ཁ་སང་ཞོགས་པ་སི་ཁྲོན་ཡཱ་
ས་ཡོམ་དེའི་ཤུགས་ཚད་སི་ཁྲོན་དཀར་མཛེས་ཁུལ་དུའང་སླེབས་ཡོད་པ་དང་། མི་ ༣ འདས་གྲོངས་དང་ཁང་པ་མང་པོ་ཞིག་ལ་གནོད་སྐྱོན་ཐེབས་ཡོད་འདུག་ལ། དེ་བཞིན་དར་རྩེ་མདོ་ཕྱོགས་སུའང་ཤུགས་ཚད་བསླེབས་ཡོད་འདུག
རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། ས་ཡོམ་གནས་ཚུལ་བྱུང་མ་ཐག རྒྱ་ནག་གི་སྲིད་འཛིན་ཞེ་ཆིན་ཕིན་གྱིས་དམག་དཔུང་དང་། དྲག་ཆས་ཉེན་རྟོག་དམག་དཔུང་ལ་བཀའ་བཏང་སྟེ་མྱུར་སྐྱོབ་ལས་གཞི་གང་མགྱོགས་མགོ་བཙུགས་ཏེ་མང་ཚོགས་ཀྱི་ཚེ་སྲོག་གཙོ་བོར་འཛིན་དགོས་ཚུལ་བརྗོད་ཡོད་པ་དང་། དེའི་རྗེས་སྲིད་བློན་ལི་ཁེ་ཆང་ཐད་གཏོང་གནམ་གྲུ་བརྒྱུད་ས་ཡོམ་བྱུང་ཡུལ་དུ་འབྱོར་ཏེ། གནོད་ཐེབས་མང་ཚོགས་ལ་རྟོག་ཞིབ་དང་སྨན་ཁང་ཁག་གི་རྨས་མར་ལྟ་སྐོར་བྱས་ཡོད་འདུག
སི་ཨན་ཨན་དང་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གིས་ད་རེས་ས་ཡོམ་སྐོར་གྱི་གནས་ཚུལ་མང་ཆེ་བ་རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ཙམ་ཡིན་སྟབས། མི་ཤི་རྨས་ཀྱི་གནས་ཚུལ་ཡིད་རྟེན་ཕེར་བ་ཞིག་མིན་ཚུལ་དང་། ལྷག་པར་དུ་ས་ཡོམ་གྱི་འགུལ་ཚད་ ༧ ཡིན་ཟེར་བ་དེ་ཨ་རིའི་ས་ཡོམ་རྟག་དཔྱད་ལས་ཁུངས་ཀྱིས་ངོས་འཛིན་བྱས་པ་དང་མུ་མཐུན་སྐོར་སོགས་བཀོད་འདུག
CNN དང BBC སོགས་ཀྱིས་ཡིད་ཆེས་རུང་བ་ཞིག་བཙལ་རོགས་གནང་ཞེས་འབོད་སྐུལ་བྱེད་རོགས།
བྱ་ནད N7N9དང་ས་ཡོམས་ཀྱི་དོན་རྐྱེན་འདི་གཉིས་ཐད་རྒྱ་གཞུང་གི་ཕྱི་ནང་གཉིས་སུ་བསྟན་པའི་རྣམ་འགྱུར་སྔོན་དང་བསྡུར་ན་ཡར་རྒྱས་ཕྱིན་འདུག་བསམས།།