མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ཡིག་ས་མིག་ ༦ གི་ཐོག་ཡིག་རྒྱུཊ་འཕྲོད་མཁན་ ༢ བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་གཞུང་ཞབས་རྒྱ་ཡིག་ཡིག་རྒྱུགས་ཁྲོད་ས་མིག་ ༦ ཡོད་པའི་ཐོག ཡིག་རྒྱུཊ་གཏོང་མཁན་ ༣ བྱུང་ཡོད་པའི་ནང་རྒྱུགས་འཕྲོད་མཁན་ ༢ ལས་བྱུང་མི་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༦ དང་ ༡༧ ཉིན་བར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་བོད་མིའི་སྒྲིག་འཛུགས་གཞུང་ཞབས་ཁོངས་སུ་དྲུང་གཞོན་དང་དྲུང་གཞོན་ལས་རོགས། སྡེ་ཚན་འགན་འཛིན་བཅས་གནས་རིམ་མི་འདྲ་བའི་ས་མིག་ ༦ ཐོག རྒྱ་ཡིག་ཤེས་མཁན་གྱི་གཞུང་ཞབས་བསྡུ་བའི་ཡིག་རྒྱུགས་ཤིག་བཏང་ཡོད་པའི་ཁྲོད། དྲུང་གཞོན་གནས་རིམ་ཐོག་ཡིག་རྒྱུགས་འཕྲོད་མཁན་གཅིག་དང་། དྲུང་གཞོན་ལས་རོགས་སུ་ཡིག་རྒྱུགས་འཕྲོད་མཁན་གཅིག་བཅས་ལས་བྱུང་མི་འདུག

འདི་གའི་གསར་འགོད་པས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ། ད་ལོའི་རྒྱ་ཡིག་གཞུང་ཞབས་སྐོར་ལ་བཀའ་འདྲི་ཞུས་པར། བཀའ་ཤག་གིས་ལྷན་ཁང་ཁག་ཏུ་རྒྱ་ཡིག་ས་མིག་ ༦ ཟུར་འཇོག་གནང་ཡོད་ཀྱང་། དེ་ལ་སྙན་ཞུ་འབུལ་མཁན་ ༤ ལས་བྱུང་མེད་པ་དང་། དེའི་ཁྲོད་ཀྱི་མི་གཅིག་གི་སྐྱབས་བཅོལ་ལག་དེབ་དུས་ཐོག་ཐོ་འགོད་བྱས་མ་ཐུབ་པས་དབང་གིས་ཡིག་རྒྱུགས་ནང་ཞུགས་ཐུབ་མེད་པ་བཅས་ལ་བརྟེན་ཏེ། མཐར་ཡིག་རྒྱུགས་ནང་དངོས་སུ་ཞུགས་མཁན་ ༣ བྱུང་ཡོད་པའི་ཁྲོད། དྲུང་གཞོན་གནས་རིམ་ཐོག་མི་གཅིག་དང་། དྲུང་གཞོན་ལས་རོགས་སུ་མི་གཅིག་བཅས་ཡིག་རྒྱུགས་འཕྲོད་མཁན་ ༢ ལས་མི་འདུག་ཟེར།  

འཇམ་དཔལ་ཆོས་བཟང་ལགས་ཀྱིས་མུ་མཐུད་བརྗོད་ན། ཐེངས་འདིར་ཡིག་རྒྱུགས་གཏོང་མཁན་མི་བཞི་ལས་མ་བྱུང་བ་ནི། གཅིག་ནས་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཡག་པོ་ཡོད་མཁན་ཉུང་ཉུང་ཡིན་པ་དང་། གཉིས་ནས་བོད་རྒྱའི་སྐད་ཡིག་གི་ཤེས་ཚད་ཡོད་ཀྱང་སྐྱབས་བཅོལ་ལག་དེབ་དུས་ཐོག་ཐོ་འགོད་མ་བྱས་བཅས་ལ་བརྟེན་ཏེ་ཡིག་རྒྱུཊ་ནང་ཞུཊ་ཐུབ་མེད་པ། ཉེ་སྔོན་རྒྱ་གར་གྷོ་ཇི་རཱ་ཐིའི་ཚོང་ལས་སྡེ་ཁག་ཅིག་ཏུ་ལས་ཀ་བྱེད་མཁན་ཞིག་གིས་སྙན་ཞུ་འབྱོར་ཡོད་ཀྱང་ཁོས་དཔྱ་ཁྲལ་ལག་དེབ་ཐོ་འགོད་བྱེད་ཀྱི་མེད་སྟབས། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་དབྱིན་ཇིའང་གང་འཚམ་ཡག་པོ་འདུག་ཀྱང་། ཆ་རྐྱེན་མ་ཚང་བའི་ཐོག་ནས་ཡིག་རྒྱུགས་ནང་ཞུཊ་ཐུབ་མེད་སྐོར་བརྗོད་བྱུང་།

གསར་འགོད་པས་འཇམ་དཔལ་ཆོས་བཟང་ལགས་སུ་མ་འོངས་པར་གཞུང་ཞབས་ཁོངས་རྒྱ་ཡིག་ལས་བྱེད་བསྡུ་འཆར་ཡོད་མེད་དང་ཐེངས་འདིར་རྒྱ་ཡིག་གཞུང་ཞབས་ཁོངས་ཡིག་རྒྱུགས་གཏོང་མཁན་ཉུང་ཤས་ལས་མེད་པར་གཟིགས་ཚུལ་ཅི་ཡོད་དྲིས་སྐབས། “ ད་ཐེངས་གཞུང་ཞབས་ཁོངས་རྒྱ་ཡིག་ས་མིག་ ༦ སྤྲད་ཡོད་ཀྱང་ཡིག་རྒྱུགས་གཏོང་མཁན་ ༣ ལས་བྱུང་ཡོད་པ་མ་རེད། ས་མིག་ལྷག་མ་ ༤ དེ་ཁ་སྐོང་ཆེད་མི་འགྱངས་བར་བསྐྱར་དུ་གསལ་བསྒྲགས་སྤེལ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ནང་རྒྱ་ཡིག་བོད་ཡིག་ཕར་སྒྱུར་ཚུར་སྒྱུར་ཐུབ་པ་དེ་འདྲ་དགོས་པ་ལས་རྒྱ་སྐད་བཤད་ཤེས་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། ཡིན་ནའང་། སྐབས་བཅུ་བཞི་པའི་བཀའ་ཤག་གིས་རྒྱ་ཡིག་དེ་ད་ལྟའི་བོད་མིའི་འཐབ་རྩོད་ཐོག་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་སྟབས། མ་འོངས་པར་གཞུང་ཞབས་ཁོངས་རྒྱ་ཡིག་ས་མིག་ཇེ་མང་དུ་གཏོང་སྲིད་པ་རེད ”ཅེས་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནང་ཆོད་གན་ལས་བྱེད་ནས་དྲུང་གཞོན་གནས་རིམ་ཐོག་ཡིག་རྒྱུགས་འཕྲོད་མཁན་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས་སུ། ཡིག་རྒྱུགས་གཏོང་ཕྱོགས་དང་རྒྱ་ཡིག་གི་གལ་གནད་སྐོར་ལ་བཅར་འདྲི་ཞུས་པར། “ད་ལོའི་ཡིག་རྒྱུགས་གཏོང་ཕྱོགས་དེ་ཁྱབ་ཆེན་པོ་དང་སྣ་འཛོམས་པོ། ཞིབ་ཚགས་པོ་ཡིན་པ་མ་ཟད། བོད་ཡིག་དང་རྒྱ་ཡིག་ཆུ་ཚད་ངོ་མ་གང་འདྲ་ཞིག་ཡིན་པ་ཚད་འཇལ་ཐུབ་པའི་རྣམ་པ་ཞིག་མཐོང་སོང་། རྩིས་ཀྱི་ཡིག་རྒྱུགས་དེ་ནམ་རྒྱུན་གྱི་ཨང་རྩིས་དང་མི་འདྲ་བར་འཛིན་སྐྱོང་དང་འབྲེལ་བའི་རྩིས་ཆཊ་ཡོད་སྟབས་དཀའ་ངལ་ཏོག་ཙམ་འཕྲད་སོང་། སྔོན་མ་ ༡༩༩༠ ནང་གཞུང་ཞབས་ཁོངས་རྒྱ་ཡིག་ལས་བྱེད་ཁག་ཅིག་བསྡུས་པ་རེད། དེའི་རྗེས་ད་བར་བོད་གཞུང་ནང་རྒྱ་ཡིག་ཐོག་གཞུང་ཞབས་བསྡུས་ཡོད་ས་མ་རེད། ང་རང་གིས་བསམ་ན་བོད་མིའི་འཐབ་རྩོད་ནང་རྒྱ་ཡིག་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། རྒྱུ་མཚན་དང་པོ་བོད་རང་དབང་འཐབ་རྩོད་བྱེད་ས་དེ་རྒྱ་ནག་ཡིན་པ་དང་། གཉིས་པ་བོད་དང་ས་འབྲེལ་ཆཊ་ཡོད་པ་བཅས་ལ་བརྟེན་ཏེ་གཞུང་ཞབས་ཙམ་དུ་མ་ཟད། མི་དམངས་རང་བཞིན་གྱིས་རྒྱ་ཡིག་ལ་དོ་སྣང་སྤྲོད་རྒྱུ་གལ་ཆེན་པོ་རེད”ཅེས་བརྗོད་སོང་།

ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་ནང་ཆོད་གན་ལས་བྱེད་ནས་དྲུང་གཞོན་ལས་རོགས་གནས་རིམ་ཐོག་ཡིག་རྒྱུགས་འཕྲོད་མཁན་ཡེ་ཤེས་བསྟན་འཛིན་ལགས་སུ་དགོངས་ཚུལ་དྲིས་པར། “ཡིག་རྒྱུགས་གཏོང་ཕྱོགས་སྤྱིའི་ཆ་ནས་ཡག་པོ་འདུག ཡིན་ནའང་། ང་རང་སྒེར་གྱི་བསམ་ཚུལ་ཡིན་ན། ཡིག་རྒྱུགས་ནང་བོད་གཞུང་གི་སྔོན་རྩིས་དང་འབྲེལ་བ་ཡོད་པ་ཞིག་བཏང་འདུག དེ་ཚོ་ཉམས་ཞིབ་ཀྱི་ལས་ཀ་བྱེད་མཁན་དང་ཐད་ཀར་འབྲེལ་བ་ཆཊ་ཡོད་པ་མ་རེད། དེང་སང་དབྱིན་ཇི་སྐད་ཡིག་དེ་འཛམ་གླིང་ཐོག་སྐད་ཡིག་ཨང་དང་པོ་ཆགས་ཡོད་སྟབས། དངུལ་རྩིས་ཀྱི་ཚབ་ཏུ་དབྱིན་ཇིའི་ཡིག་རྒྱུགས་བཞག་ན་ཡག་པོ་འདུག་དྲན་སོང་། དེང་སྐབས་འཛམ་གླིང་སྟེང་སྐད་ཡིག་འདྲ་མིན་ཡོད་པའི་ནང་། དབྱིན་ཇི་ཕུད་པའི་སྐད་ཡིག་ཁྱབ་ཆེ་ཤོས་རྒྱ་ཡིག་ཆགས་ཡོད། བོད་ཀྱི་གནད་དོན་ཐོག་ཆ་བཞག་ནའང་ང་ཚོའི་ཁ་གཏད་རྒྱ་ནག་ཆགས་ཡོད་སྟབས། རྒྱ་གཞུང་གི་སྲིད་བྱུས་ལངས་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཚང་མ་རྒྱ་ཡིག་ཁོ་ནའི་ཐོག་ཡོང་གི་ཡོད། དེ་བཞིན། རྒྱ་གཞུང་གིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་པ་དང་བོད་གཞུང་ལ་མ་ཉེས་ཁ་གཡོག་བྱེད་པ། བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་ལ་འཁྱོག་བརྗོད་བྱེད་བཞིན་པ་ཚང་མ་རྒྱ་ཡིག་ནང་ཡོད་སྟབས། གནས་སྟངས་དེ་དག་གསལ་པོ་ཤེས་རྟོགས་ཡོང་དགོས་ན་རྒྱ་ཡིག་དེ་མེད་དུ་མི་རུང་བ་ཞིག་ཆཊ་ཡོད་པ་རེད”ཟེར།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

སྐར་མ ༤༧ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༡ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུ་འཁྲིད་པའི་ཞུ་གཏུག་ཚོགས་ཆུང་གིས་རྒྱ་གར་གྱི་དབུས་བློན་ཆེན་ཀེ་རིན་རི་ཇི་ཇུ་(Shri. Kiren Rijiju)མཆོག་དང་མཇལ་བ།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

༢༠༢༥/༡༢/༡༧

མཆན། 6

  1. གྲྭ་ལོག says:
    ལོ་ 13 སྔོན།

    ཚེ་རྡོར་ནས་གསུངས་པ་ཅི་མ་བདེན། མ་གཞི་ནས་ཅང་ལས་འདོད་མེད་པ་གསལ་བོ་རེད་པཱ། ལས་འདོད་མེད་དུས་རང་དོན་ནང་ནས་ཚེ་རྫོགས་འགྲོ་བ་རེད། སྡེ་བ་གཞུང་གི་ན་ཚ་དེ་བཙན་བྱོལ་ནང་ད་དུང་དག་མེད་ཡ།། ད་བཤད་ནས་ཅི་ཕན། རྒྱ་ནག་གིས་རྐུབ་ལ་མེ་བཙའ་བཞག་ཏེ་སྣ་ཁུངས་ནང་དུ་བ་ཐོན་མ་བཅུག་ན་འདི་ཚོས་ལས་དོན་ཡག་པོ་ཞིག་རྩ་བ་ནས་ལས་ཀི་མ་རེད།

    Reply
  2. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    གནད་འགག་གང་འདུག་ཟེར་ན། བོད་རྒྱ་སྐད་གཉིས་ཤེས་མཁན་ནི་གསོ་སྐྱོང་རྒྱ་ནག་གིས་བྱ་དགོས་པ་དང་། བེད་སྤྱོད་བོད་གཞུང་གིས་གཏོང་འདོད་པ་འདི་འགྲིག་མི་འདུག རང་ལ་མཁོ་བའི་བོད་རྒྱ་སྐད་གཉིས་རང་སྐྱ་ཐུབ་པའི་གཞུང་ཞབས་དགོས་ན། དང་པོ་གཞུང་གི་ཤེས་ཡོན་སློབ་གསོ་ལ་བརྟེན་ནས་གསོ་སྐྱོང་བྱ་དགོས་པ་མ་གཏོགས། གསོ་སྐྱོང་གི་ཁོར་ཡུག་དང་མཐུན་རྐྱེན་མི་སྐྲུན་པར་བསྡུ་ཆོག་ཆོག་དང་བཀོལ་ཆོག་ཆོག་གི་གཞུང་ཞབས་རག་འདོད་པ་དེ་གང་ན་འགྲིག
    འཛམ་གླིང་ན་མི་གྲངས་མང་ཤོས་ཨང་དང་པོ་དང་གཉིས་པ་ནི་རྒྱ་ནག་དང་རྒྱ་གར་ཆགས། མི་གྲངས་མང་ཤོས་ནི་བོད་དོན་དྲིལ་སྒྲོག་གི་དམིགས་འབེན་གྱི་ཐོག་མར་འཇོག་དགོས། འོན་ཀྱང་། བོད་གཞུང་གི་སློབ་གསོའི་འོག་ནས་རྒྱ་ཡིག་རང་རྐྱ་ཐུབ་མི་གང་འཚམ་ཞིག་གསོ་སྐྱོང་བྱ་ཐུབ་པ་ཕར་ཞོག བཙན་བྱོལ་སློབ་གྲྭ་ལས་ཐོན་པའི་བོད་ཕྲུག་ཁྲི་ལས་བརྒལ་བ་ཚོའི་ཁྲོད་ན་ཧིན་རྡུའི་སྐད་ཡིག་རང་རྐྱ་ཐུབ་པ་ཧ་ཅང་ཉུང་བ་མ་ཟད། དབྱིན་ཡིག་རང་རྐྱ་ཐུབ་པའང་བརྒྱ་ཆའི་ཉུང་ངུ་ལས་མེད་པ་གསལ། ཤེས་ཡོན་གྱི་ཞིང་ས་ལ་བདག་སྐྱོང་ཡག་པོ་མི་བྱེད་པར་ལོ་ཏོག་བཟང་པོ་ཟ་འདོད་པ་ཨ་མཚར།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ཤེས་ཚད་ལ་ཚད་འཛིན་བྱེད་ལོས་དགོས་མོད། སྔོན་མར་གཞུང་གི་ལས་བྱེད་པའི་ཁོངས་སུ་འཛུལ་ཞུགས་བྱེད་མཁན་མང་པོ་ཞིག་ལ། ལག་འཁྱེར་རྐྱང་རྐྱང་གིས་ཚད་བཀག་བྱས་པ་རེད་ལ། མཐོང་ཆེན་ཡང་བྱས་པ་ཉུང་ཉུང་མ་རེད་དམ།

    ད་ནི། ཕྱིས་དྲགས་པ་མ་རེད་དམ། གང་གིས་ཟེར་ན། ཤེས་ཚད་ཡོད་མཁན་རྣམས་གང་སར་ཤོར་ཚར་བ་རེད། དེང་སང་། སྔོན་མར་འདྲ་བོ་མ་རེད། ཕྱོགས་མང་པོ་མཐོང་ཐུབ་ཀྱི་ཡོད་རེད་ལ། སྒེར་སོ་སོའི་ངོས་ནས་འགུལ་བསྐྱོད་རྒྱག་སའི་ཁོར་ཡུག་ཇེ་ཡངས་རེད།

    ཤེས་ཡོན་པ་བེད་སྤྱོད་གཏོང་དགོས་ན། མཐུན་རྐྱེན་དང་གོ་སྐབས་བསྐྲུན་དགོས་པ་རེད། མ་གཏོགས་ལམ་དང་ལུགས་སྲོལ་མང་པོ་ཞིག་གིས་སྲིད་ཞུ་བའི་ཁོངས་སུ་ཤེས་འཇོན་གཉིས་ལྡན་ཆེས་མང་པོ་བཅུགས་མ་ཐུབ་ན། གཞུང་གི་ནུས་པའི་རང་མདངས་གང་འདྲ་ཡིན་ནམ།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྒྱུགས་སྤྲོད་ལ་འཛུལ་ཞུགས་བྱེད་མཁན་མི་༣ ལས་མེད་པ་འདིས་ཅི་ཞིག་མཚོན་ནམ།
    མ་གཞི་ནས་རྒྱ་བོད་རང་སྐྱ་འཕེར་མཁན་གསར་འབྱོར་ཚང་མ་ཨ་རིག་འགྱུར་མེད་ཀྱིས་གསུངས་པ་དངོས་བདེན་རེད་ལ་རྒྱ་བོད་གཉིས་ཀར་ལྟ་བཟོ་བལྟས་བཟོ་མེད་པའི་གསར་འབྱོར་གྲྭ་ལོག་ཤར་ཁུག་ལྟ་བུ་འགའ་ཤས་དང་། སྲང་ལམ་ཁག་ལ་བག་ལེབ་འཚོང་མཁན་རྒྱ་རྙི་སོགས་འགའ་ལས་མེད་ཚོད་རེད།

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 13 སྔོན།

    “གཅིག་ནས་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཡག་པོ་ཡོད་མཁན་ཉུང་ཉུང་ཡིན་” ཞེས་པ་འདི་བདེན་ངེས་ཡིན།
    རྒྱུ་མཚན་ལོ་དུ་མིན་རིང་ངྷ་ས་ནས་སྤྲང་བོ་དང་འཁྱམ་པོ་སྡོམ་པོའི་འཚོ་བ་རོལ་བའི་རྒྱ་བོད་རང་སྐྱ་ཐུབ་པའི་གསར་འབྱོར་བ་གང་མང་མང་ཞིག་དེང་སྐབས་ཡུ་རོབ་གླིང་དང་། ཕྱིར་བོད་ཡུལ་གང་རུང་ལོག་ཟིན།
    འཆར་གཞི་འདི་ལོ་འགའི་སྔོན་ནས་་་་་་་་་་་་
    ད་བསུན་གི

    Reply
  6. ཤག་སྒང་པ། says:
    ལོ་ 13 སྔོན།

    ང་ཚོའི་སྤྱི་ཚོགས་ནང་ངས་བོད་ཡིག་ཤེས། ངས་རྒྱ་སྐད་ཤེས། ང་དང་ང་ཚོ་ལ་གོ་སྐབས་མ་ཐོབ། འདི་དང་དེ་ཚོས་འཇོན་གྱི་མི་འདུག་ཟེར་ནས་སྡིགས་དམོད་བྱེད་མཁན་ཧ་ཅང་མང་བ་མཐོང་དང་མཐོང་མུས་རེད།

    དངོས་སུ་ས་མིག་ཅིག་ལ་མི་ཆའི་དགོས་མཁོ་ཡོད་པའི་གསལ་བསྒྲགས་བསྐྱངས་རྗེས། དེར་འཛུལ་ཞུགས་ཀྱིས་འཇོན་རྩལ་སྟོན་མཁན་ཧ་ཅང་དཀོན་པ་ནི་ང་ཚོ་རྩམ་གཟན་པའི་རང་བཞིན་ལས་དབང་ཉིད་དུ་བསམས།

    བོད་རྒྱ་སྐད་ལ་འཇོན་རྩལ་དང་ཁ་སྙན་མིན་པའི་བློས་བཏང་དྲང་མོའི་མདའ་ཞིག་ཡོད་ན། ས་མིག་སྟོང་པ། སྤྱི་མང་ཞབས་ཞུའི་དགོས་སྐབས་སྤྱི་སྒེར་དུ་མའི་སྒོ་མོ་ཕྱེ་ནས་འདུག་པས་ཆུ་ཟུར་ནས་མ་དམོད་པར་ཆུ་ནང་དུ་ཞུགས་དང་དེ་ནས་རིམ་པར་གསལ་པོ་ཆགས་ངེས་རེད།

    བདུན་མཇུག་སྤྲོ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese