མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་འདི་སྨད་འཚོང་མ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་འཇིགས་མེད།

མང་གཙོ་ནི་སྐྱེ་བུའི་མངོན་འདོད་སྒྲུབ་པའི་ཐབས་ཤེས་བཟང་ཤོས་སུ་བརྩི་ཞིང་། དེའི་མཚོན་རྟགས་ལེགས་ཤོས་གྲོས་ཚོགས་རེད། དུས་རབས་ཉི་ཤུ་བའི་ནང་དབྱིན་ཡུལ་གྱི་གྲོས་ཚོགས་ནི་དུས་སྐབས་དེའི་མང་གཙོའི་མཚོན་རྟགས་ཆེ་ཤོས་སུ་ངོས་འཛིན་དང་གུས་བཀུར་ཞུ་ཡུལ་ཞིག་ཡིན། ཕྱི་ལོ་ ༡༩༠༩ ལོར་བདག་ཉིད་ཆེན་པོ་གྷ་ངྷིས་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་འདིས་རྒྱ་གར་གྱི་འབྱུང་འགྱུར་ལ་ཕན་ཐོགས་གང་ཡང་མེད་ཚུལ་བརྗོད་བྱར་བྱས་པའི་བསྟན་བཅོས་གྲགས་ཅན་ཧིནྡསྭརཱཇ་ཞེས་པ་གསར་རྩོམ་གནང་ཞིང་། བསྟན་བཅོས་དེའི་ནང་དབྱིན་ཇི་ཚོས་ངོམ་ངོམ་བྱེད་པའི་མང་གཙོའི་མཚོན་རྟགས་ཀྱི་གྲོས་ཚོགས་དེར་རབས་ཆད་མ་དང་། སྨད་འཚོང་མ་ཞེས་མིང་འདོགས་བྱས་པས་མི་ཚང་མ་ཧང་སང་དུ་བཅུག་ཡོད། མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ལྷན་ཚོགས་ཀྱི་རྭ་བ་དེར་མིང་འདི་འདྲའི་རྩུབ་པོ་ཞིག་ཐོགས་རྒྱུ་ཡིན་པ་སྐྱེ་བོ་མང་པོ་ཞིག་གི་བསམ་པའི་ཡུལ་ན་མེད། སྤྱིར་དུས་སྐབས་དེའི་ནང་གྷ་དྷིའི་བསྟན་བཅོས་ཀྱི་བརྗོད་དོན་ཧྲིལ་པོར་སྐྱེ་བོ་སུས་ཀྱང་ངོས་ལེན་བྱེད་དཀའ་བ་ཞིག་རེད། གྲོས་ཚོགས་ལ་རབས་ཆད་མ་དང་སྨད་འཚོང་མའི་མིང་བཏགས་པ་ནི་དེ་བས་བཟོད་དཀའ་བ་ཞིག་ཡིན་པ་སྨོས་ཅི་དགོས། དེ་ནི་བསྟན་བཅོས་འདི་བརྩམས་ནས་ལོ་ཉི་ཤུ་ལྷག་ཕྱིན་པའི་རྗེས་སུ་དབྱིན་ཇིའི་བུད་མེད་ཅིག་གིས་འབོད་སྐུལ་ཞུས་པ་བཞིན་གྷ་དྷིས་མིང་འདི་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་ལས་ཤེས་ཐུབ།

ཡིན་ནའང་གྷ་དྷིས་གྲོས་ཚོགས་ལ་རབས་ཆད་མ་དང་སྨད་འཚོང་མ་ཞེས་མིང་འདོགས་གནང་ནས་ལོ་ ༡༠༠ ལྷག་ཕྱིན་པའི་དེ་རིང་གི་ཉིན་མོར་ང་ཚོས་གྲོས་ཚོགས་དང་། རབས་ཆད་མ། སྨད་འཚོང་མ་ཞེས་པའི་མིང་དོན་གྱི་འབྲེལ་བ་འདི་ཅི་འདྲའི་འོས་ཤིང་འཚམས་པ་ཞིག་ཡིན་པ་མཐོང་ཐུབ། བདག་ཉིད་ཆེན་པོས་གྲོས་ཚོགས་ལ་རབས་ཆད་མ་ཞེས་བརྗོད་དགོས་དོན་ནི་གྲོས་ཚོགས་དེས་ད་བར་རང་ངོས་ནས་ལས་དོན་སྣེ་གཅིག་སྒྲུབ་མྱོང་མེད་པ་དང་། ཕྱི་ནས་གནོན་ཤུགས་མ་བྱུང་ན་གང་ཡང་མི་བྱེད་པ་དེ་གྲོས་ཚོགས་ཀྱི་རང་བཞིན་ཡིན་པ་དང་། སྨད་འཚོང་མ་ཞེས་འབོད་དོན་ནི་བློན་ཆེན་སུས་ཉར་ཡང་དེའི་གམ་དུ་གནས་ཤིང་། དེ་རིང་བློན་ཆེན་ཀ་པའི་ཞབས་ཞུ་བསྒྲུབས་ནའང་སང་ཉིན་བློན་ཆེན་ཁ་པའི་རྐུབ་ལ་རྒྱུག་སྲིད་པ་གསུངས་ཡོད། འདི་ནི་དེང་རབས་དམངས་གཙོའི་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ནག་ཐིག་བཏབ་པ་རང་ཡིན། གལ་ཏེ་དེང་རབས་ཡར་ཐོན་ཅན་གྱི་དམངས་གཙོའི་མཚོན་རྟགས་ཆེ་ཤོས་སུ་ངོས་འཛིན་བྱེད་པའི་གྲོས་ཚོགས་དེ་ཚོར་རབས་ཆད་མ་དང་སྨད་འཚོང་མའི་མིང་དོན་གྱི་འབྲེལ་བ་གྲུབ་ཀྱི་ཡོད་ན།བཙན་བྱོལ་བོད་མིའི་དམངས་གཙོའི་མཚོན་རྟགས་ཆེ་ཤོས་སུ་བརྩི་བའི་གྲོས་ཚོགས་ཆུང་ཆུང་འདི་ལ་ཡང་སྨད་འཚོང་མ་དང་རབས་ཆད་མའི་མིང་འདོགས་བྱས་ན་ཆོག་གམ།

ང་ཚོའི་གྲོས་ཚོགས་ནི་ཤར་ནུབ་ཀྱི་དམངས་གཙོའི་ལམ་སྲོལ་མང་པོ་ཞིག་ནས་ལེགས་ཆ་བླངས་ཏེ་བཙུགས་པར་བརྟེན་ཇི་ལྟར་དབྱིན་ཡུལ་དང་རྒྱ་གར་གྱི་གྲོས་ཚོགས་ལ་མིང་དེ་གཉིས་འཇུག་པ་བཞིན་དུ་ང་ཚོའི་གྲོས་ཚོགས་ལ་ཡང་འཇུག་གི་རེད། གལ་སྲིད་ང་ཚོའི་གྲོས་ཚོགས་ཀྱིས་གཞན་གྱི་གནོན་ཤུགས་ལ་མ་ལྟོས་པར་རང་ངོས་ནས་ལས་དོན་ཧུར་ཐག་སྒྲུབ་ཚེ་ང་ཚོའི་གྲོས་ཚོགས་ལ་རབས་ཆད་མའི་མིང་འདོགས་དོན་མེད།གལ་ཏེ་ང་ཚོའི་གྲོས་ཚོགས་བློན་ཆེན་སུ་གང་གི་ཡང་རྐུབ་ལ་མ་རྒྱུག་པར་རང་ཚུགས་བཟུང་ནས་བསྡད་ན་སྨད་འཚོང་མའི་མིང་འདོགས་དོན་མེད།

ཡང་བདག་ཉིད་ཆེན་པོས་གྲོས་ཚོགས་ཀྱི་འཐུས་མི་ཚོས་བསམ་བློ་མ་བཏང་བར་རང་ཕྱོགས་ལ་འོས་ཤོག་སྤྲོད་རྐྱང་བྱེད་ཅིང་། དེ་འདྲ་མ་བྱས་ཀྱང་ཀ་མེད་རེད། ཅེས་གསུངས་ཡོད། གལ་སྲིད་ང་ཚོའི་གྲོས་ཚོགས་འཐུས་མི་ཚོས་བསམ་བློ་མ་བཏང་སྔོན་ནས་རང་ཕྱོགས་ལ་འོས་ཤོག་སྤྲོད་པའམ། རྒྱབ་སྐྱོར་མཚོན་བྱེད་ཀྱི་སྨྲ་བརྗོད་མ་སྤེལ་བར་ཟུར་གནས་ཀྱི་བསམ་གཞིགས་བྱེད་ཐུབ་ན་ང་ཚོའི་གྲོས་ཚོགས་འདི་རབས་ཆད་མ་དང་སྨད་འཚོང་མའི་མིང་འཇུག་སའི་གྲོས་ཚོགས་དེ་ཚོའི་རྭ་བ་ལས་བརྒལ་ཟིན་པས་ང་ཚོས་ད་དུང་རབས་ཆད་མ་དང་སྨད་འཚོང་མའི་མིང་འདོགས་བྱས་ན་རང་ཉིད་ངོ་ནོང་སྐྱེ་དགོས་པ་ཞིག་རེད། འོན་ཀྱང་ཡིད་ཕང་བ་ཞིག་ལ་ང་ཚོའི་གྲོས་ཚོགས་འདི་ཡང་ཤར་ནུབ་ཀྱི་གྲོས་ཚོགས་མང་པོ་དང་འདྲ་བར་རབས་ཆད་མ་དང་སྨད་འཚོང་མ་རང་རེད།

ང་ཚོས་འདས་མ་ཐག་པའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་བརྒྱུད་རིམ་ལས་དཔེ་མཚོན་ཆུང་ཆུང་འགའ་ཞིག་བཀོད་ན། འཐུས་མི་མང་པོས་ཉེ་བའི་འཆར་སྲི་ཞུ་བ་གསར་བསྡུ་བྱེད་སྐབས་ཡིག་རྒྱུགས་སྔོན་གཟབ་སྦྱོང་ཟླ་བ་དྲུག་ཙམ་སྤྲད་ནས་གསར་བསྡུ་བྱེད་པའི་ལམ་སྲོལ་དེ་ནི་འཛིན་སྐྱོང་གི་ལྟ་གྲུབ་ཆེན་པོ་གསུམ་ལས་གསར་གཏོད་ཀྱི་ཁོངས་སུ་གཏོགས་པའི་ལས་དོན་ཞིག་ཡིན་པ་དང་གྲུབ་འབྲས་བྱུང་བའི་ལས་དོན་ཞིག་རེད་ཅེས་བསྔགས་བརྗོད་ཆེན་པོ་གནང་ཡོད། ཡིན་ནའང་གཞི་རིམ་ནང་ལས་དོན་འདིའི་བརྒྱུད་རིམ་ཐོག་ཡ་མཚན་སྐྱེ་བའི་གནས་ཚུལ་མང་པོ་བྱུང་ཡོད། གཟབ་སྦྱོང་ལ་འདེམས་ཐོན་བྱུང་བའི་མི་དེ་དག་ས་རཱ་མཐོ་སློབ་ཏུ་གཟབ་སྦྱོང་མགོ་འཛུགས་བྱས་ཏེ་གང་ཙམ་ཕྱིན་རྗེས་སྲི་ཞུ་བའི་ཡིག་རྒྱུགས་ས་དམིགས་བསལ་བསྒྲགས་བྱས་ཡོད། གསལ་བསྒྲགས་ནང་དེ་སྔ་སྲི་ཞུ་བའི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ནང་མེད་པའི་གསར་གཏོད་ཅིག་བྱས་ཡོད་པ་ནི་རྩིས་ཀྱི་རྒྱུགས་སྤྲོད་དེ་ཡིན། དེ་ནི་རང་དབང་ཅན་གྱི་སྡེ་ཚན་གཞུང་ཞབས་འདེམས་ལྷན་ནས་བཀའ་ཤག་གི་དགོངས་དོན་བཞིན་བྱས་པ་ཡིན་ཞེས་བརྗོད་པ་དེ་ནི་ཡ་མཚན་དང་པོ་དེ་རེད།

དེ་ནས་སྲི་ཞུ་བའི་ས་དམིགས་བསལ་བསྒྲགས་བྱེད་ཕྱོགས་དེ་རེད། ཡོང་ཁྱབ་ཀྱི་བསལ་བསྒྲགས་ནང་དྲུང་གཞོན་གྱི་ས་དམིགས་དགུ་ཡོད་པར་བརྗོད་ཡོད། ཡིན་ནའང་ས་རཱར་ཡོད་པའི་གཟབ་སྦྱོང་བ་ཚོར་ངག་ཐོག་ནས་དྲུང་གཞོན་གྱི་ས་དམིགས་ ༡༣ ཡོད་ཅེས་གསུངས་ཡོད། གཟབ་སྦྱོང་བ་འགའ་ཤས་ནས་གསལ་བསྒྲགས་ནང་དགུ་ལས་མི་འདུག་འདིར་བཅུ་གསུམ་ཡོད་ཟེར་གྱི་འདུག་པ་དེ་གང་འདྲ་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས། ཁ་མ་མང་ང་ཚོས་ཡོད་རེད་ཟེར་དུས་ཡོད་པ་རེད་ཅེས་བཤད་འདུག་འདི་ཡ་མཚན་གཉིས་པ་དེ་རེད། ཡིན་ནའང་རྗེས་སུ་ལབ་གླེང་མང་པོ་བྱུང་བས་དགུ་རང་ལ་བཞག་དགོས་བྱུང་ཡོད། དེ་ནས་ཡང་གསལ་བསྒྲགས་ཤིག་ཏུ་གཟབ་སྦྱོང་ལ་ཚུད་པ་ཚོར་རང་བཞིན་གྱི་བརྒྱ་ཆ་ལྔའི་ཐོབ་བྱ་ཡོད་པའི་སྐོར་དེ་རེད། གསལ་བསྒྲགས་འདི་ཡང་རྒྱ་བོད་ཡིག་རིགས་སོ་སོར་ནང་དོན་མི་འདྲ་བ་ཡོད། ཐོབ་བྱ་བརྒྱ་ཆ་ལྔ་ཡོད་ཀྱང་ཐོབ་སྟངས་དེ་བརྒྱ་ཆ་ལྔ་བཅུ་བརྒལ་ཟིན་པའི་སྟེང་དུ་བསྣན་རྒྱུ་ཡིན་པ་བརྗོད་ཡོད། ཡིན་ནའང་རྗེས་སུ་བརྒྱ་ཆ་དངོས་སུ་སྡོམ་སྐབས་གཟབ་སྦྱོང་བ་མང་པོ་རྒྱ་ཆ་ལོང་མེད་པས་ཁོང་ཚོའི་ཐོབ་བྱའི་བརྒྱ་ཆ་ལྔ་པོ་དེ་གང་ན་མ་ལོང་བ་དེའི་ཐོག་ཏུ་བསྣན་པ་མ་ཟད་རྩ་བའི་བརྒྱ་ཆ་ལྔ་བཅུ་ལོན་མེད་པའི་ཐོག་ཏུ་ལོན་ཐབས་སུ་བསྣན་ཡོད། ཐོག་མར་གཞུང་ཞབས་ཞུ་མུས་ཡིན་པ་ཡིག་རྒྱུགས་གཏོང་མཁན་ཚོར་བརྒྱ་ཆ་ལྔ་སྤྱི་མཚུངས་ཡོད་ཁུལ་བཤད་ཀྱང་དོན་དངོས་སུ་གང་བྱས་གསལ་པོ་མེད། དེ་ནི་ཡ་མཚན་གསུམ་པ་དེ་རེད། དེ་ནས་ཡིག་རྒྱུགས་གཏོང་སྐབས་སུ་གཞུང་ཞབས་ཞུ་མུས་ཡིན་པ་ཡིག་རྒྱུགས་གཏོང་མཁན་ཚོར་རྩིས་ཀྱི་ཡིག་རྒྱུགས་ཡོད་མེད་ཐག་གཅོད་དེ་སྲི་ཞུ་བ་ཡིག་རྒྱུགས་གཏོང་མགོ་ཚུགས་དུས་ཀྱང་ཐག་མ་ཆོད་པར་ངང་འཐེན་གྱིས་གོ་བསྡུར་བྱ་དགོས་བྱུང་ཡོད་པ་དེ་ནི་ཡ་མཚན་བཞི་པ་དེ་རེད། ད་དུང་ཡིག་རྒྱུགས་གྲུབ་འབྲས་ཕྱིར་བསྒྲགས་སྐབས་ཀྱང་ཡིག་རྒྱུགས་གཏོང་མཁན་འགའ་ཤས་ཐོག་མར་མ་འཕྲོད་པའི་ཁོངས་སུ་བཞག་པ་དང་། ཡང་ཉིན་ཤས་སོང་རྗེས་ཁྱེད་རང་ཡིག་རྒྱུགས་འཕྲོད་འདུག་ཅེས་ལན་གཞི་ནས་སྤྲད་པ་ཡང་བྱུང་ཡོད། དེ་ནི་ཡ་མཚན་ལྔ་པ་དེ་རེད། སྲི་ཞུ་ལས་བྱེད་གསར་བསྡུ་བྱ་ཕྱོགས་ཀྱི་བརྒྱུད་རིམ་ཆུང་ཆུང་ཞིག་ལ་གླེང་གཞི་འདི་ལྟ་བུ་བྱུང་བ་འདི་ཚོ་གྲོས་ཚོགས་ནང་གླེང་བའི་སྐབས་ཡོད་ཀྱང་གླེང་མཁན་སུ་གཅིག་བྱུང་མེད།

ད་དུང་ཤེས་ཡོན་སྲིད་བྱུས་དང་འབྲེལ་ཡོད་ཀྱི་ཡ་མཚན་འགའ་ཤས་བརྗོད་ན། ཤེས་ཡོན་སྲིད་བྱུས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཙོ་བོ་ཞིག་ནི་སློབ་སྦྱོང་གི་གྲུབ་འབྲས་མཚུངས་བསྡུར་མི་བྱེད་པ་དང་། བརྒྱ་ཆ་གཙོར་བཟུང་མི་བྱེད་པ་དེ་ཡིན། འོན་ཀྱང་མཐོ་སློབ་ཀྱི་སློབ་ཡོན་རྣམས་བརྒྱ་ཆ་གཙོར་བཟུང་བྱས་ཏེ་སྤར་གཅོག་བྱས་པ་དེ་བོད་མི་མང་སྤྱི་འཐུས་ཀྱིས་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་པ་དང་འགལ་ནའང་སྤྱི་འཐུས་ཚོས་མིག་བཙུམ་རྒྱབ་སྐྱོར་བྱེད་པ་དེ་ཡ་མཚན་དང་པོ་རེད། བཀའ་ཤག་ནས་ཐབས་འཚོལ་གནང་བའི་ཨ་སྒོར་ས་ཡ་གཉིས་དེ་ཤེས་ཡོན་གྱི་ལས་དོན་ཁག་ལ་གཏོང་ཕྱིར་ཤེས་ཡོན་དང་འབྲེལ་བའི་ལས་འཆར་གང་ཡོད་འཆར་འགོད་ལས་ཁུངས་སུ་འབུལ་དགོས་གསུངས་ཡོད། གོ་ཐོས་བྱུང་བར་གཞིགས་ན་འཆར་ལོ་ནས་བོད་ཡིག་དང་འབྲེལ་བའི་ཤེས་ཡོན་གྱི་ལས་འཆར་ཡོངས་རྫོགས་བཀག་ཡོད། དེའི་རྒྱུ་མཚན་ནི་བོད་ཡིག་དང་འབྲེལ་བའི་ལས་འཆར་དེ་ཚོའི་ཐོག་གཏོང་རྒྱུའི་མ་དངུལ་རྣམས་གཞི་རིམ་སློབ་གྲྭ་ཁག་ནང་སློབ་ཁྲིད་ལག་འཁྱེར་གློག་ཀླད་ནང་ནས་ཐད་འཁྲིད་བྱ་རྒྱུའི་ལས་འཆར་ལ་གཏོང་གི་ཡིན་གསུངས་པ་དེ་ནི་རང་གི་སྐད་ཡིག་ལ་མཐོང་ཆུང་བྱས་པའི་ཡ་མཚན་གཉིས་པ་རེད།

དེང་སྐབས་ཤེས་རིག་ལས་ཁུངས་ནས་བྱེད་དགོས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་འཆར་མང་པོ་ཞིག་འཆར་འགོད་ལས་ཁུངས་ནས་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཤེས་ལས་སུ་ལས་འཆར་དེ་དག་འཆར་འགོད་བྱེད་མཁན་གྱི་ཤེས་ལྡན་མི་སྣ་མེད་ཚུལ་བཤད་ཡོད། ཡིན་ནའང་ལས་དོན་དངོས་ཀྱི་ཐོག་ལས་ཀ་བྱེད་མཁན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་པ་འགའ་ཤས་འཆར་ལས་སུ་ཡར་འཇོག་བྱས་པ་ནི་ཡ་མཚན་གསུམ་པ་རེད། ཡང་ཉེ་བའི་འཆར་ཤེས་ཡོན་ལྷན་ཚོགས་ནས་སློབ་གྲྭ་ཁག་ལ་གཞི་རིམ་འཛིན་གྲྭ་བདུན་པ་བརྒྱད་པ་བར་སློབ་མཚན་བོད་ཡིག་ནང་འཁྲིད་དགོས་པའི་བཀོད་ཁྱབ་ཅིག་བཏང་ཡོད། ཤེས་ཡོན་ལྷན་ཚོགས་ནི་བཀའ་ཤག་སྐབས་གོང་མའི་སྐབས་དམིགས་ཡུལ་ཆེན་པོ་ཞིག་གི་ཐོག་ནས་བཙུགས་པ་རེད། ཤེས་ཡོན་དང་འབྲེལ་བའི་ལས་ཁུངས་མཐོ་ཤོས་དེ་ཡིན། འདི་འཛིན་སྐྱོང་གི་འོག་ཏུ་མ་ཚུད་པའི་རང་དབང་ཅན་ཞིག་ཏུ་འགྱུར་རྒྱུར་རེ་བ་ཆེན་པོ་བཅངས་ཡོད།

ད་ལྟའི་འཆར་ཤེས་ཡོན་ལྷན་ཚོགས་ཀྱི་ལས་ཀ་གཙོ་བོ་ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྟོན་བཞིན་སློབ་ཚན་ཁག་བོད་ཡིག་ནང་སྒྱུར་རྩོམ་བྱས་ཏེ་གཞི་རིམ་གོང་འོག་གི་སློབ་ཚན་དེ་དག་བོད་ཡིག་ནང་འཁྲིད་རྒྱུར་འབད་རྩོན་བྱེད་པའི་འགན་དང་དབང་ཆ་གཉིས་ཀ་ཡོད་པ་ཞིག་རེད། ཤེས་ཡོན་ལྷན་ཚོགས་ཀྱིས་བཏང་བའི་བཀོད་ཁྱབ་དེས་བཀའ་ཤག་དང་ཤེས་རིག་ལྷན་ཁང་གི་དགོངས་པར་བབ་ས་མེད་པས། གཞི་རིམ་འཛིན་གྲྭ་བདུན་པ་བརྒྱད་པའི་སློབ་ཚན་ངེས་པར་དབྱིན་ཡིག་ནང་ཁྲིད་དགོས་པའི་བཀོད་ཁྱབ་གནང་ཡོད། སློབ་གྲྭ་ཁག་གི་དགེ་རྒན་དེ་ཚོ་བཀོད་ཁྱབ་གཉིས་ཀྱི་འོག་མགོ་ན་བཅུག་པ་དེ་ཡ་མཚན་བཞི་པ་རེད། འདི་དག་ནི་བདག་དང་བདག་འདྲའི་སྐྱེ་བོ་ཕལ་བས་ཀྱང་ཤེས་ཐུབ་པའི་གནས་ཚུལ་ཆུང་ཆུང་འགའ་ཤས་འདིར་དྲངས་པ་ཙམ་ཡིན། འདི་དག་ནི་གྲོས་ཚོགས་ནང་གླེང་བའི་སྐབས་ཡོད་ཀྱང་གླེང་མཁན་སུ་གཅིག་བྱུང་མེད། དེ་ལས་ལྡོག་སྟེ་སྤྱི་ཚོགས་ནང་གི་རྙོག་གླེང་མང་པོ་ཞིག་གྲོས་ཚོགས་ནང་འཁྱེར་ཐུབ་ཐབས་སུ་རང་སྲོག་ཀྱང་བཏང་མི་ཡོང་ངམ་སྙམ་པའི་འབད་པ་སྒོ་དུ་མ་ནས་བྱེད་མཁན་མང་དག་ཅིག་བྱུང་སོང་། འདི་ལྟ་བུའི་བྱེད་སྟངས་ལ་བལྟས་ན་དེ་རིང་གི་ང་ཚོའི་གྲོས་ཚོགས་འདི་ཡང་རབས་ཆད་མ་དང་སྨད་འཚོང་མ་རང་རེད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 5

  1. གྲྭ་ལོག says:
    ལོ་ 13 སྔོན།

    རྒྱ་རྙིས་བཤད་པ་ནོར་འདུག བཀྲ་ཤིས་འཇིགས་མེད་ཟེར་བར་ཡིག་རྩལ་གཏོང་སྤྱད་ཀྱི་ལག་འཁྱེར་ཁོ་རང་ཡོད་པ་མ་རེད།

    Reply
  2. རྒྱ་རྙི། says:
    ལོ་ 13 སྔོན།

    བཀྲ་ཤིས་འཇིགས་མེད་ཀྱིས་བཤད་ནས་འབབ་ས་དེ་མདོར་ན་ངས་ཡིག་རྩལ་འཕྲོད་མ་སོང་ཟེར་བ་དེ་རེད། མི་མང་གི་འཐུས་ཚོགས་ལ་བརྩི་བཀུར་མི་བྱེད་མཁན་ཚོས་ཡིག་རྩལ་མ་འཕྲོད་ན་ཡག་གི་རེད། རྩྭ་སྲུབ་ནས་ཟས། ལྕི་བ་ནུབ་ལ་གཏོང་མཁན་གྲས་རེད།
    སྤྱི་འཐུས་གྲོས་ཚོགས་ལ་ཁ་གཏོང་མཁན་མང་ཤོས་ཤིག་རང་ཉིད་སྤྱི་འཐུས་སུ་གཞེངས་ཏེ་ལྷག་ལུས་ཤོར་བའི་གྲས་ཡིན། འདི་ཡང་སྒེར་དོན་ལ་ཐུག་པ་ཡིན་པས་སྐབས་འཚོལ་བ་འདི་ཚོ་རང་ཉིད་གྲོས་ཚོགས་སུ་སླེབས་ཚེ་འཇམ་ཐིང་ངེར་འགྲོ་ངེས་ཡིན། བོད་མིའི་སྒྲིག་འཛུགས་རྒྱལ་ལོ། བདེན་པ་ཉིད་རྣམ་པར་རྒྱལ་ལོ། མང་གཙོ་ཀ་བ་གསུམ་རྒྱལ་ལོ།

    Reply
  3. ལུང་རྟོགས། says:
    ལོ་ 13 སྔོན།

    གྲོས་ཚོགས་རབ་ཆད་མ་ཡིན་ན་ཁྱེད་ཚོ་ནི་བུ་ཕྲུག་སྐྲུན་མི་ནུས་པའི་མ་ནིང་རེད། གྲོས་ཚོགས་སྨད་ཚོང་མ་ཡིན་ན་ཁྱེད་ཚོ་གཞང་ཉི་མཁན་གྱི་མི་ངན་དག་དག་རེད།

    Reply
  4. ཆོས་བཟང་། says:
    ལོ་ 13 སྔོན།

    ཕྱོགས་ལྷུང་གདོན་གྱི་ཟིན་པའི་གྲོས་ཚོགས་ར་བར།།
    ཕྱོགས་རིས་འཐེན་འཁྱེར་ཞིག་གིས་མེ་དཔུང་མཆེད་ཀྱིན།།
    ཕྱོགས་དང་རྒྱབ་སྐྱོར་རེ་བའི་གཞི་ལུས་མི་མང།།
    ཕྱོགས་འདིར་རེ་ཐག་ཆད་པའི་སྤྱོད་ངན་མ་འཁྲབ།།

    རང་བཙན་གཙང་མ་ཟེར་གྱིན་རང་འདོད་མ་བཤད།།
    རང་བཙན་ལོན་པའི་གདེངས་སྤོབས་ཅི་ཞིག་སྙེད་སོང་།།
    རང་ཕྱོགས་འཐེར་འཁྱེར་ཞིག་གི་ཅུས་ངན་བཤམ་ནས།།
    རང་རིགས་སྤུན་ཟླའི་ཞལ་ཆེམས་རླུང་ལ་མ་སྐུར།།

    Reply
  5. གངས་སྐྱིད་སྲུང་མ། says:
    ལོ་ 13 སྔོན།

    ཁ་སང་གྲོས་ཚོགས་ནང།

    དཔལ་འབྱོར་བཀའ་བློན་ལ་འདྲི་རྩད་བྱས་ནས་སྐུ་རླུང་དྲག་ཏུ་ཁྲོས་ཡོད་པ་རེད།

    ཕྱི་དྲིལ་བཀའ་བློན་ནི་རྦད་དེ་སྐུ་རླུང་བཞེངས་ནས་མཐའ་མར་འ་ཆད་འུ་ཐུག་གི་བཟོ་ལྟ་བསྟན་སོང། དེ་ནི་དྲིལ་བསྒྲགས་ལས་ཁུངས་ནང་གི་དབང་ལྡན་འགན་འཛིན་དྲུང་ཆེ་དྲུང་འཕར་བར་གྱི་དངོས་བྱུང་ཞིག་རེད། དེ་ནི་འོས་འཚམས་ཤིག་རེད་ལ།

    བདེ་སྲུང་བཀའ་བློན་ལ་རང་གི་ལས་དོན་ཐོག་དཀའ་ངལ་བྱུང་མེད་ཀྱང། ཀ་བ་གསུམ་གྱི་ས་མཚམས་ཐད་དགོངས་ཚུལ་བྱུང་ནས་གྲོས་ཚོགས་ནང་གསལ་བོར་གསུངས་པ་རེད།

    ནང་སྲིད་བཀའ་བློན་ལ་ཕྱོགས་ཡོངས་ནས་བཀར་འདེད་བྱ་རྩིས་སོང་ཡང། རང་གི་ལས་དོན་རང་གི་གཅིག་དང་གཉིས་ཀྱིས་གསལ་བོ་སྟབས་ལན་འདེབས་ཚད་ལྡན་བྱས།

    འཕྲོད་བསྟེན་བཀའ་བློན་ནི་འདར་སུག་འགའ་ཤོར་བ་དེ་རེད། ད་དུང་བཀའ་མོལ་གནང་བཞིན་མཚམས་ཆད་གྲབས་ཆད་གྲབས་བྱས་པ་རེད།

    ཡིན་ནའང། ཤེས་རིག་བཀའ་བློན་དང་སྲིད་སྐྱོང་ལ་བོད་རྒྱ་འབྲེལ་མོལ་དང་ལས་བྱེད་ལ་ཕྱུ་པ་ཉོས་སྐོར་དྲི་བ་ལན་མེད་པ་ཞིག་བཏང་བ་ལས་གཞན་གང་ཡང་ནག་འདེད་བྱེད་མཁན་མ་བྱུང་བ་རེད།

    གོང་དུ་མ་རྩོམ་ནང་ཤེས་རིག་ལས་ཁུངས་ཀྱི་གནས་ཚུལ་ཟུར་ཙམ་དྲངས་བ་དེ་བདེན་པ་རེད། གནས་ཚུལ་དེ་རྣམས་རྙིང་པ་རེད། དོན་ངོ་མར་ད་ལྟའི་ཆར་ཤེས་རིག་གི་ལས་དོན་དེ་དག་ཉོག་དཀྲུགས་ནས་ཕྱི་རྫིག་ནང་སྟོང་གི་གནས་བབ་ཅིག་ཏུ་ཡོད་པ་ཤེས་མཁན་ཚོས་མ་གཏོགས་དཀོན་པོ་རེད།

    འོན་ཀྱང། གྲོས་ཚོགས་ནང་དེར་དྲི་བ་མང་པོ་ཡོང་མི་སྲིད་པ་རེད། གྲོས་ཚོགས་ནི་ཆོལ་ཁའི་ཕྱོགས་ལྷུང་བར་ཐར་མེད་པ་དང། ཆོལ་ཁའི་དཔུང་སྒྲིལ་དེ་རྒྱུན་ལས་ནང་གྲོས་ཚོགས་བར་འགྲོ་བ་མ་ཟད། རྒྱུན་ལས་ནས་འཛིན་སྐྱོང་བཀའ་ཤག་དང་རང་དབང་ཅན་གྱི་སྡེ་ཚན་བར་དུའང་འགྲོ་ཡི་ཡོད། དེས་རྐྱེན། ཆོལ་ཁའི་ཕྱོགས་ལྷུང་གི་སྲུང་སྐྱོབ་ནི་གང་ཟག་ལ་ཐུག་ཡོད། གང་ཟག་གཙོ་བོ་དང་ལས་དོན་ཕལ་བ་ཡིན་དུས། ང་ཚོའི་གྲོས་ཚོགས་ནང་སྐད་ཆ་མང་པོ་ཞིག་གཏན་ནས་སླེབས་ཐུབ་ཀྱི་མེད། དེའི་ཚོར་བ་དེ་ད་ཐེངས་གྲོས་ཚོགས་ནང་གསལ་བོ་ཆགས་ཡོད། བཀའ་བློན་གསར་པ་ཚོར་དེ་བས་ཀྱང་ཚོར་བ་མ་འདྲ་བ་ཞིག་བྱུང་ཡོད།

    དེས་ན། ནམ་ཞིག་ཕྱོགས་ལྷུང་ཅན་གྱི་སྤྱི་འཐུས་དང་སྤྱི་འཐུས་ལ་ལས་བགོས་བྱས་པ་འདྲ་བའི་རྣམ་པ་འདི་མ་དོར་ཚེ་ག་དུས་ཡིན་ནའང། ང་ཚོར་ནང་ཁུལ་ཙག་ཙིག་གི་སྟེང་འཁོར་ནས་རྒྱ་གར་ནང་ཁ་འཐོར་དགུ་འཐོར་དུ་སོང་ནས་ཤི་རྒྱུ་དེ་རེད། མདོར་བསྡུས་ན། ཕྱོགས་ལྷུང་གི་གཞན་དབང་འདིས་ང་ཚོར་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཞིག་ཡོད་པ་སུས་ཀྱང་མཐཽང་གི་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese