ་ཙམ་ཡང་རྐུ་འཕྲོད་བཅོམ་གསུམ་མི་བྱེད་པ་མ་ཟད། མི་གཞན་ལ་བརྒྱུད་སྐུལ་རིགས་ཀྱང་མི་བྱེད་པའི་རྩ་ཚིག་གསལ་འདུག

དོན་ཚན་གསུམ་པའི་ནང་། དུས་ཡུན་ལོ་ ༥ ནང་མནའ་སྐྱེལ་དམ་བཅའ་དང་འགལ་རིགས་བྱུང་ཚེ། བརྐུས་པའི་རྒྱུ་ནོར་གང་དེའི་མ་རྩའི་བརྒྱ་ཆ་ ༡༠ དང་བཅས་ཕྱིར་རྒྱུ་བདག་ལ་སྤྲོད་དགོས་པ་མ་ཟད། རྐུ་རོགས་སུ་དང་གང་ཡོད་པ་དག་གི་དངོས་མིང་དང་བརྐུས་པའི་རྒྱུ་ནོར་བཅས་ཡི་གེར་ཕབ་སྟེ་རྒྱང་བསྒྲགས་དང་གྱང་ངོས་སོགས་སུ་སྦྱར་རྒྱུའི་རྩ་འཛིན་བཀོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། མནའ་སྐྱེལ་དམ་འབུལ་གྱི་ལས་འགུལ་དེ་ནི་བོད་མིའི་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་དང་། བོད་དང་བོད་མིའི་ཆེད་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ཞལ་ཆེམས་དང་མངོན་འདོད་བསྒྲུབ་ཆེད་ཡིན་འདུག

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 3

  1. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 13 སྔོན།

    བོད་ནང་གི་དཔའ་བོ་རྣམས་ཀྱི་མཛད་རྗེས་ལ་མངོན་པར་བསྟོད་དོ། གསར་འགྱུར་འདི་འབྲི་སྟངས་མ་འགྲིག་པ་ཡིན་ནམ་གང་ཡིན་མི་ཤེས། ལོ་ལྔའི་ནང་ལ་རྐུ་འཕྲོག་མི་བྱེད་ཟེར་དུས། ལོ་ལྔའི་རྗེས་སུ་རྐུ་འཕྲོག་བྱ་རྒྱུ་ཡིན་པའི་གོ་དོན་ཞིག་ཟུར་ནས་དོན་ཡོང་གི་མི་འདུག་གམ། གྲོགས་པོ་ཚང་མའི་ཚོར་སྣང་ག་འདྲ་འདུག

    Reply
  2. གཅེན་པོ། says:
    ལོ་ 13 སྔོན།

    ཧ་ཅང་ལེགས།

    Reply
  3. ཚེ་རིང་བསམ་གྲུབ། says:
    ལོ་ 13 སྔོན།

    བོད་ནང་ནས་ལྷག་དཀར་ལས་འགུལ་སྤེལ་སྟངས་འདི་འདྲ་རེད། བཙན་བྱོལ་སྤྱི་ཚོགས་ནང་དུ་སྔོན་མ་ལྷག་དཀར་ཚ་ཚ་འུར་འུར་འདྲ་ཞིག་བྱས་སོང་ཡང་། བར་སྐབས་ཤིག་ནས་གྲགས་འགུལ་མེད་པ་ཆགས་སོང་། ལྷག་པར་དུ་རྒྱན་འཛུགས་ཤོ་རྒྱག་ཟེར་བ་འདི་བོད་ནས་ལས་བཙན་བྱོལ་ནང་སྡུག་ཤོས་རེད་རྒྱུ་རེད་བསམ་གྱི་འདུག། རྡ་རམ་ས་ལའི་གཡས་གཡོན་ཚང་མར་རྒྱན་འཛུགས་དང་ཤོ་རྒྱག་ས་ཁེངས་འདུག གངས་ཅན་སྐྱིད་གཤོང་གཡས་གཡོན་ནའང་འགའ་རེ་ཡོད་པ་ཞིག་གོ་སོང་། དེ་ལས་སྡུག་ཤོས་གཅིག་ནི་རྡ་རམ་ས་ལའི་ཨ་མདོའི་གྲོང་གསེབ་ལམ་ཁའི་ས་ཁང་ཞིག་ཏུ་ཤོ་ཁང་ཞེད་སྣང་ཚ་བོ་ཞིག་འདུག ད་དུང་ཤོ་ཁང་དེའི་བདག་པོ་སྔོན་ཆད་གསོག་སྒར་སློབ་གྲྭའི་བོད་དགེ་ཞིག་རེད་ཟེར། འདི་དག་རྩ་མེད་བཟོ་དགོས་པ་རེད། སྤྱི་ཚོགས་རུལ་སུངས་སུ་གཏོང་གི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese