མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བལ་ཡུལ་ནང་བཙན་འཛུལ་དང་བོད་མི་སྐྱབས་བཅོལ་བ་བཀག་འགོག

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཏི་བར་ཏི་ལྦིང་གིས་བརྩམས། ལྷ་སྐྱབས་རྒྱལ་གྱིས་བསྒྱུར།

ཆོས་གསར།  བལ་ཡུལ།  རླུང་གིས་གཙང་གསལ་བྱས་པའི་བོད་ལྷོ་ཕྱོགས་ཀྱི་བྱེ་ཐང་གྲོང་གསེབ་འདི་ནི་སྔོན་མ་སྐད་གྲགས་ཡོད་པའི་བོད་ཀྱི་གཡག་ལ་ཚྭ་བཀལ་ནས་ཚོང་འགྲུལ་བྱེད་སའི་ས་གནས་ཞིག་ཡིན། དེ་ནི་གངས་ཀྱིས་སྐོར་བའི་རི་བོ་ཧི་མ་ཡའི་མཁར་རྙིང་ཞིག་ཀྱང་རེད། ཕྱི་ལོ་ ༡༩༦༠ ནང་ས་ཆ་འདིར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་སྦྱོང་བརྡར་སྤྲད་ཡོད་པའི་བོད་པའི་བསྟན་སྲུང་དམག་གིས་བོད་ནང་བཙན་འཛུལ་བྱེད་མཁན་རྒྱ་ནག་གི་དམག་དཔུང་ལ་འཇབ་རྒོལ་བྱེད་སའི་རྟེན་གཞི་ཆགས་པ་རེད།

བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌའོ་ (Katmandu)ནས་རྒྱང་ཐག་རང་བའི་ནུབ་བྱང་ཕྱོགས་སུ་ཡོད་པ་ནི་ནང་པའི་རྒྱལ་ཕྲན་གློ་སྨན་ཐང་རེད། དེང་སྐབས་རྒྱ་ནག་གིས་མངོན་གསལ་ཐོག་ས་ཆ་དེ་ཀྲུང་གོའི་མངའ་ཁོངས་ཡིན་ཚུལ་བཤད་ཀྱི་ཡོད་པ་དང་། རྒྱ་གཞུང་གི་དཔོན་རིགས་ཚོས་བོད་མི་བལ་ཡུལ་ནང་བྲོས་བྱོལ་དུ་འགྲོ་མཁན་ཚོར་བཀག་སྡོམ་བྱེད་ཀྱིན་ཡོད། བལ་ཡུལ་སྲིད་གཞུང་ལ་རོགས་སྐྱོར་མཐུན་འགྱུར་བསྐྲུན་ཏེ་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ ༢༠༠༠༠ ལྷག་ཡོད་པ་དག་གི་ཆབ་སྲིད་ལས་འགུལ་ལ་བཀག་སྡོམ་བྱེད་ཀྱིན་ཡོད།

རྒྱ་ནག་གིས་ཐབས་ལམ་སྣ་ཚོགས་སྤྱད་དེ་རང་ཉིད་ཀྱི་དབང་ཤུགས་བལ་ཡུལ་རྒྱལ་ཡོངས་སུ་ཁྱབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། དེ་དག་མང་ཆེ་བ་དཔལ་འབྱོར་རོགས་རམ་ལ་བརྟེན་ཏེ་བརྒྱུད་སྐུལ་བྱེད་ཀྱིན་འདུག གློ་སྨན་ཐང་ལ་རྒྱ་ནག་གིས་ལོ་རེར་ཨ་སྒོར་ ༥༠༠༠༠ ཡི་བཟའ་ཆས་རོགས་རམ་དང་། གློ་སྨན་ཐང་གི་རྒྱལ་སྲས་ཀྱི་རྟེན་འབྲེལ་མཛད་སྒོའི་སྐབས། རྒྱ་ནག་མཐའ་མཚམས་ཀྱི་དམག་དཔོན་ས་གནས་སུ་བཏང་སྟེ་བལ་ཡུལ་གྱི་གྲོང་གསེབ་པ་དག་དང་མཉམ་དུ་ས་མཚམས་བདེ་སྲུང་ཞེས་པའི་སྐོར་ལ་གྲོས་བསྡུར་བྱས་ཡོད།

རྒྱལ་མཚམས་ལས་བརྒལ་པའི་ཁོང་ཚོའི་འབད་བརྩོན་ལ་དོན་འབྲས་མི་དམན་པ་ཞིག་བྱུང་ཡོད་སྟབས། དུས་རྒྱུན་བལ་ཡུལ་ཉེན་རྟོག་པས་བོད་མི་ཚོས་ཀ་ཐ་མན་ཌའོ་ནང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་རིགས་འཛིན་བཟུང་བྱེད་པ་དང་།  ཐ་ན་ཁོང་ཚོས་བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་འཁྲུངས་སྐར་སྲུང་གཙི་བྱེད་པ་ཡང་འགོག་གི་ཡོད།

༢༠༡༢ ལོའི་ཐོག་མའི་ཟླ་བརྒྱད་ཀྱི་ནང་ལ།  རི་བོ་ཧི་མ་ཡ་བརྒྱུད་དེ་བལ་ཡུལ་ནང་བྲོས་བྱོལ་བྱེད་མཁན་བོད་མིའི་གྲངས་འབོར་ཕལ་ཆེར་ ༤༠༠ ལྷག་རེད།  དེ་བཞིན། ༢༠༡༡ ལོའི་དུས་མཉམ་དང་བསྡུར་ན་སྔར་ལོ་ལས་ཕྱེད་ཀ་མ་གཏོགས་སླེབས་ཐུབ་མེད། བོད་མི་ཚོས་བོད་ནང་དུ་རྒྱ་ནག་གི་དམ་དྲག་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཅིང་། རྒྱ་ནག་གིས་བལ་ཡུལ་གྱི་ས་མཚམས་སྐོར་སྲུང་བ་ཚོར་སྦྱོང་བརྡར་སྤྲད་དེ་བོད་མི་བྲོས་བྱོལ་བའི་གྲངས་འབོར་ཉུང་དུ་བཏང་ཡོད།

ཨ་རིའི་གཞུང་གིས་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོ་ཕར་སྐྱབས་བཅོལ་དུ་ལེན་རྒྱུ་ཡིན་ཞེས་བསྒྲགས་ཡོད་ཀྱང་། བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ ༥༠༠༠ ཨ་རིར་གནས་སྤོར་བྱེད་པར་ཆོག་མཆན་སྤྲད་མེད།

བོད་མི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དགའ་ལྡན་ལགས་ཀྱིས་འདུ་འཛོམས་བྲེལ་ཟིང་ཆེ་བའི་མཆོད་རྟེན་བྱ་རོང་ཁ་ཤོར་སྐོར་ལམ་གྱི་ཟ་ཁང་ཞིག་གི་རྐུབ་སྟེགས་སུ་བསྡད་དེ། བོད་རིགས་ཚོ་བལ་ཡུལ་གྱི་འཚོ་གནས་ལ་གོམས་འདྲིས་སླ་བོ་ཆགས་ཡོད་པ་དང་ལས་ཀ་རག་པ།  སྤྱི་ཚོགས་ནང་མཐུན་པོ་ཡོད་པ་རེད། ཡིན་ནའང་བལ་ཡུལ་གྱིས་བོད་མི་ཚོ་ཨ་རིར་སྐྱབས་བཅོལ་གནས་སྤོར་བྱེད་མ་བཅུག་པ་དེ་ནི་རྒྱ་ནག་གི་གནོན་ཤུགས་ཁོ་ན་ཡིན་ཞེས་བཤད་སོང་།

བལ་ཡུལ་ནི་འཛམ་གླིང་ཐོག་གི་ཆེས་ཉམས་ཐག་གི་རྒྱལ་ཁབ་ཅིག་ཡིན།  ལྷག་པར་དུ་འདས་པའི་ལོ་ངོ་བཅུ་ཕྲག་རིང་དམར་ཤོག་ཚོགས་པ་དང་གཞུང་དམག་བར་ནང་འཁྲུག་བྱུང་སྟེ་རྒྱལ་ཁབ་ཀྱི་གནས་སྟངས་སྔར་ལས་སྐྱོ་རུ་ཕྱིན་ཡོད། ༢༠༠༦  ལོར་ནང་འཁྲུག་མཇུག་རྫོགས་ཏེ་བརྟན་བརླིང་མེད་པའི་སྲིད་གཞུང་མུ་མཐུད་ཐུབ་ཙམ་བྱུང་ཡོད་ལ། བལ་ཡུལ་ས་མཚམས་རྒྱ་དཀར་ནག་གཉིས་ཀྱིས་སྐོར་ནས་ཡོད་སྟབས། བལ་ཡུལ་མགོ་ཁྲིད་ཚོས་རྒྱ་ནག་གི་རྒྱབ་བརྟེན་རག་ཐབས་བྱས་ཏེ། བལ་ཡུལ་ནང་གི་རྒྱ་གར་གྱི་ཤུགས་རྐྱེན་དང་དོ་མཉམ་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད།

ཉེ་བའི་ལོ་འགའི་ནང་བལ་ཡུལ་དང་རྒྱ་ནག་གི་ཕྱི་སྲིད་འབྲེལ་བ་མངོན་གསལ་གྱིས་ཇེ་བཟང་དུ་སོང་བ་ནི། རྒྱ་ནག་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ལུམ་ལྦི་ནེ་ (Lumbini)རུ་རོགས་སྐྱོར་མ་དངུལ་བཏང་སྟེ་འཛུགས་སྐྲུན་དང་ནང་པའི་གནས་ཆེན་ཁག་ལའང་མ་རྩ་འཛུགས་འཇོག་བྱེད་ཀྱིན་ཡོད་པ་རེད། དེ་དང་མཉམ་དུ་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་པའི་བདེ་འཇགས་དང་ལས་དོན་ལམ་ལྷུང་ཡོང་བའི་འགན་འཁུར་སྤྲད་ཡོད།

རའུ་ཊིར་ (་Reuter) གསར་ཁང་གིས་བཀོད་པ་ལྟར་ན།  ཟླ་ ༤ བའི་ཚེས་ ༡ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཇེམ་མེ་ཁེར་ཊིར་ (Jimmy Carter)མཆོག་གིས་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་ཚོ་བལ་ཡུལ་ནང་འགྲུལ་བཞུད་བྱེད་པར་དཀའ་ངལ་ཆེ་རུ་བཏང་ཡོད། ངའི་རེ་བར་འབྱུང་འགྱུར་བལ་ཡུལ་གཞུང་གིས་གནས་ཚུལ་དེ་རིགས་མི་འབྱུང་བ་བྱེད་དགོས་ཞེས་བརྗོད་འདུག

བལ་ཡུལ་གྱི་ཕྱི་སྲིད་ཟུང་དྲུང་ཕྱན་ཀར་པུར་སཱ་ཏྲི་ཀོ་རེལ་ལཱ་ (Shankar Prasad Koirala) ལ་ཁ་པར་བརྒྱུད་བལ་གཞུང་གིས་སྐྱབས་བཅོལ་བ་ཚོ་སྣང་མེད་གཏོང་གི་མེད་དམ་ཞེས་བཀའ་འདྲི་བྱས་པར། བལ་གཞུང་གིས་སྐྱབས་བཅོལ་བ་ཚོའི་བདེ་སྡུག་ཐོག འགྲོ་བ་མིའི་རིགས་སྤྱི་མཚུངས་ལྟར་ལྟ་རྟོག་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད།

བལ་གཞུང་གི་དཔོན་རིགས་གཞན་དག་ཚོས་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་བྱེད་པ་དང་། བལ་ཡུལ་ས་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་པར། བཟོད་བསྲན་བྱེད་མི་ཐུབ་ཅེས་བརྗོད་ཡོད།

༢༠༠༨ ལོའི་གཞི་རྒྱ་ཆེ་བའི་བོད་མིའི་ངོ་རྒོལ་བྱུང་རྗེས།  རྒྱ་ནག་གིས་བོད་མི་བལ་ཡུལ་ནང་འཛུལ་བར་སྔ་ལས་དམ་དྲག་ཤུགས་ཆེ་རུ་བཏང་སྟབས། ད་ལྟའི་བར་རྒྱ་ནག་གི་སྲིད་བྱུས་འོག་ཏུ་འཚོ་གནས་བྱེད་བཞིན་པའི་བོད་མི་ ༡༡༠ ཡིས་རང་ལུས་མེར་བསྲེགས་བཏང་བ་དང་། རྒྱ་གཞུང་དཔོན་རིགས་ཚོས་བོད་ཀྱི་གྲོང་གསེབ་ཁག་དང་བལ་ཡུལ་གྱི་ས་མཚམས་སོགས་ཀྱི་བདེ་སྲུང་ལ་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད།

རང་སྲེག་ངོ་རྒོལ་གྱི་ཐབས་ལམ་ཀ་ཐ་མན་ཌའོ་ནང་བྱུང་སྟབས། བོད་ཀྱི་གནད་དོན་ཐོག་ལ་བལ་གཞུང་དཔོན་རིགས་ཚོས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད།  ཕྱི་ཟླ་གཉིས་པའི་ནང་དུ།  ནང་པའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་བོད་ཀྱི་གྲྭ་བ་སྒྲུབ་ཆེན་ཚེ་རིང་ལགས་ཀྱིས་རང་ཉིད་མེར་བསྲེགས་བཏང་ཡོད།

ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཤད་པ་ལྟར་ན། བོད་མི་ཚོས་གྲྭ་བ་ཁོང་གི་སྐུ་ཕུང་ཕྱིར་ལེན་ཐབས་སུ་བལ་གཞུང་ལ་འབྲེལ་བ་ཐེངས་མང་བྱས་ཀྱང་དོན་འབྲས་བྱུང་མེད་པ་དང་། བལ་ཡུལ་དཔོན་རིགས་ཚོས་མེར་བསྲེགས་གཏོང་མཁན་ཁོང་གི་ནང་མི་མིན་ན་ཕུང་པོ་སྤྲོད་རྒྱུ་མིན་ཚུལ་བཤད་ཡོད། དེར་བརྟེན། ཟླ་སྔོན་མའི་ཟླ་མཇུག་གི་མཚན་གུང་ཞིག་ལ་ས་གནས་དཔོན་རིགས་ཚོས་སྐུ་ཕུང་ཞུགས་འབུལ་བྱས་པ་མ་ཟད། མི་མང་ཚོར་ཁོང་གི་ཆེད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་ཅེས་བརྗོད།

ཉེ་བའི་ལོའི་ནང་། བལ་གཞུང་གིས་ཆོས་ལུགས་ཀྱི་མཛད་སྒོ་ཁག་ལ་བཀག་འགོག་དང་། བོད་མི་སྐྱབས་བཅོལ་བ་ཚོར་ནག་ཉེས་གང་ཡང་མེད་པར་འཛིན་བཟུང་གིས་ཉི་མ་འགའ་རེར་བཀག་ཉར་བྱེད་ཀྱིན་ཡོད། མཛད་སྒོ་འདི་དག་གི་ནང་དུ་ཏཱ་ལའི་བླ་མའི་འཁྲུངས་སྐར་ཡོད་ལ།  ད་ལྟ་ཁོང་རྒྱ་གར་དུ་སྐྱབས་བཅོལ་ལ་བཞུགས་ཡོད།  ༢༠༠༥ ལོར་བལ་ཡུལ་གཞུང་གིས་རྒྱལ་ས་ཀ་ཐ་མན་ཌའོ་རུ་ཡོད་པའི་ཁོང་གི་སྐུ་ཚབ་དོན་གཅོད་ཀྱང་སྒོ་རྒྱག་བཅུག་པ་རེད།

 

གཞོན་སྐྱེས་ཚེ་རིང་ལགས་ཀྱིས།  ༢༠༡༢  ལོའི་ཟླ་ ༤ པའི་ནང་ཁོང་ཀ་ཐ་མན་ཌའོ་ཡི་དགོན་པ་ཞིག་ཏུ་སྐྱེས་སྐར་རྟེན་འབྲེལ་དུ་སྐྱོད་སྐབས། བལ་ཡུལ་གཞུང་གི་ཉེན་རྟོག་པས། ས་གནས་མི་མང་ཚོགས་ཁང་ནང་འདུ་འཛོམས་བྱེད་པར་བཀག་འགོག་བྱེད་ཀྱིན་འདུག་པ་དང་། ཏཱ་ལའི་བླ་མའི་འཁྲུངས་སྐར་གྱི་མཛད་སྒོའང་འཚོགས་འཇུག་གི་མེད་ཅིང་། དེང་སང་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་འདུག་ཅེས་བཤད་སོང་།

 

གྲྭ་ཟུར་སྐུ་ཞབས་བཀྲ་ཤིས་ཀྱིས།  ༢༠༡༢ ལོའི་ཟླ་ ༡ པའི་ནང་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཡི་ཉིན་བཞིའི་གཞུང་འབྲེལ་ལྟ་སྐོར་ཀ་ཐ་མན་ཌའོ་རུ་ཡོང་རྒྱུ་ཕྱིར་བསྒྲགས་མ་བྱས་པའི་སྔོན་ལ།  བོད་མི་བཅུ་གཉིས་བཀག་གཉེར་བྱས་རེད་པ་ཞེས་བཤད་སོང་།  ཝུན་ཅ་པོ་ཡི་ལྟ་སྐོར་དུས་ཚོད་ཟླ་སྔོན་མའི་ནང་ཡིན་ཞིང་། བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱེད་པར་དོགས་ཏེ་ཕྱིར་འཐེན་བྱས་པ་རེད་ཅེས་ས་གནས་གཏན་སྡོད་བོད་མི་ཚོས་བརྗོད་བྱུང་།  སྲིད་བློན་ཝུན་གྱི་གཟིགས་སྐོར་སྐབས་རྒྱ་ནག་གིས་ལོ་གསུམ་རིང་བལ་གཞུང་ལ་ཨ་སྒོར་ཐེར་འབུམ་ ༡ དང་བྱེ་བ་ ༨ ཀྱི་རོགས་སྐྱོར་སྤྲོད་རྒྱུ་ཁས་ལེན་བྱས་པ་རེད།

༡༩༥༩ ལོར། ཏཱ་ལའི་བླ་མ་བོད་ནས་བྲོས་བྱོལ་དུ་ཡོང་རྗེས།  བོད་མི་སྐྱབས་བཅོལ་བ་ཐོག་མ་རྣམས་བལ་ཡུལ་དུ་འབྱོར་བ་དང་། སྐབས་དེའི་སྐྱབས་བཅོལ་སྡོད་སྒར་ཨང་ ༡༣ པ་དེ་ད་ལྟའང་ཡོད། བོད་པ་ཚོ་མཆོད་རྟེན་བྱ་རུང་ཁ་ཤོར་མཐའ་སྐོར་དུ་གནས་སྡོད་བྱས་ཡོད་སྟབས། བོད་པ་ཁ་ཤས་ཀྱིས་ས་གདན་དང་ལག་ཤེས་བཟོ་རིག་སོགས་ཀྱི་ཚོང་ལས་གཉེར་དེ་ཕྱུག་པོ་ཆགས་ཡོད་ལ། སྙན་གྲགས་ཅན་གྱི་དགོན་པ་དག་གིས་ཀྱང་དངུལ་མང་པོ་བསགས་ཏེ་ཀ་ཐཱ་མན་ཊོ་ལུང་གཤོང་ནང་གི་གལ་ཆེའི་ས་ཁང་ཉོས་འདུག

བཀྲ་ཤིས་ལྟ་བུའི་ཆབ་སྲིད་སྐྱབས་བཅོལ་བ་མང་པོ་ཞིག་གིས་ཐོག་མའི་ཆར་མི་མང་ལ་རོགས་རམ་བྱས་ཏེ། སྐྱབས་བཅོལ་ལག་འཁྱེར་སྤྲད་པ་རྒྱུན་ལྡན་ཡིན།  དེའི་ནང་དུ་ཁོང་ཚོ་ལ་ཐོབ་ཐང་ཁ་ཤས་སྤྲད་ཡོད་མོད། འོན་ཀྱང་ ༡༩༩༨ ལོར་བལ་ཡུལ་གཞུང་གིས་ཐོབ་ཐང་ལག་འཁྱེར་ཕྱིར་བསྡུ་བྱས་འདུག

དེང་སྐབས་བོད་མི་སྐྱབས་བཅོལ་བ་ཚོས་ལམ་ཁྲིད་པར་ཨ་སྒོར་ ༥༠༠༠ ཡས་མས་སྤྲད་དེ་གཟའ་འཁོར་དྲུག་ནས་བརྒྱད་བར་རྐང་པ་བརྒྱབ་ནས་བལ་ཡུལ་འཛུལ་ཐབས་བྱེད་ཀྱིན་ཡོད་ཅིང་། ཀ་ཐཱ་མན་ཌའོ་ལུང་གཤོང་ནང་འབྱོར་རྗེས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ནས་ཡིག་ཆ་རག་ཐབས་བྱས་ཏེ། སྤྱི་སྤྱོད་རླངས་འཁོར་ནང་བསྡད་ནས་རྒྱ་གར་དུ་ཡོང་སྟེ་ཏཱ་ལའི་བླ་མར་མཇལ་ཁ་རག་པར་རེ་བ་རྒྱག་གི་ཡོད།

གནས་མཇལ་བ་ཁ་ཤས་ཕྱིར་བལ་ཡུལ་དུ་ལོག་སྟེ་བོད་ནང་འགྲོ་བཞིན་ཡོད།  སྐྱབས་བཅོལ་བ་དུས་ཡུན་རིང་ཤོས་སྡོད་མཁན་ཚོའིཁྲོད་དུ་ཁ་ཤས་རྒྱ་ནག་གི་གསང་མྱུལ་བ་ཡིན་པས་དོགས་ཟོན་བྱེད་མཁན་ཡང་ཡོད།

ལོ་ལྔའི་གོང་སྟེ། ༢༠༠༨ ལོའི་བོད་མིའི་སྒེར་ལངས་མ་བྱས་སྔོན་ལ། ལོ་རེར་བོད་མི་སྐྱབས་བཅོལ་བ་ ༢༠༠༠ ནས་ ༤༠༠༠ བར་བལ་ཡུལ་སྐྱབས་བཅོལ་སྣེ་ལེན་ཁང་དུ་འབྱོར་བཞིན་ཡོད་ཀྱང་། ༢༠༠༨ ལོའི་རྗེས་སུ་རྒྱ་གཞུང་གི་ཉེན་རྟོག་པས་བོད་ས་ཡོངས་དང་གྲོང་གསེབ་བཅས་ལ་དམ་དྲག་ཤུགས་ཆེན་བྱས་སྟབས། ལོ་རེར་བོད་མི་ ༥༠༠ ནས་ ༦༠༠ ཙམ་རེ་ལས་སྐྱབས་བཅོལ་དུ་ཡོང་ཐུབ་ཀྱི་མེད། ལོ་རྗེས་མ་དེར་༨༥༠ ཙམ་བྱུང་ཡོད་ཀྱང་སྔོན་ཆད་དང་བསྡུར་ན་རྦད་དེ་ཉུང་དུ་ཕྱིན་འདུག

ལོ་མང་གོང་ནས་བལ་ཡུལ་མཐའ་སྲུང་བས་བོད་མི་སྐྱབས་བཅོལ་བ་ཚོ་འཛིན་བཟུང་བྱས་ཀྱང་བསམ་ཤེས་ཀྱིས་བལ་ཡུལ་སྣེ་ལེན་ཁང་དུ་སྐྱེལ་ཡོད།  འོན་ཀྱང་། དེང་སྐབས་བོད་མི་སྐྱབས་བཅོལ་པ་ཉུང་ཤས་ཤིག་ཀ་ཐ་མན་ཌའོ་ནང་འབྱོར་བཞིན་ཡོད་ཀྱང་། ས་མཚམས་སྐོར་སྲུང་བས་བོད་པ་སྐྱབས་བཅོལ་བ་འཛིན་བཟུང་བྱས་ཏེ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པར་དོགས་པ་ཟ་བཞིན་འདུག དེ་ནི་རྒྱ་གཞུང་གིས་རྒྱལ་མཚམས་བདེ་འཇགས་ལས་དོན་ཐོག་སྦྱོང་བརྡར་དང་ཐེ་གཏོགས་བྱས་པའི་རྐྱེན་གྱིས་རེད་འདུག

བལ་ཡུལ་གྱི་བདེ་སྲུང་དཔུང་ཚོགས་ལ་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་མེད་སྟབས། སྔར་ལོར་བལ་ཡུལ་ཕྱོགས་ཀྱི་ས་མཚམས་སུ། སེ་ཨན་ཨན་(CNN)གསར་ཁང་གི་བརྙན་ལེན་པ་ཞིག་ལ་སྤྱིར་བཏང་གི་ལྭ་གྱོན་པའི་རྒྱ་ནག་གི་དམག་མི་ཚོས་བརྙས་བཅོས་བྱེད་པ་བརྙན་འཕྲིན་ནང་རྒྱང་སྲིང་བྱས་སྐབས། བལ་ཡུལ་གྱི་སྐོར་སྲུང་བས་ཅི་ཡང་མི་སྨྲ་པར་ལངས་ནས་བསྡད་ཡོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་ཁཱ་ཊི་སོན་ཌར་སི་ (kate Saunders)ལགས་ཀྱིས་ང་ཚོས་ས་མཚམས་སུ་ག་རེ་བྱུང་མིན་ཧ་གོ་མ་སོང་ཞེས་བརྗོད་འདུག

གློ་སྨན་ཐང་ནི་རྒྱ་ནག་ལ་མཚོན་ན་ཆེས་གནད་འགག་ཆེ་བའི་ས་ཁུལ་ཞིག་ཡིན།  ས་ཁུལ་དེར་ལོ་རྒྱུས་ཀྱི་ཐོག་ནས་ཁམས་པ་བསྟན་སྲུང་འཇབ་དམག་བསྡད་མྱོང་ཡོད་པ་མ་ཟད།  ༡༩༩༩ ལོར་རྒྱལ་བ་ཀརྨ་པ་ཡང་ས་ཁུལ་འདི་བརྒྱུད་ནས་ཕྱིན་པ་རེད། ཁོང་བོད་ནས་རྒྱ་གར་དུ་གསང་བས་ངང་བཙན་བྱོལ་ལ་འབྱོར་ཡོད། དེང་སང་ས་མཚམས་འདིར་བོད་པ་དང་ས་གནས་ཡུལ་མིའི་བར་ཚོང་འབྲེལ་ཆེད་སྐབས་རེར་མ་གཏོགས་སྒོ་ཕྱེ་གི་མེད།

སྔོན་མ་གློ་སྨན་ཐང་གི་མི་མང་གིས་རང་གི་རྒྱལ་བོའི་འཕྲིན་ཡིག་ཞིག་ཁྱེར་ཏེ། བོད་ནང་དུ་སོང་ནས་གངས་རིན་པོ་ཆེར་གནས་མཇལ་དུ་སྐྱོད་ཆོག་གི་ཡོད། གངས་རིན་པོ་ཆེ་ནི་བོད་ཀྱི་ནང་པའི་སྣོད་འཇིག་རྟེན་གྱི་བྱུང་ཚུལ་ཐོག་གནས་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།  ཡིན་ནའང་རྒྱ་ནག་གིས་ལོ་བཅུ་གཉིས་སྔོན་ནས་འགྲོ་སྟངས་འདི་བཅད་ཚར་པ་རེད།

རྒྱལ་ཕྲན་གློ་སྨན་ཐང་གི་རྒྱལ་སྲས་འཇིགས་མེད་སེངྒེ་སྦ་སྤེར་སྤེ་སི་ཊ་( jigmeSingiPalbarBista)མཆོག་གིས་ང་ཚོས་གཞུང་ལ་འབོད་སྐུལ་ཞུས་ཏེ་ལམ་ཁ་འདི་བསྐྱར་དུ་སྒོ་ཕྱེ་བར་རེ་བ་བྱེད་ཀྱིན་ཡོད། ང་ཚོའི་མི་མང་གིས་དུས་རྒྱུན་བོད་པའི་ཆོས་ཀྱི་འོད་སྣང་ལ་ལྟ་བཞིན་ཡོད་ཅེས་བརྗོད་སོང་།

མ་རྩོམ་གྱི་དྲ་ཐག http://www.nytimes.com/2013/04/14/world/asia/china-makes-inroads-in-nepal-stemming-tibetan-presence.html?pagewanted=1&_r=0&ref=world

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 3

  1. གྲྭ་ལོག says:
    ལོ་ 12 སྔོན།

    ལྷག་པ་ཟེར་བས་གང་ནས་གོ་ཡི་མི་འདུག་ན། བཀའ་འདྲི་ཞུས་དང་ངས་འགྲེལ་བཤད་རྒྱབ་ཆོག དེང་སང་ཡིག་བསྒྱུར་བ་གཞན་ཚོའི་བསྒྱུར་ཟིན་པ་ལས། བསྒྱུར་རྩོམ་འདི་ལ་སྐད་ཡིག་གཉིས་ཀྱི་གནས་ཚད་ངེས་ཅན་ཞིག་ཡོད་པ་བཀླགས་ན་ཤེས་ཐུབ་ཀྱི་འདུག
    གཞན་ཁྱེད་ལ་བསྒྱུར་སྟངས་ཐད་བཤད་ཡ་ཡོད་ན་སྦས་དགོས་དོན་མི་འདུག་ལགས། ངས་བལྟས་ན་ལྷག་པ་ཟེར་བས་དྲ་འབུ་འདིས་བསྒྱུར་བ་པོ་འདི་ལ་ཕྲག་དོག་བྱེད་ཀྱི་མེད་འགྲོ དེང་སང་རྒྱ་གར་ནང་སློབ་ཐོན་པ་ཀ་ངོ་ཡིག་ངོ་ཆོད་ཙམ་གྱི་ནང་ན་ངན་གོམས་ཤིག་ལ་རྒྱབ་བཤད་རྒྱག་རྒྱུ་འདི་ཤུགས་ཆེན་པོ་དར་ཡོད་པ་རེད།།

    Reply
  2. བསྟན་འཛིན་རྡོ་རྗེ། says:
    ལོ་ 12 སྔོན།

    མ་གཞི་རྩོམ་ཡིག་འདི་གལ་ཆེན་པོ་ཞེ་དྲག་ཆགས་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་ཀ་ཐ་མ་ཊོའི་རྫོང་དཔོན་དང་རྫོང་དཔོན་གཞོན་པ་གཉིས་བལ་ཡུལ་བོད་མིའི་སྡོད་སྒོར་ཁག་ཅིག་བོད་མིའི་སྒྲིག་འཛུགས་བལ་ཡུལ་འབྲེལ་མཐུད་ཁང་དུ་ཡོང་སྟེ། བོད་མི་སྐྱབས་བཅོལ་བ་དང་བལ་ཡུལ་གཞུང་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་ཚུལ་དང་། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་སྐྱབས་བཅོལ་ལག་འཁྱེར་འཕར་འཁྱངས་བྱེད་ཕྱོགས་བཅས་ལ་སྐད་མོལ་གནང་འདུག ཁོང་གིས་ད་དུང་བལ་ཡུལ་བོད་མི་སྐྱབས་བཅོལ་བ་དང་བལ་ཡུལ་གཞུང་གཉིས་བར་གོ་བརྡ་མ་འཕྲོད་པ་དང་། ཕན་ཚུན་བར་དོགས་པ་རྣམ་དོགས་ཀྱི་དབང་གིས་དཀའ་ངལ་མང་པོ་ཞིག་ཡོད་གི་ཡོད་སྐོར་དང་། ལྷག་པར་དུ་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་སྡོད་འདོད་ཡོད་སྐོར་གསུངས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་སྟབས་ཚང་མས་དེ་ལ་གུས་བརྩི་བྱས་པ་ཡིན་ན་བལ་ཡུལ་གཞུང་དང་བོད་མི་སྐྱབས་བཅོལ་བའི་བར་དཀའ་ངལ་གང་ཡང་ཡོང་མདོག་ཁོ་བོ་མ་རེད། དེ་མ་རྟོག་བྱེད་སྟངས་ཀྱི་ཐོག་ནས་ནོར་འཁྲུལ་ཤོར་བ་དང་། ལྷག་པོར་དུ་ཉེ་ཆར་བལ་ཡུལ་ནང་དུ་བོད་མིའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་ལྟ་བའི་བྱས་ཉེས་རིགས་སྤེལ་བ་ཡིན་ན་ཕྱོགས་གཉིས་ཀར་དཀའ་ངལ་འཕྲད་རྒྱུ་ཡིན་ཚུལ་བརྗོད་འདུག

    Reply
  3. ལྷག་པ། says:
    ལོ་ 12 སྔོན།

    རྩོམ་ཡིག་གལ་ཆེན་པོ་ཞིག་རེད། ལྷག་པར་དུ་རྩོམ་ཡིག་སྤེལ་ས་དེ་ཨ་རིའི་ནའེ་ཡོག་དུས་བབ་སྐད་གྲགས་ཆེན་པོ་ཡིན་དུས་བོད་དོན་ལ་ཏན་ཏན་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཡིན་ནའང་བསྒྱུར་སྟངས་ཀྱི་ཐད་ནས་ཏོག་ཙམ་གོ་ཁོག་པོ་ཞིག་ཏུ་མཐཽང་སོང་། ཐེངས་གཉིས་ལ་ནན་ཏན་གྱིས་ཀློག་ཡིན་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese