མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་ལོ་ ༡༤ ཅན་ཞིག་ལ་བཙན་གཡེམ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གར་༼དར་རྒྱས་གླིང་དུས་བབ་(darjeelingtimes)༽ཞེས་པའི་གསར་འགྱུར་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་ཀ་ལོན་སྦུག་གི་ཉེ་འཁྲིས་སུ་ཡོད་པའི་ས་གནས་ཨ་ལེད་ཅི་ཀོད་པུ་(Alaichikhop)ནས་ཡིན་པའི་རང་ལོ་ ༡༤ ཡིན་པ་བུ་མོ་སཱ་རེས་ཀཱ་ (sarika) ཟེར་བ་ཞིག་ལ། གླ་གཏོང་རླངས་འཁོར་ཁ་ལོ་ཞིག་དང་།  ཁོང་གི་གྲོགས་པོ་གྲྭ་བ་གསུམ་བཅས་ཀྱིས་བཙན་གཡེམ་བྱས་ཡོད་འདུག  

གནང་ཚུལ་ནང་བཀོད་དོན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་བུ་མོ་དེ་སྨན་ཞིག་ཉོ་ཆེད་ཀ་ལོན་སྦུག་གྲོང་ཁྱེར་དུ་སོང་སྟེ། ཕྱི་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་ཕྱིར་གོམ་པ་བརྒྱབ་ནས་རང་ཁྱིམ་དུ་ལོག་སྐབས། གླ་གཏོང་རླངས་འཁོར་མཱ་རོ་ཊི(MarutiVan)ཡི་ཁ་ལོ་བ་ཀཱ་རན་རོད་ཀཱས་(Karan Roka)ཟེར་བ་ཞིག་གིས་ཁོ་མོར་གླ་མི་ལེན་པར་ཁྱིམ་དུ་བསྐྱལ་རྒྱུ་ཡིན་སྐོར་བརྗོད་དེ་རླངས་འཁོར་ནང་བཞག་ཡོད་པ་དང་། ལམ་བར་དུ་ཁོ་མོར་བཟི་སྨན་གང་རུང་ཞིག་སྤྲད་དེ་དྲན་པ་འཐོར་དུ་བཅུག་རྗེས། ཁོང་གི་གྲོགས་པོ་གྲྭ་བ་གསུམ་སྐད་བཏང་ནས་བུ་མོ་དེར་བཙན་གཡེམ་བྱས་ཡོད་པ་དང་། དེའི་རྗེས་ཁོ་མོ་རང་ཁྱིམ་འགྲམ་གྱི་ནགས་གསེབ་ཏུ་གཡུགས་ནས་ཕྱིན་ཡོད་འདུག

ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༠ པའི་སྟེང་། གྲོང་གསེབ་དེའི་མི་ཁ་ཤས་ཀྱིས་ཁོ་མོ་མཐོང་ནས་སཱ་རེས་ཀཱ་(sarika) ཡིན་པ་ངོ་རྟགས་ཆོད་ཅིང་། དེ་མ་ཐག་ཀ་ལོན་སྦུག་སྨན་ཁང་དུ་འཁྱེར་ཡོད་པ་དང་། ས་གནས་ཉེན་རྟོག་ལས་ཁུངས་ལ་ཐོ་འགོད་(FIR)བྱས་འདུག ཁོ་མོའི་གཟུགས་པོའི་གནས་སྟངས་སྐོར་ལ་འབྲེལ་ཡོད་སྨན་པས་ད་སྔ་གང་ཡང་བརྗོད་མེད་ཀྱང་། ཁོ་མོས་མོར་བཙན་གཡེམ་བྱེད་མཁན་དེ་དག་ངོ་ཤེས་ཀྱི་ཡོད་ཚུལ་བརྗོད་ཡོད་འདུག  

ཁ་སང་ཚེས་ ༡༡ ཉིན་གྱི་ཕྱི་དྲོར་ས་གནས་ཉེན་རྟོག་པས་བཙན་གཡེམ་བྱེད་མཁན་དག་འཛིན་བཟུང་གིས་འདྲི་རྩད་བྱས་ཡོད་འདུག་ལ། ཉེས་ཅན་དེ་བཞི་ནི་གླ་གཏོང་རླངས་འཁོར་ཁ་ལོ་བ་ཀཱ་རན་རོད་ཀཱས་དང་།  ཁོང་གི་གྲོགས་པོ་གྲྭ་བསམ་གཏན་ཤེས་སྒྲུབ་(Samten Tshedup)དང་། ཕུར་བུ་རྡོ་རྗེ་(Phurba Dorjee)། ཟླ་བ་གྲགས་པ་(Dawa Dukpa)བཅས་ཡིན་སྐོར་སོགས་བཀོད་འདུག་ཀྱང་། གནས་ཚུལ་ནང་གྲྭ་བ་ཞེས་བརྗོད་ཡོད་པ་ཙམ་ལས་དགོན་པ་གང་ཡིན་པ་དང་། མི་རིགས་སུ་ཞིག་ཡིན་མིན་སོགས་ཁ་གསལ་མི་འདུག ད་ལྟ་ཁོང་ཚོར་རྒྱ་གར་གྱི་ཉེས་ཁྲིམས་ཨང་ ༣༧༦ ཞེས་པའི་འོག་བཀག་ཉར་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༩ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 18

  1. རྒྱ་ཞིང་མྱི་དཀར says:
    ལོ་ 13 སྔོན།

    འགྲོ་བ་མིའི་ཀུན་སྤྱོད་དང་བརྒལ་ཞིང་ལྷག་པར་དུ་སེར་མོ་བ་ཡོངས་ལ་ཉེས་མེད་གྲིབ་ནག་གིས་གླེང་མོར་སྤྱི་ཚོགས་འད྄ིར་ཁྱབ་པར་བྱས་བས་ནག་ཉེས་གནམ་ལ་མི་ཤོང་བ་བཟོ་ཡོད་བས་ཁྲིམས་མཐུན་གྱིས་ཉེས་ཆད་ལྕི་མོ་དགོས་ངེས་རེད།་

    Reply
  2. རྒྱ་ཞིང་མྱི་དཀར says:
    ལོ་ 13 སྔོན།

    གྲོགས་པོ་འཇང་ཧ་ཅང་གི་སྐད་ཆ་རྫིག་པོ་འདྲ་བཤད་ཡོད་དྲན་ཀི་ཡོད་བེ་ལས་ངན་པ་རང་རེད་ཁུངས་མེད་འོལ་ཚོད་དོན་མེད་ཉེས་ཆེན་གྱི་གཏམ་འདི་ཚོ་ཁོག་ལ་ཤར་ན་ཁ་ནས་བཤད་ཕོད་པ་ཞིག་རེད་བེ་ཁྱེད་རང་ངོ་ཚ་གི་མི་འདུག་གམ་༼དུས་རྟག་ཏུ་སེར་འབྲས་དགེ་གསུམ་ན་དེ་འདྲ་ཡོད་ཡོད་པ་རེད་༽ཆེས་སྐད་ཆ་སྙན་མོ་གོ་རྒྱུ་ཡོད་པ་གཏིང་ཟབ་པོ་བྲིས་ཡོད་བསམ་ཀི་ཡོད་བེ་་་ངས་ལྟོས་ན་ཁྱེད་རང་གྲྭ་ལོག་བན་ལོག་ཞིག་ཡིན་པ་བརྟེན་ཁེལ་དགོན་པ་གྲྭ་ཚང་ནས་ཟ་ཟ་ནས་ཕྱིར་དྲིན་ཆེན་ལ་དྲིན་ལོག་མི་བྱེད་པ་དུད་འགྲོ་ཁྱི་ཡིན་རུང་བྱེད་སྲིད་གི་མ་རེད་དོན་ངོ་མ་དེ་འདྲའི་གནས་ཚུལ་ཡོད་ན་ཁྱེད་གིས་གཅིག་གཅིག་གཉིས་བྱས་ནས་དྲ་ཐོག་ལ་བཀོད་མོད་རྟོག་བཟོ་དང་རྣམ་རྟོག་གིས་བསློང་བ་ཡིན་ན་དེ་ནི་དགོས་མེད་ཉོག་གཏམ་རང་རེད་དེ་ལ་ཁྱེད་རང་གི་ཚོད་བཟུང་ན་ཡག་གི་རེད་མ་གཏོགས་དེ་ནི་མཚམས་མེད་ཀྱི་ལས་ཟེར་བ་ལས་གཞན་གང་ཡང་མིན་ལས་དེས་མནར་མེད་ལ་འཕངས་བ་ཐོག་པ་མེད

    Reply
  3. འབྲོང་སར་ཚེ་ཉི། says:
    ལོ་ 13 སྔོན།

    དབྱར་ཁབ་ཀུན་བཟང་ཀྱིས་བཤད་རྒྱུར། འདི་དང་འདི་འདྲའི་རིགས་ད་དུང་ཡང་ཡོང་ངེས་བཤད་འདུག ཁོང་གི་གསུང་སྟངས་བྱས་ན་སྔོན་མ་ཡང་འདི་འདྲ་མང་པོ་བྱུང་ཚར་ཡོད་པ་འདྲ། གལ་ཏེ་ཁྱོད་ལ་བཤད་རྒྱུ་ཨེ་ཡོད། མེད་ན་ཡི་གེ་འབྲི་དུས་ཡིད་གཟབ་མཛོད།

    Reply
  4. རིག་འཛིན། says:
    ལོ་ 13 སྔོན།

    གནས་་ཚུལ་ཁུངས་ལྡན་དང་དངོས་ཡོད་ཡིན་པས་ཚང་མ་ཐུགས་ཡིད་ཆེས་ཆོག། མི་འདི་བཞི་ལས་སྐྲ་རིང་ཅན་དེ་རྒྱ་གར་དང་གཞན་གསུམ་ནི་ས་གནས་དེརུ་འབྲུག་རྒྱལ་བཞི་པའི་མ་ཡུལ་གྱིས་སྦྱིན་བདག་བྱས་སྟེ་བདུད་འཇམ་སྐུ་གོང་མའི་སྐབས་སུ་བརྒྱག་གནངས་བའི་རྙིང་མ་དགོན་པ་ཆུང་ཆུང་ཞིག་གི་གྲྭ་བ་རེད་འདུག་ལ་་་་ད་ཆར་ཡང་འབྲུག་གཞུང་གིས་བླ་གྲྭ་ཚང་མར་ཟླ་ཕོག་མཐུན་འགྱུར་གནང་བཞིན་ཡོད་པའི་སྐད་ཆ་འདུག་་་་གྲྭ་བ་གསུམ་པོའི་ཕ་ཡུལ་ཡང་འབྲུག་ནས་རེད་འདུག།།

    Reply
  5. བཀྲ་ཤིས། says:
    ལོ་ 13 སྔོན།

    བསྟན་པར་ལྷག་བསམ་ཡོད་མདོག་མ་བྱེད་རང་གིས་བསྟན་པ་ཤེས་ཀྱི་ཡོད། གྲྭ་བའི་ཞབས་འདྲེན་བཞག་སོང་ཟེར་ནས་འུར་སྒྲ་མ་བྱེད་གྲྭ་བར་གྲྭ་བའི་འདུ་ཤེས་བཞག་མྱུང་ཡོད་དམ།

    Reply
  6. བཀྲ་ཤིས། says:
    ལོ་ 13 སྔོན།

    གནས་ཚུལ་གསལ་པོ་མ་ཆགས་གོང་ནས་ཡག་ཉེས་སྐད་ཅོར་ཉུང་ན་ལེགས་སྙམ།

    Reply
  7. གངས་རྡེའུ། says:
    ལོ་ 13 སྔོན།

    དེ་ཡིན་པ་རེད་ད་སྐབས་ཀྱི་ཕྱི་ལོག་གི་དགོན་པ་དང་གྲྭ་ས་དེ་དག་ནས་གྲྭ་རྒྱུན་མང་ཉུང་ལ་ལྟོས་ནས་དགོན་པ་ཆེ་ཆུང་དང་སྐད་གྲགས་ཆེ་ཆུང་ལས། ཚུལ་ཁྲིམས་རྣམ་པར་དག་པ་དང་གྲྭ་བ་སྤས་དག་མིན་བསམ་བློ་མི་གཏོང་པར་གང་ནས་སླེབས་ན་དམར་པོ་ཞིག་གྱོན་ཡོད་པ་ཙམ་གྱིས་དགོན་པའི་ནང་ཉར་བཞིད་ཡོད་པས་རེད།

    Reply
  8. མཚོ་བྱུང་དགྱེས་པའི་ལང་ཚོ། says:
    ལོ་ 13 སྔོན།

    དཀོན་མཆོག་མཁྱེན་ཟེར་ནས་བསྡོད་རྒྱུ་ལས་མང་པོ་གང་ཡང་བཤད་རྒྱུ་མེད་པའི་ང་། བློ་ཕམ་དང་ཁོང་ཁྲོ་ཇི་ཙམ་ལངས་ཀྱང་ཕན་གནོད་ཀྱི་ལས་འབྲས་ཟེར་བ་ནི་ང་རང་རང་ལ་འཁོར་བར་ངེས། དེས་ན་ངས་ངས་མིག་ཆུ་གཏོང་གིན་རང་ས་ལ་འདུག་རྒྱུ་ཡིན།

    Reply
  9. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    ལོ་བཅུའི་རིང་ཁྲིམས་ཐག་བཅད་ན་ཉུང་དྲག་འདུག།
    ཚེ་བཙོན་དུ་གཞག་ན་འགྲིག་གི།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    རྒྱ་གར་ལ་མཚོན་ན་རྒྱུན་ལྡན་ཞིག་རེད་་་་རྒྱ་གར་པ་ཚོས་ང་ཚོ་བོད་པའི་བུད་མེད་ཚོར་གྲངས་ལས་འདས་པ་བཏང་ཡོད་པ་རེད་་་་ཡིན་ནའང་བོད་པ་ཚོ་ངོ་ཚའི་དབང་གིས་གསང་བ་བྱས་ནས་བསྡད་པ་རེད་་་་གསང་བ་འདིས་རྒྱ་གར་པ་ཚོར་ལྷག་པར་སེམས་ཤུགས་དང་གོ་སྐབས་ཤིག་སྤྲད་པ་རེད་་་་་་རྡ་སའི་ཉེ་འཁོར་ན་ཡོད་པའི་བོད་པའི་བུད་མེད་ཚོར་རྒྱ་གར་པས་མ་བཏང་ས་ཞིག་ལྷག་ཨེ་ཡོད་ན

    Reply
  11. མཉམ་ཞུགས says:
    ལོ་ 13 སྔོན།

    Goodcommend (2013.04.13)
    འབྲུག་པའི་གྲྭ་རྫུན་གསུམ་གྱིས་རྒྱ་གར་གླ་འཁོར་གཏོང་མཁན་དང་ངན་པ་ལག་འབྲེལ་བྱས་ཏེ་ལང་ཚོའི་མེ་ཏོག་གཞི་ནས་རྒྱས་འགོ་ཚུགས་པའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་པ་དེ་ནི་རྦད་དེ་ཧང་སངས་ཧོན་འཐོར་དགོས་པ་ཞིག་རེད། གྲྭ་བ་བྱེད་རྒྱུ་ཞེས་པ་ནི་རྒྱལ་ཁབ་ཀྱི་ཁྲལ་ལྟར་མི་འདོད་བཞིན་དུ་བྱེད་དགོས་པ་ཞིག་མིན་པས་སོ་སོ་འདོད་པ་མེད་ཚེ་ག་དུས་ཡིན་ཀྱང་མི་སྐྱའི་སྤྱི་ཚོགས་ནང་འཚུལ་ཏེ་བུད་མེད་དང་འབྲེལ་བ་བྱེད་ཆོག་པ་རེད། འདི་ནི་འབྲུག་པའི་གྲྭ་བ་རྣམས་ཀྱང་གཅིག་པ་ཡིན་རྒྱུ་རེད། འོན་ཀྱང་བཙན་གཡེམ་གྱི་ལས་ནི་ཧ་ཅང་གི་མ་རབས་མཐའ་ཤལ་གྱི་ལས་ཀ་ཞིག་ཡིན་པས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་གང་ཟག་ཅིག་ཡིན་ཚེ་དུས་ནམ་ཡང་བྱེད་མི་རུང་བ་ཞིག་རེད་ལ་འདི་འདྲའི་རིགས་ལ་ཁྲིམས་ཐག་ནན་པོ་གཅོད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། ངས་གསར་འགྱུར་འདི་ཀློག་སྐབས་ཧང་སངས་པའི་གནས་ཚུལ་ཞིག་མཐོང་བ་ནི་མཆན་འདོགས་མཁན་འཇང་གཡུ་ལྷ་ཐོགས་འགྱུར་ཟེར་བ་ཞིག་གིས་གནས་ཚུལ་དེ་དམིགས་བསལ་གང་ཡང་མིན་ཚུལ་དང་གདན་ས་གསུམ་ན་ཉིན་རྟག་པར་བཙན་གཡེམ་གྱི་གནས་ཚུལ་བྱུང་གི་ཡོད་པ་མ་ཟད་མི་བསད་ནས་མགོ་བཅད་བཞག་ནའང་ཚང་མས་མ་མཐོང་མ་ཐོས་མདོག་མདོག་བྱས་ནས་འགྲོ་གི་འདུག་ཅེས་པ་དེ་རེད། ད་ལྟའི་བར་དུ་རྒྱ་དམར་གུང་ཁྲན་གྱིས་ཀྱང་འདི་འདྲའི་རྫུན་གཏམ་དང་དམའ་འབེབས་ཀྱི་སྐད་ཆ་བཤད་མྱོང་མེད་པར་སེམས། མ་ཟད་འདི་འདྲའི་སྐད་ཆ་རྫབ་ཆེན་དེ་འདྲ་མཆན་ཐོག་ཏུ་བཀོད་རྒྱུའི་ཆོག་མཆན་གནང་མཁན་གྱི་དུས་བབས་ཚང་ཡིན་ནའང་ངེས་པར་བསམ་བློ་གཏོང་དགོས་པ་རེད། མཆན་ལ་ཞིབ་བཤེར་བྱས་ཏེ་བཀོད་ཀྱི་ཡོད་པར་དུས་བབ་ཚང་གིས་གསལ་བོར་བརྗོད་འདུག འཇང་གཡུ་ལྷ་ཐོགས་འགྱུར་ཟེར་བའི་མིས་ཁོའི་བསམ་ཚུལ་བརྗོད་པ་མ་ཡིན་པར་ཁོས་དངོས་སུ་མཐོང་ཡོད་པའི་བཟོ་འདྲ་བོ་ཞིག་བྲིས་འདུག་པས་གདན་ས་སེ་འབྲས་དགའ་གསུམ་ནས་གནས་ཚུལ་དེ་ཁོངས་བསྐྱེལ་བྱེད་དགོས་ཞེས་དུས་བབ་ཚང་འཚོལ་དུ་ཡོང་ཚེ་མི་དེ་ནི་བཤད་མི་དགོས་པ་རེད་ལ། དུས་བབ་ཚང་ལའང་འགན་རྩ་བ་ནས་མེད་པ་ཡིན་རྒྱུ་མ་རེད་བསམ་གྱི་འདུག

    Reply
  12. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    གསར་འགྱུར་འདི་ཚགས་ཤོག་ཐོག་བཀོད་ཐུབ་མ་ཐུབ་ཙམ་ལས་དམིགས་གསལ་ཞིག་གང་ཡང་མ་རེད། གྲྭ་ས་སེར་འབྲས་དགེ་གསུམ་ལ་ཉིན་རྟག་པར་བཙན་གཡེམ་ཡོད་ཡོད་པ་རེད། ད་དུང་མི་བསད་མགོ་བོ་བཅད་ནས་བཞག་ཡོད་ནའང་གཡས་གཡོན་ཚང་མས་མ་ཐོས་མ་མཐོང་ཁུལ་བྱེད་ནས་འགྲོ་གི་ཡོད་རེད།

    Reply
  13. འབྲི་གུང་སྤྲོ་ཚེ། says:
    ལོ་ 13 སྔོན།

    དེ་ལ་ཧ་ལས་ཧངས་སངས་དགོས་ཡག་གལ་མི་འདུག་ག དེ་ལས་སྡུག་པ་གྲྭ་པས་མི་བསད་ཀྱི་འདུག་ག

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མགོ་རིལ་གསུམ་གྱི་ངོ་གདོང་ལ་ཡག་པོ་བལྟས་ན། བོད་གདོང་མེད་པར་བལ་གདོང་ཆེ་བར་མི་འདུག་གམ། དེ་གསུམ་གྲྭ་པ་དངོས་གནས་ཡིན་ནམ།

    Reply
  15. ལྷག་པ་སྒྲོལ་མ། says:
    ལོ་ 13 སྔོན།

    གྲྭ་བ་འདི་ཚོས་ཞབས་འདྲེན་བཞག་ཚར་སོང་། ལྷག་པར་དུ་དགོན་པ་འདི་ལ་མིང་ཆལ་ཞེ་བོ་བཟོས་པ་རེད། མཐོང་ས་དགོན་པ་ཟེར་བ་འདི་འབྲུག་རྒྱལ་བོས་བཞེངས་པའི་འབྲུག་གི་དགོན་པ་རྙིང་ཤོས་རྩ་ཆེན་ཤོས་ཤིག་ལ་བརྩི་བ་རེད། སྤྱི་ལོ་ ༡༦༩༢ ལོར་བཞེངས་པ་རེད། དེང་སྐབས་གྲྭ་བ་ཉིས་བརྒྱ་མ་ཟིན་ཟམ་ཞིག་ཡོད་པ་རེད། གྲུབ་མཐའ་བཀའ་བརྒྱུད་ཡིན་པ་ཡོད་དྲན་སོང་། གསལ་བོ་མི་ཤེས།

    Reply
  16. དབྱར་ཁབ་ཀུན་བཟང། says:
    ལོ་ 13 སྔོན།

    འུ་ཚོའི་བཙན་བྱོལ་ཁྲོད་ཀྱི་དགོན་པ་དག་ལ་འདི་དང་འདི་འདྲའི་རིགས་ཅན་བསྟན་པར་རྨ་འབྱིན་པ་ད་དུང་དུ་མ་ཡོད་ངེས་པས་དགོན་བདག་སོ་སོས་ཞིབ་འཇུག་དང་། སྟངས་འཛིན་ནན་པོར་བྱ་རྒྱུ་གལ་ཆེ་རེད་སྙམ།

    Reply
  17. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དེ་རིང་བསྐྱར་དུ་གནས་ཚུལ་ཐོན་པ་ལྟར་ན། གྲྭ་བ་དེ་གསུམ་ཀ་ལོན་སྦུག་གི་ཉེ་འཁྲིས་ Thongsa དགོན་པ་ནས་ཡིན་པ་དང་། འབྲུ་གི་མི་སེར་ཡིན་འདུག གྲྭ་བསམ་གཏན་མཁས་གྲུབ་ལོ་ ༢༡ དང་། ཕུར་བུ་རྡོ་རྗེ་ལོ་ ༢༠ ། ཟླ་བ་གྲགས་པ་ལོ་ ༢༠ བཅས་རེད།
    གླ་གཏོང་རླངས་འཁོར་ཁ་ལོ་བ་དེ་རང་ལོ་ ༢༤ དང་། ཀ་ལོན་སྦུག་ Gumbahatta ཞེས་པ་ནས་ཡིན་འདུག
    བུ་མོ་དེའི་ནང་མི་བལ་ཡུལ་ནས་ཡོང་བ་དང་ཕ་མ་གཉིས་ས་དེར་ལས་ཀ་ཙག་ཙིག་བྱེད་མཁན་ཡིན་འདུག བུ་མོ་སློབ་གྲྭ་སོགས་ལ་སྐྱོད་མྱོང་མེད་མཁན་ཞིག་ཡིན་འདུག
    ད་རེབ་ཀྱི་བཙན་གཡེམ་དོན་རྐྱེན་དེ་རྒྱ་གར་གྱི་ཉེས་ཁྲིམས་ 376 (2) (g) ཞེས་པའི་ཉེས་པ་ཕོག་ཡོད་སྟབས། ལོ་ ༡༠ ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

    དྲ་ཐག་ http://www.darjeelingtimes.com/main-news/general/5731-monastery-trio-held-for-rape.html

    Reply
  18. འབྲོང་སར་ཚེ་ཉི། says:
    ལོ་ 13 སྔོན།

    འགྲོ་བ་མི་ཡི་རྐང་འདྲེན་དེ་དག་མྱུར་ཏུ་བསྒྲལ་བར་འོས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese