མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགད་གཏོར་དོན་རྐྱེན་བཟོ་མཁན་ཉེས་ཅན་ངོས་ཟིན་བྱུང་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ནང་འགད་གཏོར་དོན་རྐྱེན་བཟོ་མཁན་དོགས་ཡོད་ཉེས་ཅན་སྤུན་མཆེད་གཉིས་ཤེས་རྟོགས་བྱུང་སྟེ་གཅིག་དམར་གསོད་དང་གཞན་དེ་འཛིན་བཟུང་བྱས་ཡོད་པ་དང་། ཞིབ་འཇུག་བྱས་པ་ལྟར་ན་མི་དེ་གཉིས་རཱ་ཤི་ཡའི་གྲངས་ཉུང་མི་རིགས་ཤིག་ཡིན་འདུག

ཉེ་སྔོན་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ནང་རྒྱང་རྒྱུག་འགྲན་བསྡུར་འཚོགས་བཞིན་པའི་སྐབས། རྒྱུག་འགྲན་ལམ་དུ་འགད་རྫས་གཏོར་མཁན་འཚོལ་ཞིབ་བྱས་སྐབས། གཞུང་ལམ་སྟེང་གི་བརྙན་ལེན་འཕྲུལ་ཆས་ཤིག་ཏུ་དོགས་གཞི་ཅན་གྱི་མི་གཉིས་ཀྱི་བརྙན་རིས་རག་ཡོད་ཅིང་། བརྙན་རིས་དེ་དྲ་གནས་ཁག་ཏུ་བཀྲམས་ཏེ་མང་ཚོགས་ལ་ངོས་འཛིན་བྱེད་བཅུག་ཅིང་། ཉེན་རྟོག་པས་བརྙན་རིས་ནང་གི་དོགས་ཡོད་ཉེས་ཅན་དེ་གཉིས་རྗེས་འདེད་འཇུ་བཟུང་བྱེད་རྩིས་བྱས་སྐབས། རྒོལ་ལན་སློག་སྟེ་ཉེན་རྟོག་དཔོན་གཅིག་དམར་གསོད་དང་ཉེན་རྟོག་པ་གཞན་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་དགོང་མོ་ཉེན་རྟོག་པ་དང་དོགས་ཡོད་ཉེས་ཅན་བར་མེ་མདའ་རྒྱག་རེས་བྱེད་སྐབས་གཅིག་དམར་གསོད་བཏང་ཡོད་པ་དང་གཞན་དེ་ཆུ་གྲོང་(Watertown)ཕྱོགས་སུ་བྲོས་ཡོད་འདུག བྷོ་སི་ཊོན་ཉེན་རྟོག་ལས་ཁུངས་ཀྱིས་བཀའ་ཁྱབ་བཏང་སྟེ་མི་ཚང་མ་སོ་སོའི་ཁྱིམ་དུ་སྡོད་དགོས་པ་དང་། ས་དེའི་ཉེ་འཁོར་དུ་ཡོད་པའི་ཧར་ཝར་ཌི་(Harward) དང་ཨེམ་ཨཡེ་ཊེ་(MIT) སློབ་ཆེན་སོགས་སྒོ་རྒྱག་ཏུ་བཅུག་ཡོད་འདུག ཉེན་རྟོག་དམག་མི་ཁ་སྣོན་ཐོག་ཆུ་གྲོང་ཁུལ་གྱི་སྲང་ལམ་ཁག་དམ་པོར་འགོག་སྲུང་གིས་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་བྱས་ཤིང་། ཐད་འཕུར་གནམ་གྲུ་གཉིས་ཆུ་གྲོང་ཁུལ་གྱི་མཁའ་དབྱིངས་སུ་ཕུར་སྐྱོད་ཀྱིས་འཚོལ་ཞིབ་བྱས་མཐར། ས་གནས་ཡུལ་མིའི་བརྡ་ལན་སྤྲད་པ་བརྒྱུད་ཉེས་ཅན་དེ་ཆུ་གྲོང་ས་གནས་ཀྱི་ཁྱིམ་ཚང་ཞིག་གི་ཁང་རྒྱབ་ཏུ་སྐོང་ཡོད་པ་ཉེན་ཐོག་པས་འཛིན་བཟུང་བྱེད་ཐུབ་ཡོད་ཅིང་། སྐབས་དེར་ཁོ་ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་སྟབས་སྨན་ཁང་དུ་བསྐྱལ་ཡོད་འདུག

མི་གཉིས་པ་དེ་འཇུ་བཟུང་བྱས་འཕྲལ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་འགད་རྫས་དོན་རྐྱེན་ཐད་མི་དེ་གཉིས་གཞན་སུ་དང་འབྲེལ་བ་ཡོད་མེད་ཞིབ་བཤེར་བྱ་དགོས་སྐོར་བརྗོད་འདུག་ལ། ཉེན་རྟོག་པས་བརྗོད་པ་ལྟར་ན། མི་དེའི་མིང་ལ་ཛོ་ཁཱར་ཚཱ་མའེ་(Dzhokhar Tsamaev) ཟེར་པ་དང་ལོ་ ༡༩ ཡིན་འདུག་ལ། མི་གཞན་དེ་ནི་རང་ལོ་ ༢༦ ཡིན་པའི་ཁོང་གི་སྤུན་ཆེ་བ་ཊ་མེར་ལན་ཚཱ་མའེ་(Tamerlan Tsamaev)ཞེས་པ་དེ་གཉིས་ཡིན་ཞིང་། ཁོང་གཉིས་ཀྱི་སྐྱེས་ཁུངས་རཱ་ཤཱི་ཡའི་ཁཱའུ་ཀཱ་སུ་(Caucasus) ས་གནས་ཀྱི་ཆཱེ་ཆཱི་ནེ་ཡ་ (Chechnya) གྲངས་ཉུང་མི་རིགས་ཡིན་པ་དང་། ༢༠༠༡ ལོ་ཙམ་ལ་ཨ་རིར་ཡོང་སྟེ་གནས་སྡོད་ཀྱིས་ད་ཆར་ཨ་རིའི་མི་སེར་ཆགས་ཡོད་འདུག

འགད་རྫས་དོན་རྐྱེན་དེ་ཁོ་གཉིས་ཀྱིས་བསྒྲུབས་པ་ཤེས་རྟོགས་བྱུང་རྗེས། ཨ་རིའི་ཝ་ཤིན་ཊོན་ནང་ཁོང་གཉིས་ལ་ཨ་ཞང་ཞིག་ཡོད་པ་དེས། ཆུང་ཆུང་ཡིན་དུས་ཁོང་གཉིས་ཉམས་ཆུང་ཡིན་སྐོར་དང་། ༢༠༠༩ ནས་ཕན་ཚུན་འབྲེལ་བ་མེད་སྐོར། ཐེངས་འདིར་འགད་རྫས་དོན་རྐྱེན་བཟོས་པ་དེས་རང་གི་ཁྱིམ་བརྒྱུད་དང་ཆཱེ་ཆཱི་གྲངས་ཉུང་མི་རིགས་ཀྱི་ངོ་ཚ་ཞིག་ཡིན་སྐོར་བརྗོད་འདུག་ལ།  རྗེས་སུ་གསར་འགོད་པས་ཁོ་གཉིས་ཀྱི་ཕ་མར་སྐད་ཆ་དྲིས་སྐབས། ཕ་མས་བུ་སྤུན་དེ་གཉིས་ལ་འགད་རྫས་གཏོར་པའི་བློ་སྤོབས་དང་ནུས་པ་མེད་སྐོར་དང་། དེ་ནི་གཞན་གྱིས་བཀོད་ཇུས་འོག་ཤོར་ཏེ་དོན་རྐྱེན་དེ་འདྲ་ཞིག་བསྒྲུབས་པའི་དོགས་པ་ཡོད་སྐོར་བརྗོད་འདུག གཞན་ཁོ་གཉིས་ལ་རྒྱུས་མངའ་ཡོད་མཁན་ཚོས་ཀྱང་བུ་སྤུན་དེ་གཉིས་ནམ་རྒྱུན་གཞན་དང་འགྲོག་འདྲིས་ལེགས་པ། བརྩི་མཐོང་ལྡན་པ་གཉིས་ཡིན་སྐོར་བརྗོད་འདུག

བུ་སྤུན་གཉིས་འཇུ་བཟུང་རྗེས་འདེད་སྐབས་སྤུན་ཆེ་བ་དམར་གསོད་བཏང་པའི་ཐད། རཱ་ཤཱི་ཡའི་ཆཱེ་ཆཱི་ནེ་ཡ་གྲངས་ཉུང་མི་རིགས་ས་གནས་མགོ་ཁྲིད་རཱམ་ཛན་(Ramzan Kadyrov) གྱིས་ཨ་རིའི་ཉེན་རྟོག་པས་ཆཱེ་ཆཱི་མི་རིགས་ཤིག་དམར་གསོད་བཏང་བར་སྐྱོན་བརྗོད་བྱས་དོན། “ བུ་སྤུན་གཉིས་ཨ་རིར་འཚར་ལོངས་དང་སློབ་སྦྱོང་བྱས་ཏེ། ཁོ་གཉིས་ཀྱི་བསམ་བློ་དང་གཤིས་ཀ་ཨ་རིའི་སྤྱི་ཚོགས་ཁྲོད་གྲུབ་པ་ཞིག་རེད་”ཅེས་བརྗོད་འདུག

གནས་ཚུལ་དེ་དག་གསལ་ཁ་བྱུང་རྗེས་དྲ་ལམ་ཁག་ཏུ། ཨ་རིའི་ནང་འཚར་ལོངས་དང་སློབ་སྦྱོང་བྱེད་མཁན་ན་གཞོན་འདི་གཉིས་ལ་ཕྱི་ཕྱོགས་ཀྱི་དྲག་སྤྱོད་པ་དང་འབྲེལ་བ་བྱུང་པའམ། དྲ་ལམ་ནས་དྲག་སྤྱོད་པའི་དྲིལ་བསྒྲགས་ལམ་སྟོན་འོག་ཤོར་པ། ཡང་ན་རང་ངོས་ནས་བྱ་སྤྱོད་དེ་འདྲ་ཞིག་སྤེལ་རྒྱུ་ཐག་གཅོད་བྱས་པ་བཅས་ཀྱི་སྐོར་ལ་གླེང་སློང་སྣ་ཚོགས་འབྱུང་བཞིན་འདུག

ཕྱི་ཚེས་ ༡༥ ཉིན་གྱི་ཨ་རིའི་མངའ་སྡེ་མཱ་སེ་ཆུ་སེ་ཊི་ (Massachusetts) ཡི་གྲོང་ཁྱེར་བྷོ་སི་ཊོན་(Boston) ནང་འཚོགས་བཞིན་པའི་ལོ་འཁོར་རྒྱང་རྒྱུག་འགྲན་བསྡུར་ཆེན་མོའི་སྐབས་ཀྱི་འགད་རྫས་གཏོར་རྒོལ་འོག མི་ ༣ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༡༧༦ ལ་རྨས་སྐྱོན་ཕོག་པའི་ཁྲོད་རྐང་ལག་བཅད་པ་སོགས་དབང་བོ་སྐྱོན་ཅན་ཆགས་པའང་མང་པོ་ཞིག་བྱུང་ཡོད་འདུག འགད་རྫས་དེ་དག་ནི་རླངས་སྐོལ་སྣོད་(Pressure cooker) ནང་རྫས་དང་ལྕགས་དུམ་སོགས་བླུགས་ཏེ་བཟོས་ཡོད་འདུག

ཉིན་དེའི་རྒྱང་རྒྱུག་རྩེད་འགྲན་དེ་ནི། ༡༧༧༥ ལོའི་ཨ་རིའི་གསར་བརྗེ་དམག་འཁྲུག་གི་དྲན་གསོའི་རྩེད་འགྲན་ཞིག་ཡིན་པ་དང་། ཨ་རིའི་རྒྱལ་ཁོངས་ཀྱི་ལོ་འཁོར་རྩེད་འགྲན་ཆེ་ཤོས་ཤིག་ཡིན་པ་མ་ཟད། འཛམ་གླིང་ནང་གི་ལོ་འཁོར་རྒྱང་རྒྱུག་རྩེད་འགྲན་རྙིང་ཤོས་དེ་ཡང་ཡིན་འདུག ཐེངས་འདིའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨ་རི་གཙོས་པའི་རྒྱལ་ཁབ་ ༩༠ ལྷག་གི་འཐུས་མི་ ༢༨༠༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese